ཀྲུང་གོ་སྲིད་གཞུང་གི་མཉམ་འབྲེལ་ལས་དོན་ཚོཌ་ཆུང་ཐ་ཇིག་སི་ཐན་དུ་འབྱོར་ཏེ་རིམ་འགོག་མཉམ་ལས་ཀྱི་ལས་དོན་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-26



 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནུའར་སུའུ་ཏེན་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། གྲོང་ཁྱེར་རྡུ་ཤང་པེ་ནས་གནས་ཚུལ་སྤེལ་གསལ། ཚེས་24ཉིན་གྱི་ཐོ་རེངས་ཀྲུང་གོ་སྲིད་གཞུང་གི་མཉམ་འབྲེལ་ལས་དོན་ཚོགས་ཆུང་གཙང་གླས་གནམ་གྲུར་བསྡད་དེ་ཐ་ཇིག་སི་ཐན་དུ་འབྱོར་ནས་དུས་ཡུན་ཉིན་9ཡི་རིམས་འགོག་ཉམས་མྱོང་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་ཡིན་ཞིང་། གནམ་གྲུ་དེའི་ནང་ད་དུང་ཉིང་སྐྱུར་བརྟག་དཔྱད་ཚོད་ལྟའི་སྨན་རྫས་དང་། དབུགས་འབྱིན་རྔུབ་འཕྲུལ་ཆས། སྨན་སྤྱོད་ཁ་རས་སོགས་ཚུད་པའི་ཀྲུང་གོ་སྲིད་གཞུང་གིས་ཐ་ཇིག་སི་ཐན་ལ་རིམས་འགོག་ཐད་རོགས་སྐྱོར་བྱས་པའི་ཁག་གསུམ་པའི་དངོས་རྫས་ཀྱང་ཡོད།
   ཐ་ཇིག་སི་ཐན་ཕྱི་འབྲེལ་པུའུ་དང་། འཕྲོད་བསྟེན་པུའུ། རྡུ་ཤང་པེ་གྲོང་ཁྱེར་སྲིད་གཞུང་། ཧཱ་ཐེ་ལུང་ཀྲོའུ་སྲིད་གཞུང་སོགས་སྡེ་ཚན་གྱི་དཔོན་རིགས་དང་། དེ་བཞིན་ཐ་ཇིག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལེའུ་པིན་བཅས་ཀྱིས་རྡུ་ཤང་པེ་རྒྱལ་སྤྱིའི་གནམ་ཐང་དུ་བསུ་བ་ཞུ་བར་ཕེབས་ཡོད།
    ཐ་ཇིག་སི་ཐན་འཕྲོད་བསྟེན་པུའི་པུའུ་ཀྲང་གཞོན་པ་དང་པོ་ཝུའུ་མར་ཙུའོ་ཏ་ཡིས་གནམ་ཐང་དུ་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་སྲིད་གཞུང་གིས་ཐ་ཇིག་སི་ཐན་ལ་སྨན་བཅོས་རིགས་གཅིག་མཁས་ཅན་མངགས་པ་མ་ཟད་རིམས་འགོག་དངོས་རྫས་ཀྱང་མཁོ་འདོན་བྱས་པ་དེས་ཐ་ཇིག་སི་ཐན་གྱི་རིམས་འགོག་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ཐོབ་རྒྱུར་ནུས་པ་གལ་ཆེན་ཐོན་རྒྱུ་ཡིན་པས་ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཐ་ཇིག་སི་ཐན་གྱིས་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་རིམས་འགོག་གི་དངོས་འཐབ་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ་སྨན་བཅོས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བརྗོད།
མཉམ་འབྲེལ་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཅི་ཝུན་ཁུའེ་ཡིས་རིམས་ནད་ཐོན་ཚུན། ཀྲུང་ཐ་རྒྱལ་ཁབ་གཉིས་ཀྱིས་ལྟ་རེས་སྐྱོང་རེས་དང་དུས་སྐབས་ཀྱི་དཀའ་ངལ་མཉམ་དུ་སེལ་གང་ཐུབ་བྱས་ཡོད།     མཉམ་འབྲེལ་ལས་དོན་ཚོགས་ཆུང་གིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐ་ཇིག་སི་ཐན་ཕྱོགས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་དང་བྱེད་ཐབས་སྤེལ་རེས་ཀྱིས་ནན་ཏན་དང་། བརྩེ་སེམས། ནུས་ཤུགས་བཅས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱ་རྒྱུ་ཡིན་ཞེས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1