སི་ཁྲོན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཁྲེན་ཏུའུ་རུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-11


        2020ལོའི་ཟླ་5བའི་ཚེས་9ཉིན། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཁྲེང་ཏུའུ་རུ་བསྡུ་ཚོགས་བྱས།

        སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་འགོ་འཛུགས་མཛད་སྒོ་དེ་རིང་སྔ་དྲོའི་ཆུ་ཚོད་དགུའི་སྟེང་དུ་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཅིང་ཚོམས་ཆེན་དུ་དངོས་སུ་བསྡུ་ཚོགས་བྱས་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།འགོ་འཛུགས་མཛད་སྒོའི་ལག་བསྟར་ཀྲུའུ་ཞི་ཕེང་ཆིང་ཧྭ་ཡིས་གྲོས་ཚོགས་ཀྱི་འགོ་འཛུགས་མཛད་སྒོ་ལ་གཙོ་འཛིན་མཛད་པ་དང་། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་དབྱིན་ལི་ཡིས་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་ཕུལ་བ་རེད།

        དེ་རིང་གི་གྲོས་ཚོགས་སུ་ཞུགས་འོས་པའི་འཐུས་མི་876ཡོད་ལ། དངོས་སུ་ཚོགས་ཞུགས་བྱས་པའི་འཐུས་མི་841ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད། ཚོགས་ཆེན་གྱི་ཉིན་རེའི་ལས་རིམ་བཀོད་སྒྲིག་ལྟར། དེ་རིང་གི་ཚང་འཛོམས་གྲོས་ཚོགས་ལ་ཁྱོན་གྲོས་རིམ་ལྔ་ཡོད་པ་དང་། གྲོས་རིམ་དང་པོར་ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་དབྱིན་ལི་ཡིས་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་ཕུལ་བ་དང་། གྲོས་རིམ་གཉིས་པར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུ་དང་2020ལོའི་སྔོན་རྩིས་འཆར་འགོད་འཆར་ཟིན་གྱི་སྙན་ཞུ་ལ་ཞིབ་བཤེར་བྱས་ལ། གྲོས་རིམ་གསུམ་པ་ནི་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་2019ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་2020ལོའི་སྔོན་རྩིས་འཆར་འགོད་འཆར་ཟིན་གྱི་སྙན་ཞུ་ལ་ཞིབ་བཤེར་བྱས། གྲོས་རིམ་བཞི་བར་སི་ཁྲོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ཝང་ཧྲུའུ་ཅིང་གིས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་ལ་ཕུལ་བར་ཉན་འཇོག་གནང་བ་དང་གྲོས་རིམ་ལྔ་བར་སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་དཔོན་ཧྥུང་ཅན་གྱིས་སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་ཕུལ་བ་བཅས་ལ་ཉན་འཇོག་གནང་ཡོད་པ་རེད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1