བོད་རྒྱལ་མོ་རོང་གི་འཚེམ་དྲུབ་ལག་རྩལ་འདི་ལྟར་བརྒྱུད་འཛིན་བྱས།

བདེ་ཆེན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-09


བོད་རྒྱལ་མོ་རོང་གི་འཚེམ་དྲུབ་ལག་རྩལ་འདི་ལྟར་བརྒྱུད་འཛིན་བྱས།

  ཉེ་ཆར། རོང་བྲག་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་རོང་བྲག་བོད་ཀྱི་འཚེམ་དྲུབ་ཁྱད་ལྡན་ཐོན་ཁུངས་དང་གྲོང་སྡེའི་ངལ་རྩོལ་ནུས་ཤུགས་རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། དུས་ཡུན་ཉིན་བཅུ་ཡི་རིང་ལ་“2020ལོར་རོང་བྲག་རྫོང་མི་རིགས་ལག་ཤེས་བཟོ་ལས་ཀྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ”ཞེས་པ་སྒྲིག་འཛུགས་བྱས་ནས་སྦྱོང་བརྡར་བྱས་ཡོད་པ་རེད། མི46གསོ་སྦྱོང་དུ་ཞུགས་ཤིང(དེའི་ནང་ཡིག་ཚགས་དང་བྱང་བུ་བཟོས་པའི་མི་སྣ10ཚུད་པ)བདེ་བླག་ངང་གསོ་སྦྱོང་མཇུག་སྒྲིལ་ཡོད་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། གསོ་སྦྱོང་འཛིན་གྲྭས་བོད་ཀྱི་འཚེམ་དྲུབ་རྩལ་ནུས་དགེ་རྒན་ཆེན་མོ་བཀྲ་ཤིས་ལྷ་མོ་དང་ཁམས་ཀྱི་ཤེས་ཡོན་མི་སྣའི་རྩལ་ནུས་གསོ་སྦྱོང་སློབ་གྲྭའི་དགེ་རྒན་རྒན་གྲས་གདན་དྲངས་ནས་མཉམ་དུ་སློབ་ཁྲིད་བྱས་པ་དང་། སླད་ཕྱིན་སློབ་མ་ཚོས་དགེ་རྒན་གཉིས་ཀྱིས་མཁོ་འདོན་བྱས་པའི་ཕྱིར་འཚོང་ཐབས་ལམ་བརྒྱུད་དེ་རང་ཁྱིམ་ནས་ལས་ལམ་གསར་གཏོད་ལས་ཞུགས་ཐུབ་པ་བྱ་རྒྱུ་རེད།

   ད་ཐེངས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པ་དེས་རྫོང་དེའི་ཁྱད་ལྡན་རིག་གནས་བརྒྱུད་འཛིན་དང་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག།  ད་དུང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཀྱི་ཡོང་འཕར་ཐབས་ལམ་རྒྱ་ཆེར་ཕྱིན་པ་དང་ཏོག་གསར་གློ་རིམས་ཀྱིས་རྫོང་དེའི་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་ལ་ཐེབས་པའི་ཤུགས་རྐྱེན་ངན་པ་ཆུང་དུ་ཕྱིན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1