མང་ཚོགས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་རོལ་ཐུབ་པར་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 05-27



——མི་དམངས་དྲ་བས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྔ་བ་ཁུལ་གྱི་ཁུལ་དཔོན་ལ་ཆེད་དོན་བཅར་འདྲི་ཞུས་པ།

        རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད། ཁུལ་དེ་ནི་རྒྱལ་ཡོངས་ཀྱི་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཅིག་པུ་ཡིན་པ་དང་། དམར་དམག་རྒྱང་སྐྱོད་སྐབས“གངས་རི་དང་རྩྭ་ཐང་བརྒལ་བའི”གསར་བརྗེའི་གནས་རྙིང་ཁུལ་ཡིན། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་དང་ཆུ་ཁུངས་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཡང་ཡིན། དབུལ་བྲལ་འགག་སྒྲོལ་དང་། སྐྱེ་ཁམས་སྲུང་སྐྱོང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་བཅས་ནི་རྔ་བ་ལ་མཚོན་ན་དོན་སྙིང་ཐུན་མོང་མ་ཡིན་པ་ཞིག་ཡོད། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རིང་། མི་དམངས་དྲ་བས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དབྱང་ཁེ་ཉིང་ལ་ཆེད་དོན་བཅར་འདྲི་བྱས་པ་རེད།


