ད་ལོའི་ཚོགས་ཆེན་གྱི་བཀོད་སྒྲིག་ལ་ལེགས་སྒྲིག་འདི་འདྲ་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-18



     སྤྱི་ཚེས་15ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀྲང་ཡེ་སུའེ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་འབྲེལ་ཡོད་ལས་དོན་ཐད་ཆེད་དོན་བཅར་འདྲི་དང་ལེན་གནང་བ་རེད།

     ཀྲང་ཡེ་སུའེ་ཡིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་ཟླ་5ཚེས་22ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་དང་། ཚོགས་ཆེན་གསར་འགྱུར་ལྟེ་གནས་ལ་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་3000ལྷག་ཙམ་གྱིས་མིང་ཐོ་བཀོད་དེ་ཚོགས་འདུར་བཅར་འདྲི་ཞུ་བའི་རེ་ཞུ་འབྱོར་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་ནུས་ལྡན་དང་ཐུན་མོང་ཐོག་སྤྱི་པའི་འཕྲོད་བསྟེན་དང་བདེ་ཐང་སྲུང་སྐྱོང་བྱ་ཆེད། ད་ལོའི་ཚོགས་ཆེན་ཐོག་གཤམ་གསལ་ལེགས་སྒྲིག་བྱས་ཡོད་ཅེས་གསུངས་པ་སྟེ།

ཚོགས་འདུའི་དུས་ཚོད་འོས་འཚམ་ངང་ཐུང་དུ་བཏང་ནས་གྲོས་རིམ་ཞིབ་ཕྲ་དང་ཉིན་རེའི་གྲོས་རིམ་དེ་ཚོགས་འདུ་མ་འཚོགས་གོང་འཚོག་རྒྱུའི་གྲ་སྒྲིག་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་འཆམ་བྱ་རྒྱུ།

པེ་ཅིང་དུ་ཡོད་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་གཅིག་གདན་ཞུ་བྱས་ནས་ཚོགས་འདུར་བཅར་འདྲི་བྱ་རྒྱུ་དང་། ཕྱི་རྒྱལ་གྱི་གསར་འགོད་པ་གནས་སྐབས་པེ་ཅིང་དུ་བཅར་འདྲི་བྱེད་པར་གདན་འདྲེན་བྱ་རྒྱུ་མིན་པ།

གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་། གསར་འགོད་ཚོགས་འདུ། “འཐུས་མིའི་བགྲོད་ལམ”དང་། “པུའུ་ཀྲང་བགྲོད་ལམ”སོགས་ཀྱི་བཅར་འདྲི་བྱེད་སྒོ་ཁུ་བསྡུ་འོས་འཚམ་བྱེད་པ་དང་། རྣམ་པ་གསར་གཏོད་བྱས་ནས་བརྙན་ལམ་གྱི་བྱེད་ཐབས་སྤྱད་དེ་སྤེལ་རྒྱུ།

     ཀྲང་ཡེ་སུའེ་ཡིས། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་འཚོགས་སྐབས། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་གདན་ཞུ་བྱས་ནས་ཚོགས་ཆེན་ལ་ཟུར་ཉན་བྱ་རྒྱུ་དང་པེ་ཅིང་དུ་ཡོད་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་གཅིག་མི་དམངས་ཚོགས་ཁང་ཆེན་མོར་ཡུལ་དངོས་བཅར་འདྲི་བྱེད་པར་གདན་ཞུ་བྱ་རྒྱུ་དང་། རིམས་ནད་ཀྱི་རྐྱེན་ཀྱིས་ད་ལོ་འཐུས་མི་ཚོགས་པར་ཚོགས་པ་དང་གཅིག་སྡུད་བཅར་འདྲི་བྱེད་སྒོ་བཀོད་སྒྲིག་བྱ་རྒྱུ་མིན་པ། སྨྱན་སྦྱོར་གསར་འགོད་པ་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་འདེབས་ཆེད།འཐུས་མི་ཚོགས་པ་ཁག་གིས་ད་ལོ་གསར་འགྱུར་མགྲིན་ཚབ་པ་བཀོད་སྒྲིག་བྱས་ནས་ཚོགས་པ་དེ་གའི་ཆ་འཕྲིན་གལ་ཆེན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་དང་། འཐུས་མི་ཚོགས་པའི་གསར་འགྱུར་འབྲེལ་གཏུག་པས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་འབྲེལ་གཏུག་བཅར་འདྲི་ལ་གཞོགས་འདེགས་ཧུར་ཐག་བྱ་རྒྱུ་ཡིན་པ། ཚོགས་ཆེན་གྱིས་འཐུས་མིས་བཅར་འདྲི་དང་ལེན་ཧུར་ཐག་བྱ་རྒྱུར་ལྕག་སྐུལ་བྱ་རྒྱུ་དང་། འཐུས་མིའི་སྡོད་གནས་སུ་བརྙན་ལམ་བཅར་འདྲི་ཁང་བཙུགས་ནས་འཐུས་མིས་བཅར་འདྲི་དང་ལེན་བྱེད་པར་སྟབས་བདེ་བསྐྲུན་ཡོད་ཅེས་གསུངས་ཡོད།

     ཀྲང་ཡེ་སུའེ་ཡིས། ཚོགས་ཆེན་གསར་འགྱུར་ལྟེ་གནས་ཀྱི་དྲ་ངོས་སུ་དུས་ཐོག་དང་འགུལ་རྣམ་ཐོག་ནས་ཚོགས་འདུའི་ཉིན་རེའི་ལས་རིམ་དང་། གྲོས་རིམ། བྱེད་སྒོ་བཀོད་སྒྲིག་བཅས་ཡོངས་བསྒྲགས་བྱས་ཏེ་ཚོགས་འདུའི་ཡིག་ཆ་གཙོ་བོའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡིག་རིགས་ཡིག་ཆ་དང་འབྲེལ་ཡོད་དཔྱད་ཡིག་སོགས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1