སྲིད་གྲོས་ཨུ་ཡོན་ཞིག་གིས་གྲོས་གཞི་འདི་འདྲ་ཞིག་བཏོན་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-11



     སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོའི་ཆུ་ཚོད3པའི་སྟེང་ཁྲེན་ཏུའུ་གྲོང་ཁྱེར་ཅིན་ཉུའུ་མགྲོན་ཁང་ཆེན་མོ་རུ་བསྡུ་འཚོགས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བློ་མཐུན་ཐེན་ཞང་ལི་དང་། ཞིང་ཆེན་སྲིད་གཞུང་གི་མགོ་འཛིན་གཞོན་པ་བློ་མཐུན་ཝང་ཧྥེང་ཁྲའོ་གདན་ཞུས་ལྟར་ཐེངས་འདིའི་ཚོགས་ཆེན་ཁྲོད་ཞུགས།

     སྤྲུལ་སྐུ་ངག་དབང་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཐེངས་འདིའི་གྲོས་ཚོགས་ཐོག་སྲོག་ཆགས་ངན་གསོད་ལ་ངོ་རྒོལ་དང་། སྲོག་ཆགས་ལ་སྲུང་སྐྱོབ་བྱེད་དགོས་པའི་སྐོར་གྱི་གྲོས་གཞི་ཁྱེར་ཡོང་འདུག། ཁོང་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་དང་ས་གནས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག་གི་སྲུང་སྐྱོབ་ཁྱབ་ཁོངས་རྒྱ་སྐྱེད་པ་དང་། རྒྱལ་ཁབ་དང་ས་གནས་ཀྱིས་གཙོ་གནད་སྲུང་སྐྱོབ་བྱ་བའི་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོའི་ནང་ཚུད་མེད་པའི་སྤྱིར་བཏང་གི་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་ལ་ཤུགས་སྣོན་པ། སྔར་ལས་ལྷག་པའི་སྒོ་ནས་གཙོ་གནད་སྲུང་སྐྱོབ་བྱ་བའི་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོའི་ནང་ཚུད་མེད་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་དམར་གསོད་དང་། ཕྱིར་འཚོང་། ཉོ་ཚོང་སོགས་བྱེད་པར་ཚོད་འཛིན་བྱེད་དགོས་པ་སོགས་ཀྱི་སྐོར་ནས་གྲོས་གཞི་ལྔ་བཏོན་འདུག།



     ཨུ་ཡོན་རྣམ་པས་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ། ལས་འགན་གཉིས་དམ་འཛིན་ནན་མོ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་གྱི་འཐབ་ཇུས་འཆར་འགོད་ལ་དམ་པོར་དམིགས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་དམིགས་འབེན་ལས་འགན་བཅས་ལ་དམིགས་ཏེ།  འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ།“5+1”གྱི་དེང་རབས་ཐོན་ལས་མ་ལག་གསོ་སྐྱོང་། ཞིང་ལས་ཀྱི“10+3”གྱི་ཐོན་ལས་མ་ལག་འཛུགས་སྐྲུན། སྒོ་འབྱེད་འཕེལ་རྒྱས་ཟབ་སྤེལ་སོགས་ཀྱི་གནད་དོན་གལ་ཆེན་དང་དེ་བཞིན་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་ཤུགས་ཆེ་ལ་གླེང་མང་ཞིང་དཀའ་གནད་ཆེ་བའི་གནད་དོན་བཅས་ཀྱི་ཐད་ནས་གཏམ་བཤད་སྤེལ་འདུག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1