མཐོ་སྒང་གི་དབུལ་སྐྱོར་བགྲོད་ལམ་དུ་བསྐྱོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-14



    2018ལོའི་ཟླ་6པར། ལིའུ་ཞེ་ཚན་ནི་སི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་འཕེལ་ཚྭ་ཤང་མདོ་ལུང་གྲོང་ཚོར་བཅའ་སྡོད་བྱེད་པར་མངགས་པ་ཡིན། འཕེལ་ཚྭ་ཤང་མདོ་ལུང་གྲོང་ཚོ་ནི་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་ལ་སྨི་3400ཡོད་པ་དང་། གྲོང་ཚོའི་ནང་དུ་“རི་མཐོའི་མེ་ཏོག་གི་རྒྱ་མཚོའི”གྲོང་གསེབ་ཀྱི་ཁྱད་ལྡན་ལས་གཞི་འཛུགས་སྐྲུན་བྱ་ཆེད། ལིའུ་ཞེ་ཚན་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་ཚོས་དུས་རྒྱུན་དུ་རྒྱ་མཚོའི་ངོས་ལ་མཐོ་ཚད་སྨི་བཞི་སྟོང་ཡན་གྱི་གནས་སུ་རྟོག་ཞིབ་དང་ལས་དོན་བསྒྲུབས་པ་དང་། ཡུལ་སྐོར་དང་རི་སྐྱེས་ཤ་མོའི་རིགས་ལས་སྣོན་བྱེད་པར་བརྟེན། 2019ལོའི་ལོ་མཇུག་ཏུ། མདོ་ལུང་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་བྱུང་ཟིན་ཡོད། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1