ཞིང་པ་དཔྱིད་འདེབས་ལས་ལ་བྲེལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 05-12


        བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ནི་ཡར་ཀླུང་གཙང་པོ་དང་དེའི་ཆུ་ཕྲན་གཙོ་བོ་མྱང་ཆུ་གཙང་པོ་མཉམ་དུ་བཞུར་བའི་ལུང་གཞུང་དུ་ཆགས་ཡོད་པ་དང་། དེ་གར་ཉི་འོད་ཕོག་ཡུན་རིང་བ་དང་ཞིང་ལས་དར་རྒྱས་ཆེ་བས“བོད་ལྗོངས་ཀྱི་འབྲུ་མཛོད”ཅེས་འབོད་ཀྱི་ཡོད། ད་ཆ། གཞིས་རྩེ་གྲོང་ཁྱེར་གྱི་པ་སྣམ་རྫོང་དང་རྒྱལ་རྩེ་རྫོང་སོགས་སུ་རྒྱ་ཆེའི་ཞིང་པ་ཚོས་དུས་ཚོད་དམ་འཛིན་གྱིས་དཔྱིད་འདེབས་བྱེད་འགོ་ཚུགས་པས་གང་སར་དཔྱིད་འདེབས་ལས་ལ་བྲེལ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད། 
  • 730666_yis_1588750469929_s.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ཞིང་པས་ཞིང་ནང་དུ་ལས་ཀ་བྱེད་བཞིན་པ། 

    730667_yis_1588750470329_s.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་དམ་འབྱོར་གྲོང་ཚོའི་གྲོང་མི་ཟླ་བ་ཚེ་རིང་གིས་རྨོན་མཛོས་ཞིང་ཁ་རྨོ་བཞིན་ཡོད། ཟླ་བ་ཚེ་རིང་ནི་གྲོང་ཚོའི་ནང་གི་ཏང་ཡོན་ཞིག་ཡིན་ལ། ཁོང་གི་ཁྱིམ་ལ་རྨོ་ཞིང་མུའུ་60ལྷག་ཙམ་ཡོད་པར་ན་ནིང་ནས་ཀྱི་ཐོན་འབབ་རྒྱ་མ་ཁྲི་2ལྷག་ཙམ་བྱུང་ནས་ལོའི་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཟིན་ཡོད་པ་རེད། 

    730665_yis_1588750469569_s.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་དམ་འབྱོར་གྲོང་ཚོའི་ལོ་35ལ་སླེབས་པའི་གྲོང་མི་ཚེ་དབང་གིས་ཞིང་འཕྲུལ་ལ་བརྟེན་ནས་ཞིང་ཁ་རྨོ་བཞིན་ཡོད། ཁོང་གི་ཁྱིམ་ལ་ས་ཞིང་མུའུ་60ལྷག་ཙམ་ཡོད་པར་ན་ནིང་ནས་ཀྱི་ཐོན་འབབ་རྒྱ་མ་ཁྲི་2ལྷག་ཙམ་བྱུང་སྟེ་ལོའི་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཟིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1