བློ་བཟང་རྒྱལ་མཚན་གྱིས་《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ལག་བསྟར་བྱས་ནས། དུས་རབས་གསར་པར་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་དགོས་ཞེས་བརྗོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-27



རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིའཐུས་མི་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན།
      ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིའཐུས་མི་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་མི་དམངས་དྲ་བའི་བཅར་འདྲི་དང་ལེན་གནང་སྐབས། མི་དམངས་དྲ་བའི་དྲ་གྲོགས་ཚོར་བོད་རང་སྐྱོང་ལྗོངས་ཀྱིས་《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》གཏན་འབེབས་བྱས་ནས་བཏོན་པའི་ཐད་ཀྱི་འབྲེལ་ཡོད་གནད་དོན་དང་བྱ་ཐབས་སྐོར་གསལ་འགྲེལ་བྱས་ཡོད།
    མི་དམངས་དྲ་བའི་དྲི་བ། 2020ལོའི་ཟླ་1ཚེས་1ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཞེས་བསྡུ་རྒྱུ་ཡིན)གྲོས་འཆམ་བྱུང་བ་རེད། དཀའ་འདྲི་ཞུ་རྒྱུ། བོད་རང་སྐྱོང་ལྗོངས་ཀྱིས་《སྲོལ་ཡིག》གཏན་འབེབས་བྱས་ནས་བཏོན་པ་ནི་བསམ་གཞིག་གང་འདྲ་ཞིག་ལ་གཞི་བྱེད་པ་ཡིན་ནམ།
    བློ་བཟང་རྒྱལ་མཚན་གྱི་ལན། 《སྲོལ་ཡིག》གཏན་འབེབས་བྱས་ནས་བཏོན་པ་ནི་མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་སྒྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གསོན་ཉམས་ལྡན་པའི་ལག་ལེན། བོད་རང་སྐྱོང་ལྗོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བའི་ཞིབ་ཕྲའི་མཚོན་ཚུལ། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཕྱི་རོལ་ཡུལ་གྱི་དགོས་མཁོ།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་རེ་སྒུག་ཆེན་པོར་བསྟུན་པའི་ཕྱི་རོལ་ཡུལ་གྱི་བླང་བྱ་བཅས་ཡིན།
    《སྲོལ་ཡིག》གཏན་འབེབས་གྲོས་འཆམ་བྱུང་བ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྗོངས་ཏང་ཨུད་ཀྱིས་མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་གྲུབ་འབྲས་གལ་ཆེན། ས་གནས་ཀྱི་རང་བཞིན་ལྡན་པའི་ཁྲིམས་སྲོལ་གྱི་རྣམ་པའི་ཐོག་ནས་གཏན་འཁེལ་དང་ཡུན་རིང་རྒྱུན་འཁྱོངས་བྱས་ནས། མི་རིགས་ལས་དོན་བཅོས་སྐྱོང་དེ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་རྒྱུར་ཕན་ཐོགས་ཡོད་ཅིང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་ཐོག་བསྐྱོད་པ་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
     མི་དམངས་དྲ་བའི་དྲི་བ། ད་ལོའི་ཟླ་5ཚེས་1ཉིན། 《སྲོལ་ཡིག》དངོས་སུ་ལག་བསྟར་བྱས་པ་རེད། ཁྱེད་ཉིད་ཀྱིས་བལྟས་ན《སྲོལ་ཡིག》ལག་བསྟར་བྱས་པ་ལས་མ་འོངས་པར་ཤུགས་རྐྱེན་གང་འདྲ་ཐེབས་སྲིད་དམ།
     བློ་བཟང་རྒྱལ་མཚན་གྱི་ལན། མི་རིགས་མཐུན་སྒྲིལ་ཁྲིམས་འཛུགས་བྱས་ནས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བ་དེ་དཔེ་སྟོན་ནས་དཔེ་བཟང་གི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཚེ་བོད་ལྗོངས་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ཁག་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ངེས་རེད།
