རོང་བྲག་ཏུ་གུང་སེང་རིང་ཡུལ་སྐོར་བ་མི་ཐེངས་ཁྲི་8.6སླེབས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-07


    ཟླ་5ཚེས་5ཉིན།། ད་ལོའི་ལྔ་གཅིག་དུས་ཆེན་གྱི་གུང་སེང་ཐུང་ངུ་མཇུག་རྫོགས་པ་དང་། ཟླ་5ཚེས་5ཉིན་གྱི་ཉིན་གུང་ཆུ་ཚོད་12བར། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་དུ་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི་8.6སླེབས་ཡོད་ཅིང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་9484.2བྱུང་ཡོད།
    རོང་བྲག་རྫོང་ཁོངས་ཀྱི་རྒྱལ་ཁབ་ཀྱི་4Aརིམ་པའི་མཛེས་ལྗོངས་ཁུལ་བརྒྱ་གཅིག་བོད་སྡེར་དེ་སྔ་ནས་“ཀྲུང་གོའི་གྲོང་སྡེ་མཛེས་ཤོས་”ཞེས་པའི་མཚན་སྙན་ཡོད་ཅིང་། དུས་མཚུངས་སུ་“བོད་ཁུལ་གྱི་བྱིས་སྒྲུང་གི་འཇིག་རྟེན”དང་“ཁམས་པའི་ཡུལ་སྲོལ་གྱི་ཁ་བྱང་”ཞེས་པའི་མཚན་སྙན་ཡང་ཡོད། ལྔ་གཅིག་གུང་སེང་རིང་། ཡུལ་སྐོར་བ་ཚོ་མཛེས་ལྗོངས་ཁུལ་གྱི་ས་གནས་ཚང་མར་འགྲོ་དུས། ལས་དོན་མི་སྣ་དང་གྲོང་མིས་ཉིན་ལྟར་སྒྲིག་ཆས་དང་ཁོར་ཡུག་ལ་དུག་སེལ་བྱེད་པ་དང་། མི་འགྲོ་འོང་བྱེད་ས་དང་མགྲོན་ཁང་ཚང་མར་མིང་ཐོ་འགོད་པ། བདེ་ཐང་གི་ཨང་གྲངས་སྟོན་པ། ཚ་བ་ལྟ་བ། བར་ཐག་སྨི་གཅིག་བཞག་ནས་སྤ་སེ་འཚོང་སྟེ་ལྗོངས་ཁུལ་ཏུ་འཛུལ་དགོས་པ་སོགས་ཤེས་རྟོགས་བྱུང་ཡོད་པ་རེད། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ཀྱང་འགྲུལ་པའི་ཡུལ་སྐོར་བདེ་འཇགས་དང་། ཁྲོམ་རའི་སྒྲིག་ལམ་།  མི་སྒེར་གྱི་བདེ་འཇགས་སོགས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་རེད།

    བརྒྱ་གཅིག་གྲོང་སྡེའི་ཡུལ་མིའི་མགྲོན་ཁང་གི་སྦྱིན་བདག་སྐལ་བཟང་ལྷ་མོས། ད་ལོའི་ལྔ་གཅིག་དུས་ཆེན་རིང་། ཁོང་མོའི་ཁྱིམ་གྱི་ཁང་མིག་ཚང་མ་སྔོན་ནས་མངགས་ཟིན་པ་མ་ཟད། གྲོང་སྡེ་ཡོངས་ཀྱི་ཡུལ་མིའི་མགྲོན་ཁང་མང་ཆེ་བ་སྔོན་ནས་མངགས་ཏེ་ཚོང་ཡག་པོ་བྱུང་ཡོད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། རོང་བྲག་རྫོང་ཁོངས་ཀྱི་བརྒྱ་གཅིག་སོགས་མཛེས་ལྗོངས་ཁུལ་དུ་འགྲུལ་པ་ཞག་སྡོད་བྱེད་ཚད་80%ཡན་ཟིན་ཡོད་ཅིང་། ས་གནས་དེ་གའི་རྫོང་ཨུད་དང་། སྲིད་གཞུང་གིས། ཡུལ་མའི་མགྲོན་ཁང་ཁག་གིས་གཉེར་སྐྱོང་བྱེད་པ་དང་དུས་མཚུངས། དང་ཐོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་ལག་བསྟར་ནན་པོ་བྱེད་དགོས་པ་དང་། ཡུལ་མིའི་མགྲོན་ཁང་ཁག་གི་རྒྱལ་སྒོའི་མདུན་དུ་“ཁ་རས་རྒྱོབ་རོགས”ཞེས་པའི་དྲན་སྐུལ་ཡི་གེ་སྦྱར་དགོས་པ་དང་ཞག་སྡོད་འགྲོ་ལུགས་གཉེར་སྐབས་བདེ་ཐང་ཨང་གྲངས་དང་ཚ་བ་ལྟ་དགོས་ཤིང་། ཁང་མིག་ཚང་མར་མགྲོན་པོ་མ་བསྡད་གོང་དུག་སེལ་སོགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1