གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

གྲགས་པ་བསྟན་འཛིན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༡༣ཉིན།

ཧུང་ཡོན་རྫོང་གིས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

ཧུང་ཡོན་རྫོང་གིས་རྣམ་གྲངས་གལ་ཆེན་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། 

         རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཆུ་རགས་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དུ་ཨར་ལས་མི་སྣས་ཉི་མའི་ཚ་བ་བཟོད་དེ་ཨར་འདམ་དཀྲུག་པ་དང་། ཕྱོགས་གཅིག་ནས་ཞིབ་ཚགས་ངང་ཨར་འདམ་དེ་ཆུ་རགས་ཐོག་བཏིང་ནས་ཚང་མས་ལས་བགོས་མཉམ་སྒྲུབ་དང་རང་འགན་རང་ཁུར་གྱིས་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་ཀྱི་ཡོད། རྒྱུས་ལོན་པ་ལྟར་ན། རྣམ་གྲངས་འདི་ཟླ་4ཚེས་10ཉིན་ལས་མགོ་བསྐྱར་ཚུགས་བྱས་པ་དང་། མ་དངུལ་སྒོར་ཁྲི་400བཏང་བ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5000ཟིན་པ། ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་ཡུས་ལུང་སྡེ་ཁུལ་དུ་གཞུང་ལམ་སྨི་750གསར་སྐྲུན་བྱས་པ་དང་འབྲེལ་གློག་དང་། ཆུ། མི་འགྲོ་སའི་ལམ་བུ། ལམ་སྒྲོན། སྔོ་བསྒྱུར་སོགས་ལེ་ལག་ཚང་བའི་ངང་བསྐྲུན་པ་དང་། སྔོན་དཔག་བྱས་ན་ཟླ་6ཚེས་10ཉིན་ལས་མཇུག་བསྒྲིལ་ནས་སྤྱོད་མགོ་ཚུགས་རྒྱུ་རེད།   

          རྔ་བ་ཁུལ་ཧུང་ཡོན་220KVགློག་སྒྱུར་ས་ཚིགས་ཀྱི་གསར་སྐྲུན་ལས་གྲྭའི་ལས་ཡུལ་དུ་སྐྱོད་སྐབས། སྒོ་མོ་ཆེན་པོ་ཞིག་ཏུ་འཛུལ་མ་ཐག་སྲུབ་དཀྲུག་འཕྲུལ་འཁོར་གྱི་སྒྲ་ཞིག་ཐོས་བྱུང་། ཨར་ལས་བཟོ་པས་དཀྲུགས་ཟིན་པའི་ཨར་འདམ་དེ་འདེད་འཁོར་སྤྱད་དེ་བཟོ་གྲྭར་དབོར་གྱི་འདུག བཟོ་ཁང་ནང་དུ་ན་གཞོན་བཟོ་པ་རྣམས་ཀྱིས་ལམ་ཐིག་ལེགས་སྒྲིག་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། རྔ་བའི་ཧུང་ཡོན་220kVགློག་སྒྱུར་ས་ཚིགས་ཀྱི་གསར་སྐྲུན་ལས་གྲྭ་བསྐྲུན་པར་རྒྱ་ཁྱོན་མུའུ་24.414ཟིན་པའི་ས་ཆ་བསྡུ་ལེན་བྱས་པ་དང་། གཙོ་འཛིན་ཁང་དང་གློག་སྦྱོར་ཁང་སོགས་ཁྱོན་ཁང་བ་5ཡོད་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་2129m2ཡོད། ལས་གྲྭར་ཁྱོན་མ་དངུལ་སྒོར་ཁྲི་9913བཏང་བ་དང་འགུལ་རྣམ་མ་དངུལ་སྒོར་དུང་ཕྱུར་1.0098བཏང་ཡོད་པ་རེད།

        ཟླ་ལྔ་བ་ནི་ཧུང་ཡོན་རྩྭ་ཐང་ཆེན་མོར་དྲོད་བབས་ཤིང་རྩྭ་ལྗང་སྐྱེས་པའི་དུས་ཚིགས་ཡག་པོ་ཡིན། ད་ལོ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་མོད། འོན་ཀྱང་ཧུང་ཡོན་གྱི་འཛུགས་སྐྲུན་རྣམ་གྲངས་ཁག་སྔར་བཞིན་གང་སར་ཁྱབ་ནས་ཡོད་པ་དང་། འཛུགས་སྐྲུན་ལས་འགན་ལྕི་རུང་འཛུགས་སྐྲུན་བྱེད་མཁན་གྱིས་གང་ལའང་མི་སྐྲག་པའི་སྙིང་སྟོབས་ལ་བརྟེན་ནས། དཔའ་ངར་ཆེར་བསྐྱེད་ཀྱིས་འཆར་གཞི་ལག་བསྟར་ནན་པོ་བྱ་བ་དང་། ཨར་ལས་བྱ་ཡུལ་གྱི་དོ་དམ་ཚད་ལྡན་དུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་འཛུགས་བཅས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་ཁག་དུས་བཅད་ལྟར་སྒྲུབ་ཐུབ་པར་འགན་ལེན་བྱས་སོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1