དབུལ་བྲལ་གནད་སྒྲོལ་ལས་ཀར་ཤུགས་བཏོན་ནས། ། ཕྱོགས་ཡོངས་འབྱོར་འབྲིང་གཟུགས་པར་ལེགས་སྐྱེས་འབུལ། །

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 05-20


རྔ་བའི་འཕྲིན་སྲིད་མནའ་འབྲེལ་གྱིས་འབྱོར་འབྲིང་ཀུན་ནས་འགྲུབ་པར་བྱེད། དབུལ་བྲལ་གནད་སྒྲོལ་ལས་ལ་བརྩོན་ཞེས་པའི་དྲིལ་སྒྲོག་བྱེད་སྒོ་དངོས་སུ་མགོ་བཟུང་།

         ཟླ་5ཚེས་15ཉིན་གྱི་སྔ་དྲོར། རྔ་བ་ཉིན་རེའི་ཚགས་པར་ཁང་དུ། རྔ་བའི་འཕྲིན་སྲིད་མནའ་འབྲེལ་གྱི་འབྱོར་འབྲིང་ཀུན་ནས་འགྲུབ་པར་བྱེད།། དབུལ་བྲལ་གནད་སྒྲོལ་ལས་ལ་བརྩོན།། ཞེས་པའི་དྲིལ་སྒྲོག་མགོ་འཛིན་ཚོགས་ཆེན་བསྡུས།

         ཚོགས་ཆེན་དུ་འབྱོར་འབྲིང་ཀུན་ནས་འགྲུབ་པར་བྱེད།། དབུལ་བྲལ་གནད་སྒྲོལ་ལས་ལ་བརྩོན།། ཞེས་པའི་ཆེད་དོན་དྲིལ་སྒྲོག་གི་ལས་དོན་དངོས་སུ་མགོ་ཚུགས་པ་དང་། འབྲེལ་ཡོད་དྲིལ་སྒྲོག་གི་འགན་ནུས་དང་འགན་ཁུར་བཅས་བཀོད་སྒྲིག་ཞིབ་ཅིང་ཚགས་པ་བྱས།

        དྲིལ་སྒྲོག་གི་བླང་བྱ་ལྟར་ན། མནའ་འབྲེལ་གྱི་ཁོངས་ཞུགས་སྡེ་ཁག་རྣམས་ཀྱིས་མཉམ་འབྲེལ་ཁྱབ་བསྒྲགས་སམ་དམིགས་བསལ་གསར་འགོད་དྲིལ་སྒྲོག་བྱེད་ཐབས་ཀྱི་ཐབས་ལམ་གཙོ་བོར་བཟུང་སྟེ། 2020ལོའི་ཟླ་6ཚེས་1ཉིན་ནས་བཟུང་། གཅིག་གྱུར་གྱིས་འབྱོར་འབྲིང་ཀུན་ནས་འགྲུབ་པར་བྱེད།། དབུལ་བྲལ་གནད་སྒྲོལ་ལས་ལ་བརྩོན།། ཞེས་པ་བརྗོད་གཞི་གཙོ་བོར་བྱས་པའི་ལེ་ཚན་ཆེན་པོ་ཞིག་བཀོད་སྒྲིག་བྱས་ཤིང་། དེ་དབུལ་བྲལ་གྱི་ལག་ལེན་དང་། དབུལ་བྲལ་གྱི་གཏམ་རྒྱུད། དབུལ་བྲལ་གྱི་མྱོང་བརྒྱུད། དབུལ་བྲལ་གྱི་གླེང་མོལ། དབུལ་བྲལ་གྱི་དྲིས་ལན། དབུལ་བྲལ་གྱི་བློ་འབྱེད། དབུལ་བྲལ་གྱི་ཐད་གཏོང་བཅས་ལེ་ཚན་ཆུང་བ་7དུ་ཕྱེས་ཏེ་གསར་འགྱུར་སྤེལ་རྒྱུ་རེད།

        གཞན་དུ་མགོ་འཛིན་ཚོགས་ཆེན་དུ་ཀྲུང་གོ་གསར་བ་དབུ་ཚུགས་ནས་ལོ་འཁོར་70ལོན་པ་དང་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྲུང་གི་དྲིལ་སྒྲོག་ལས་དོན་ཁྲོད་དུ་གྲུབ་འབྲས་གཟེངས་སུ་ཐོན་པའི་སྔོན་ཐོན་ཚོགས་ཁག་དང་མི་སྒེར་ལ་གཟེངས་བསྟོད་གནང་།

       2019ལོར། རྔ་བའི་འཕྲིན་སྲིད་མནའ་འབྲེལ་གྱི་ཁོངས་ཞུགས་སྡེ་ཁག་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། མཉམ་བཟོ་དང་། མཉམ་སྤྱོད། མཉམ་རྒྱལ་བཅས་ཀྱི་བརྗོད་དོན་ལ་དམ་པོར་དམིགས་ཏེ། ཁུལ་ཡོངས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་གསར་འགོད་དང་། བརྡ་འཕྲིན་གལ་ཆེའི་རིགས་དྲིལ་སྒྲོག་བྱེད་པའི་ཐད་དང་། ལྷག་པར་ཀྲུང་གོ་གསར་བ་དབུ་ཚུགས་ནས་ལོ་འཁོར་70ལོན་པའི་དགའ་སྟོན་མཛད་སྒོ་དང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྲུང་སོགས་དོན་དག་གལ་ཆེའི་རིགས་ཀྱི་གསར་འགོད་དང་དྲིལ་སྒྲོག་ཁྲོད་དུ་ནུས་པ་བླ་ལྷག་བཏོན།

        མནའ་འབྲེལ་གྱི་མིང་ཐོག་ནས་རྩ་འཛུགས་བྱས་ཏེ་མགོ་འཛིན་ཚོགས་ཆེན་བསྡུ་བའི་དམིགས་ཡུལ་ནི། མནའ་འབྲེལ་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། མནའ་འབྲེལ་གྱི་དགེ་མཚན་འདོན་པ་དང་། ཐེངས་འདིའི་བརྗོད་དོན་གྱི་གསར་འགོད་དང་དྲིལ་སྒྲོག་གིས་རང་ཁུལ་གྱི་འབྱོར་འབྲིང་ཀུན་ནས་འགྲུབ་པར་བྱེད། དབུལ་བྲལ་གནད་སྒྲོལ་ལས་ལ་བརྩོན་པར་གནས་བབ་དང་ངང་ཚུལ་ལེགས་པོ་ཞིག་བསྐྲུན་ཏེ། བསམ་བློའི་སྟོབས་ཤུགས་ཆེན་པོ་ཕྱོགས་གཅིག་ཏུ་དྲིལ་ནས། སྲ་བརྟན་གྱི་གླེང་ཕྱོགས་འགན་ལེན་བསྐྲུན་ཆེད་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1