དར་མདོ་གྲོང་ཁྱེར་སྲིད་གྲོས་ཀྱིས་མི་རིགས་ཆོས་ལུགས་ལས་རིགས་ཨུ་ཡོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

པད་ཤུལ་གྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-18


དར་མདོ་གྲོང་ཁྱེར་སྲིད་གྲོས་ཀྱིས་མི་རིགས་ཆོས་ལུགས་ལས་རིགས་ཨུ་ཡོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

   སྤྱི་ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོར་དར་མདོ་གྲོང་ཁྱེར་སྲིད་གྲོས་ཀྱིས་མི་རིགས་ཆོས་ལུགས་ལས་རིགས་ཨུ་ཡོན35སྒྲིག་འཛུགས་བྱས་ནས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

   གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་གྲོང་ཁྱེར་སྲིད་གཞུང་གི་མི་རིགས་ཆོས་ལུགས་ལས་དོན་གྱི་འབྲེལ་ཡོད་མགོ་ཁྲིད་བཞུགས་མོལ་ཚོགས་འདུའི་ནང་བཞུགས་ཤིང་། ཨུ་ཡོན་ཚོར་ཏང་ཨུ་དང་སྲིད་གཞུང་གི་ཉེ་དུས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་བྱས་པ་དང་། ཨུ་ཡོན་ཚོས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་རིང་འགན་འཁྲི་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་ལ་ཉན་འཇོག་བྱས། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཆོས་ལུགས་ལས་དོན་དོ་དམ་སོགས་ཀྱི་ཐད་འཕྲད་པའི་དཀའ་ངལ་དང་གནས་པའི་གནད་དོན་རྒྱུས་ལོན་བྱས་མཐར། ཨུ་ཡོན་ཚོའི་ལུགས་མཐུན་གྱི་རེ་འདུན་གྲོང་ཁྱེར་སྲིད་གྲོས་ཀྱིས་གསེད་བཀྲོལ་ནན་ཏན་བྱས་རྗེས་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་ལ་དུས་ཐོག་ཏུ་སྙན་སེང་ཞུ་རྒྱུ་དང་། སྒྲུབ་གཉེར་དོན་འཁྱོལ་བྱས་ཚུལ་ཨུ་ཡོན་ཚོར་དུས་ཐོག་ཏུ་ལྡོག་འདྲེན་བྱ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1