ཇ་ལོར་བརྟེན་ནས་དབུལ་སྒྲོལ་བྱེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 05-18


733795_yis_1589690451816_s.jpg

        ཉེ་བའི་ལོ་ཤས་ནང་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས“མཉམ་ལས་ཁང་+དུད་ཚང་དབུལ་པོའི”ཐོན་ལས་དབུལ་སྐྱོར་རྣམ་པ་ཁྱབ་གདལ་ཧུར་ཐག་བཏང་སྟེ་མཉམ་ལས་ཁང་ལ་བརྟེན་ནས་སྤུས་རྟགས་བཏོད་པ་དང་འདེབས་འཛུགས་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། གྲོང་གསེབ་ཡུལ་སྐོར་གཉེར་སྐྱོང་བྱེད་པ། མི་རིགས་ལག་ཤེས་བཟོ་ལས་གསར་སྤེལ་བྱེད་པ། ཐོན་སྐྱེད་ལས་སྣོན་དང་སྐྱེལ་འདྲེན་འཁོར་རྒྱུག་ལས་རིགས་འཕེལ་རྒྱས་གཏོང་བ་བཅས་བྱས་ཡོད། མཉམ་ལས་ཁང་གིས་དུད་ཚང་དབུལ་པོར་རོགས་སྐྱོར་བྱས་ནས་དུད་ཚང་དབུལ་པོ་དེ་བས་མང་བ་མཉམ་ལས་ཁང་བརྒྱུད་འབབ་འཕར་བརྟན་པོ་དང་དབུལ་སྒྲོལ་བརྟན་པོ་ཡོང་བ་བྱས་ཤིང་། འདི་ནི་མལ་གྲོ་གུང་དཀར་རྫོང་ཞོལ་རོང་བོད་ཇ་བཟོ་གྲྭར་ལས་ཀ་བྱེད་མཁན་ཞིང་འབྲོག་མང་ཚོགས་ཀྱིས་ཇ་ལོ་འཐོག་བཞིན་པའི་གནས་ཚུལ་ཡིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1