བྲག་འགོའི་གདོང་རི་ན་ཤ་བ་བརྒྱ་ཕྲག་ལྷག་གནས་འདུག

ལི་སྨད་ཉི་གཞོན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-13


        ཟླ་འདིའི་ཚེས་༡༠ཉིན། བྲག་འགོ་རྫོང་གི་པར་ལེན་མཐུན་ཚོགས་དང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་འགའ་བྲག་འགོའི་ཡུལ་གྱི་ཆེས་མཐོ་བའི་རི་བོ་སྟེ་མཚོ་ངོས་ལས་མཐོ་ཚད་༤༧༢༠ཡས་མས་ཀྱི་གདོང་རིའི་རི་རྩེ་རུ་འཛེགས་ལ། རི་རྩེ་དེ་ནས་རང་རྒྱལ་གྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤ་བ་བརྒྱ་ཕྲག་གནས་པ་མཐོང་ལ། ལམ་སང་ཁོ་ཚོས་དེ་དག་པར་མིག་ཏུ་བསྐྱོན་ལ། ལོ་མང་པོའི་རིང་ཤ་བ་ལ་གནོད་འཚེ་བྱེད་མཁན་མེད་སྟབས་ཁོ་ཚོ་དལ་དལ་ལྷོད་ལྷོད་ངང་གཡས་རིའི་བྲག་སྟེང་ནས་མདུན་ཕྱོགས་སུ་འགྲོ་བཞིན་འདུག་ལ། ད་དུང་གདོང་རིའི་མདུན་གྱི་ལུ་གུ་མཚོ་སོགས་སུ་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་རྗེས་ཤུལ་མང་པོ་ཕབ་འདུག །འདིའི་ཀྱང་བྲག་འགོའི་ས་གནས་ཀྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་ནན་མོ་བྱེད་བཞིན་པ་མཚོན་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1