སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་མཇུག་སྒྲིལ་ཚོགས་འདུ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-12



        ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་དེ་2020ལོའི་ཟླ་5ཚེས་8ཉིན་ནས་ཚེས་11ཉིན་བར་ཁྲེང་ཏུའུ་རུ་འཚོགས། ཐེངས་འདིའི་ཚོགས་འདུ་ནི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། དབུལ་བྲལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་འགན་ལེན་བྱེད་པའི་འགག་རྩའི་དུས་སུ་འཚོགས་པ་ཞིག་རེད། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་འགོ་ཚུགས་ཚོགས་ཆེན་དང་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་།

         ཚོགས་འདུའི་ཐོག་ཀྲུའུ་ཞི་ཁའོ་ཙིང་ཕིང་གིས་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་ཞུ་གནང་བར་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་པ་དང་། ཀྲུའུ་ཞི་གཞོན་པ་ཝང་ཀྲེང་རུང་གིས་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་གྲོས་གཞིའི་ལས་དོན་གནས་ཚུལ་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད། ཚོགས་འདུའི་ཐོག་བློ་མཐུན་ཏུའུ་ཧོ་ཕིང་དང་ལིའུ་ཁྲེང་མིང་གཉིས་སྲིད་གྲོས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ་རེད།


        ཨུ་ཡོན་ལི་ཧྥུའུ་རུང་དང་། རིན་ཞའོ་ཁྲིན། ལུའུ་ཆིན། ལི་ཡ་ལིན། ལི་ཆིན་ལིན། གཡང་ཏན། ཁྲེན་ཞའོ་ལིའང་། ཡའེ་ཧྥན་སུང་། ཁང་ཅུན། ཡོས་ཁའེ་ཡུས། ཞོང་ཧྥང་ཅིན། ཧྥན་ཀའོ་ཧྭ་སོགས་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དུ་བདམས་ཐོན་བྱུང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1