མངའ་དཔོན་དབྱིན་ལིས་ནགས་རྩྭ་མེ་འགོག་ཐད་ཐུགས་རེ་འདི་ལྟར་གནང་།

སྐལ་ཐུབ་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-19


མངའ་དཔོན་དབྱིན་ལིས་ནགས་རྩྭ་མེ་འགོག་ཐད་ཐུགས་རེ་འདི་ལྟར་གནང་།

        སྤྱི་ཟླ5པའི་ཚེས16ནས17ཉིན་གྱི་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། མངའ་དཔོན་དབྱིན་ལི་རང་ཁུལ་དུ་ནགས་ཚལ་དང་རྩྭ་ཐང་མེ་འགོག་མེ་གསོད་ལས་དོན་ཐད་ལྟ་སྐུལ་དང་རྟོག་ཞིབ་གནང་དུ་ཕེབས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནགས་རྩྭ་མེ་འགོག་མེ་གསོད་ལས་དོན་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གདིང་ཟབ་མོ་བྱས་ཏེ། བསམ་བློའི་ངོས་འཛིན་སྔར་ལྷག་གིས་ཆེ་རུ་གཏོང་བ་དང་། ལིའང་ཧྲན་དུ་སྤྱི་ཟླ3པའི་ཚེས30ཉིན་ལ་ནགས་རིར་མེ་སྐྱོན་ཤོར་བའི་བསླབ་བྱ་ཟབ་མོར་གོ་བ་ལོན་དགོས་ཤིང་། ནགས་རྩྭ་མེ་སྐྱོན་ཤོར་མང་བའི་གནད་དོན་དག་ཐེར་བཅོས་སྐྱོང་དཔྱིས་ཕྱིན་པ་བྱས་ནས་ལས་དོན་ཐད་ཀྱི་མི་འདང་ས་ཁ་གསབ་ཁ་ཚང་བྱ་རྒྱུ་དང་། མེ་འགོག་དང་མེ་གསོད་ཀྱི་སྒྲིག་སྲོལ་དང་ནང་སྲོལ། དེ་བཞིན་དཔུང་སྡེ་འཛུགས་སྐྱོང་བཅས་ཀྱི་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནགས་རྩྭ་མེ་འགོག་མེ་གསོད་ལས་དོན་དེ་བས་ལུགས་དང་མཐུན་ཞིང་། དེ་བས་དོ་དན་ཡིན་པ། དེ་བས་གོ་ཆོད་པོ་བཅས་བསྒྲུབས་ཏེ། སྔོན་ལམ་བསྐྱར་བགྲོད་རྦད་དེ་མི་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་སྲུང་ཆེས་ཆེན་པོ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

མངའ་དཔོན་དབྱིན་ལིས་ནགས་རྩྭ་མེ་འགོག་ཐད་ཐུགས་རེ་འདི་ལྟར་གནང་།

        ཁོང་གིས་ཞིང་ཆེན་ཡོངས་ཀྱི་སྡེ་ཁག་གིས་མཐའ་ཚད་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་དང་། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བསམ་བློའི་ཐད་མཐོང་ཆེན། བྱ་སྤྱོད་ཐད་མགྱོགས་མྱུར། བྱེད་ཐབས་ཐད་ལུགས་དང་མཐུན་པ་བཅས་བྱས་ཏེ། ནགས་རྩྭ་མེ་འགོག་མེ་གསོད་ཀྱི་བཀོད་སྒྲིག་དང་བླང་བྱ་ཁག་དོན་འཁྱོལ་དངོས་སུ་འཁྱོལ་བ་བྱས་ཤིང་། ནགས་རྩྭ་མེ་འགོག་མེ་གསོད་ཀྱི་ཡར་ལངས་དམག་འཐབ་སེམས་ཐག་གཙང་བཅད་ཀྱིས་ཡག་པོ་བརྒྱག་དགོས་ཞེས་ཐུགས་རེ་གནང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1