ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་མཉམ་འབྲེལ་སྒོས་འཛམ་གླིང་ཐོག་གི་ཆེས་རིང་བའི་མྱུར་བགྲོད་ལྕགས་ལམ་བཟོ་སྐྲུན་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-26


 

              ཉེ་ཆར། སྨྱན་སྦྱོར་འགའ་རེས་བཤད་པ་ལྟར་ན། ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་མཉམ་འབྲེལ་སྒོས་འཛམ་གླིང་གི་ཆེས་རིང་བའི་མྱུར་བགྲོད་ལྕགས་ལམ་བཟོས་ཏེ། འགྲིམ་འགྲུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པ་མ་ཟད། མྱུར་བགྲོད་ལྕགས་ལམ་འདི་བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར་2000གཏོང་རྒྱུ་རེད། ལྕགས་ལམ་འདི་ཡི་སྤྱིའི་རིང་ཚད་ལ་སྤྱི་ལེ་1753ཡོད་ལ། འདིས་ནི་རྒྱ་གར་གྱི་གྲོང་ཁྱེར་དྷེ་ལི་དང་ཆན་ནེ་གཉིས་སྦྲེལ་ཡོད། རྒྱ་གར་ཕྱོགས་ནས་བཟོ་ལས་ཚོགས་པ་ཞིག་ཀྲུང་གོར་མངག་གཏོང་བྱས་ཏེ་གསོ་སྦྱོང་བྱ་རྒྱུ་ཡིན་པ་མ་ཟད། ལོ་རྗེས་མར་ལྕགས་ལམ་བཟོ་སྐྲུན་བྱ་འགོ་བརྩོམ་རྒྱུ་རེད། དྲ་གྲོགས་ལྷན་རྒྱས་ནས་ཀྱང་འདི་ལ་དགའ་བསུ་བྱེད་བཞིན་ཡོད་ལ། མྱུར་བགྲོད་གཞུང་ལམ་གྱི་མགྱོགས་ཚད་ནི་དུས་ཚོད་རེ་ལ་སྤྱི་ལེ་300ཡིན་ཚེ། དུས་ཚོད་6ཙམ་ལ་མེ་འཁོར་ནང་བསྡད་ན་ད་གཟོད་དམིགས་འབེན་ས་ཆ་ལ་འབྱོར་ཐུབ་པ་མ་ཡིན་ནམ་ཞེས་དྲི་བའང་བཏོན་འདུག ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1