     《སྲོལ་ཡིག》ལག་བསྟར་བྱས་པ་ལས། གོམ་གང་མདུན་སྤོས་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་སྒྲུབ་ཀྱི་འདུ་ཤེས་སྲ་བརྟན་གཏོང་ཐུབ་ངེས་རེད།
     《སྲོལ་ཡིག》ལག་བསྟར་བྱས་པ་ལས། གོམ་གང་མདུན་སྤོས་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྨང་གཞི་བརྟན་དུ་གཏོང་ཐུབ་ངེས་རེད། 
     《སྲོལ་ཡིག》ལག་བསྟར་བྱས་པ་ལས། གོམ་གང་མདུན་སྤོས་ངང་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས་། མཉམ་འདྲེས་བཅས་ཤུགས་ཆེ་རུ་གཏོང་ཐུབ་ངེས་རེད། 
      མི་དམངས་དྲ་བའི་དྲི་བ། ཁྲིམས་འཛུགས་ནི་སྒྲིག་ལམ་དང་། གཏན་འབེབས་ཀྱི་མཆོག་ཏུ་གྱུར་པའི་ལས་དོན་ཞིག་ཡིན་ལ། ལམ་ལུགས་འཛུགས་པའི་བྱེད་སྒོ་གལ་ཆེན་ཞིག་ཀྱང་རེད། ད་ཐེངས་བཏོན་པའི《སྲོལ་ཡིག》ནི་དེ་སྔའི་འབྲེལ་ཡོད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁྲིམས་འཛུགས་དང་བསྡུར་ན་ཁྱད་ཆོས་གསར་པ་གང་ཞིག་ཡོད་དམ།
      བློ་བཟང་རྒྱལ་མཚན་གྱི་ལན། 2019ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀར་མཛུབ་སྟོན་གལ་ཆེན་གནང་བ་སྟེ། “ས་གནས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུའི་ཐབས་ཇུས་དང་བཀོད་སྒྲིག་ལ་དམིགས་པ་དང་། ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།་”པའི་བླང་བྱ་ཁ་གསལ་བཏོན་ཡོད། དེ་སྔའི་འབྲེལ་ཡོད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁྲིམས་འཛུགས་དང་བསྡུར་ན། ད་ཐེངས་ཀྱི་ཁྲིམས་འཛུགས་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་དེ་མཐའ་སྐྱོང་བོད་བརྟན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་གལ་ཆེན་ཞིག་ཏུ་ཐོག་མཐའ་བར་གསུམ་དུ་བརྩིས་ཡོད། དྲང་བདེན་འཛིན་པ་དང་གསར་གཏོད་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་རང་བཞིན་དང་། མཛུབ་སྟོན་རང་བཞིན། གཙོ་ཁྲིད་རང་བཞིན། རྒྱ་ཁྱབ་རང་བཞིན། དམིགས་སའི་རང་བཞིན་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ལས་ཕྱོད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།
   མི་དམངས་དྲ་བའི་དྲི་བ། 《སྲོལ་ཡིག》བཟོས་པར་རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་ལ་ཚང་མའི་མགྲིན་གཅིག་གི་ཁས་ལེན་ཡང་ཐོབ་ཡོད། གོ་རིམ་རྗེས་མར། བོད་རང་སྐྱོང་ལྗོངས་ཀྱིས་《སྲོལ་ཡིག》ཇི་ལྟར་ཕན་ནུས་ལྡན་པའི་ངང་ལག་བསྟར་བྱ་རྒྱུ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་བཙུགས་པའི་ལམ་ལུགས་ཀྱི་ལེགས་ཆ་དེ་ཕན་འབྲས་ལྡན་པའི་སྒོ་ནས་བཅོས་སྐྱོང་གི་ཕན་ནུས་ལ་བསྒྱུར་བ་བྱ་རྒྱུ་ཡིན་ནམ།
  བློ་བཟང་རྒྱལ་མཚན་གྱི་ལན། བཅའ་ཁྲིམས་ཀྱི་གསོན་ཤུགས་ནི་ལག་བསྟར་བྱ་རྒྱུར་ཐུག་ཡོད། བཅའ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་བསྟར་བྱ་རྒྱུར་ཐུག་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ལས་དོན་ལ་མཐོང་ཆེན་བྱས་ནས། སྤྱི་ཚོགས་ཡོངས་སུ་རྒྱ་ཁྱབ་ངང་སྐུལ་སློང་བྱ་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་ཁྱབ་རྒྱ་དང་། གཏིང་ཟབ། ཤུགས་ཚད་བཅས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་འབྲེལ་ཡོད་ལས་དོན་སྤྱི་འདོམས་སྐུལ་འདེད་བཏང་ནས། དུས་རབས་གསར་པར་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་རྒྱུ་ཡིན་ཞེས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1