གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༠༧ཉིན།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།


ཟླ་ལྔ་བའི་ཚེས་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཆེས་གསར་བའི་རིམས་ནད་གནས་ཚུལ་དང་དེ་མིན་ཧུའུ་པེ་ཞིང་ཆེན་དུ་སོང་བའི་རོགས་སྐྱོར་སྨན་བཅོས་རུ་ཁག་གིས་སྨན་བཅོས་མྱུར་སྐྱོབ་བྱ་བ་བསྒྲུབས་པའི་གནས་ཚུལ་མཚམས་སྦྱོར་བྱས།

ཟླ་ལྔ་བའི་ཚེས་བཞི་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་བསྡོམས་པས་པྲོག་གསར་གློ་ཚད་ལ་ངོས་འཛིན་བྱས་པའི་ནད་པ་ཁྲི་བརྒྱད་དང་སྟོང་གཉིས་བརྒྱད་བརྒྱ་གྱ་གཅིག་ཡར་ཞུ་བྱས་ཤིང་། དེའི་ནང་དུ་བསྡོམས་པས་ཕྱི་ནས་ནང་ལ་མཆེད་པའི་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་དང་དྲུག་བརྒྱ་དོན་དྲུག་ཡོད་པ་དང་། ཉིན་དེར་ངོས་བཟུང་བའི་ནད་པ་གཅིག་འཕར་སྣོན་བྱུང་ཞིང་ནད་པ་དེ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་ཡིན། ཟླ་ལྔ་བའི་ཚེས་བཞི་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ད་ལྟ་ཕྱི་ནས་ནང་ལ་མཆེད་པའི་པྲོག་གསར་གློ་ཚད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་སུམ་བརྒྱ་དང་ཉེར་ལྔ་ཡོད་པ་དང་། དེའི་ནང་དུ་ནད་པ་ལྗིད་མོ་ལྔ་ཡོད་ལ། བསྡོམས་པས་ནད་པ་སྟོང་གཅིག་དང་སུམ་བརྒྱ་ང་གཅིག་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པ་དང་ནད་པ་གཅིག་ཀྱང་ཤི་མེད། ཟླ་ལྔ་བའི་ཚེས་བཞི་ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད་ཉེར་བཞིའི་བར། གསོ་རིག་ཐད་ནས་བརྟག་དཔྱད་བྱེད་པའི་ནད་རྟགས་མི་མངོན་པའི་འགོས་ནད་ནད་པ་བཅོ་ལྔ་འཕར་སྣོན་བྱུང་ཞིང་དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་གཉིས་ཡོད་ལ། གསོ་རིག་ཐད་ནས་བརྟག་དཔྱད་བྱེད་པའི་ནད་རྟགས་མི་མངོན་པའི་འགོས་ནད་ནད་པ་དགུ་བརྒྱ་དང་ཞེ་བདུན་ཡོད་པ་དང་དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་གོ་བཞི་ཡོད།

སྒྲོག་སྤེལ་ཚོགས་འདུའི་སྟེང་།  པེ་ཅིན་ཞེ་ཧི་སྨན་ཁང་གིས་ཧུའུ་པེ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་སྨན་བཅོས་མྱུར་སྐྱོབ་བྱ་བ་བསྒྲུབས་པའི་གནས་ཚུལ་མཚམས་སྦྱོར་བྱས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1