        མི་དམངས་དྲ་བ། ད་ཐེངས་ཀྱི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་། དབུལ་སྒྲོལ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་ངེས་པར་དུ་ལེགས་འགྲུབ་བྱེད་དགོས་པའི་ལས་འགན་ཞིག་ཡིན། ད་ལྟ་ལག་བསྟར་བྱེད་བཞིན་པའི་དབུལ་སྒྲོལ་ཚད་གཞི་མཐའ་འཁྱོངས་བྱས་ནས། དབུལ་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་འབོར་དབུལ་པོ་ལྷག་མ་ཚང་མ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱས་ནས། དབུལ་པོ་བསྐྱར་ལོག་གི་མི་འབོར་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དང་ལག་བསྟར་ཡག་པོ་བྱས་ནས། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཞེས་བཏོན་ཡོད། རྔ་བ་ཁུལ་ནི“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པའི་ངོས་ནས། མིག་སྔར་དབུལ་བྲལ་འགག་སྒྲོལ་ལས་དོན་ལ་ཕན་འབྲས་ཇི་འདྲ་ཐོབ་ཡོད་དམ། དབུལ་སྒྲོལ་གྱི་གྲུབ་འབྲས་ཇི་ལྟར་སྲ་བརྟན་དང་མཐོ་རུ་གཏོང་དགོས།
        དབྱང་ཁེ་ཉིང་། ཉེ་བའི་ལོ་ཤས་རིང་། རྔ་བ་ཁུལ་གྱིས་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་དབྱང་དང་ཞིང་ཨུའི་དབུལ་བྲལ་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་པ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམིགས་ཏེ། ཐབས་ཇུས་གནད་སྨིན་ལག་བསྟར་དང་ཧུར་ཐག་འབད་འབུངས་བྱས་རྗེས། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)13གྱི་དབུལ་ཞྭ་ཕུད་ཡོད། དབུལ་ཕོངས་གྲོང་ཚོ་606ཚང་མ་དབུལ་སྒྲོལ་བྱུང་བ་དང་། དབུལ་ཕོངས་མི་འབོར་ཁྲི་10.34བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད། དབུལ་པོ་ཆགས་ཚད་0.03%བར་ཆག་པ་དང་དབུལ་པོ་དབུལ་རྐྱང་གི་དཀའ་གནད་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་གལ་ཆེན་བྱུང་ཡོད།
 གཅིག་ནི་རྨང་གཞིའི་སྒྲིག་བཀོད་སྤྱི་ཡོངས་ནས་མཐོ་རུ་བཏང་ཡོད། “ཅི་ཞིག་མི་འདང་ན་དེ་གསབ་པའི་”རྩ་དོན་ལྟར། ཁང་པ་དང་། ལམ། ཆུ། གློག དྲ་བ་སོགས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། ཁུལ་ཡོངས་ནས་བསྡོམས་པས་མི་9355ཡུལ་བསྟུན་གནས་སྤོ་བྱས་ཡོད། བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་པ་15687བསྐྲུན་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་རིང་ཚད་སྤྱི་ལེ་9778ཟིན་ཡོད། གྲོང་གསེབ་ཀྱི་མི་འབོར་ཁྲི་37.8ཀྱི་འཐུང་ཆུ་ཉེན་མེད་སྲ་བརྟན་དང་གོང་འཕར་བཏང་བ་དང་། དབུལ་ཕོངས་མི་འབོར་ཁྲི་6.2ཡིས་གློག་ཡག་པོ་སྤྱོད་མི་ཐུབ་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱུང་ཡོད། གྲོང་ཚོ་དབུལ་པོ་ཚང་མར་དྲ་བའི་ཡངས་ལམ་ཤར་གཏོང་ཐུབ་ཡོད། གཉིས་ནི་ཐོན་ལས་དབུལ་སྐྱོར་གྱི་ནུས་པ་མངོན་གསལ་དོད་པ་དང་། ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་བཏང་ཡོད། སྲེའུ་མངར་མོ་དང་། བསེ་འབྲས་སྔོན་པོ། ས་མཐོའི་འབྲི་གཡག བོད་རྒྱུད་ལུག་སོགས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། གྲོང་གསེབ་ཉམས་ལེན་གྱི་ཡུལ་སྐོར་དང་ལུས་གསོ་གུང་གསེང་ཡུལ་སྐོར། གསར་བརྗེའི་རིག་གནས་ཡུལ་སྐོར་སོགས་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་བྱུང་ཡོད། ཁུལ་ཡོངས་ནས་གྲོང་ཚོ་དབུལ་པོའི་ཆེད་ལས་མཉམ་ལས་ཁང་668དང་ཞིང་ཆེན་རིམ་པའི་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་10གསོ་སྐྱོང་བྱས་ཡོད། རིམ་རྩིས་བྱས་ན་མི་འབོར་དབུལ་པོ་ཁྲི་8ལྷག་ཙམ་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། གསུམ་ནི་ལས་ཞུགས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཤར་ནུབ་དབུལ་སྐྱོར་རོགས་ལས་དང་ཞིང་ཆེན་ནང་ཁུལ་གྱི་རིགས་མཐུན་རོགས་སྐྱོར་འབྲེལ་མཐུད་གཏིང་ཟབ་བྱས་ནས། དབུལ་སྐྱོར་འཁོར་ཁང་61བསྐྲུན་པ་དང་མི་འབོར་དབུལ་པོ་ཁྲི་3.6ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཕྱིར་གླ་པར་བཏང་ཡོད། དེ་དང་ཆབས་ཅིག་སྐྱེ་ཁམས་ནུས་པའི་ངེས་གནས་ལ་གཞི་ཚུགས་ཏེ། སྐྱེ་ཁམས་དབུལ་སྐྱོར་གསར་གཏོད་དང་ལག་བསྟར་བྱས་ཡོད། མང་ཚོགས་དབུལ་པོ་ཁྲི་2.4སྐྱེ་ཁམས་དོ་དམ་སྲུང་སྐྱོང་ལས་གནས་སུ་ལས་ཞུགས་ཐུབ་ནས། སྐྱེ་ཁམས་སྲུང་སྐྱོང་དང་དབུལ་སྒྲོལ་གནད་སྨིན་གྱི“རྒྱལ་ཁ་གཉིས”ཐོབ་ཡོད། བཞི་ནི་མཐའ་སྐྱོང་འགན་ལེན་ནུས་ལྡན་བྱུང་ཡོད། ལོ་བཅོ་ལྔའི་འོས་འགན་སློབ་གསོ་དང་བོད་ཁུལ་གྱི་“9+3”སློབ་ཡོན་མི་དགོས་པའི་སློབ་གསོ་ཟབ་སྤེལ་བྱས་ནས། བསྡོམས་པས་སློབ་ཡོན་རྩ་ཆག་དང་ཁ་གསབ་དངུལ་སྒོར་དུང་ཕྱུར་13སྤྲད་པས། སློབ་མ་མི་ཐེངས་ཁྲི་42ལ་ཕན་པ་ཐོབ་ཡོད། “འགན་ལེན་གསུམ་དང་རོགས་སྐྱོབ་བཞི་ཐེབས་རྩ་གཉིས་”ཀྱི་འགོག་སྲུང་འཛིང་རགས་དགུ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། ནད་པ་དབུལ་པོ་རྫོང་ཁོངས་ནས་སྨན་ཁང་དུ་སྡོད་མཁན་མི་སྒེར་གྱིས་སྤྲད་པའི་སྨན་རིན་གྱི་བསྡུར་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད་པ་དང་། གྲུམ་བུ་ཚིགས་ཆེན་ནད་སོགས་ཡུལ་ནད་བཀག་འགོག་ནུས་ལྡན་ཐུབ་ཡོད་པ་རེད། ལྔ་ནི་མང་ཚོགས་ཀྱི་ཡོང་འབབ་ཆེས་ཆེར་འཕར་ཡོད། ཁུལ་ཡོངས་ཀྱི་ཚགས་འཛུགས་བྱང་འགོད་ཀྱི་མི་འབོར་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་སྒོར་2625ནས་2019ལོའི་སྒོར་8503བར་འཕར་ཡོད། ལོ་རེར་ཆ་སྙོམས་34.2%འཕར་བ་དེ་རྒྱལ་ཡོངས་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་4ཡིས་མཐོ་བ་ཡོད། ད་ལོ་ནས་བཟུང་ང་ཚོས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཧུར་ཐག་གིས་ཁ་གཏད་འཇལ་ནས། སྤྱི་ཕན་ལས་གནས་གསར་སྤེལ་དང་། དབུལ་སྐྱོར་འཁོར་ཁང་། དབུལ་སྐྱོར་ཁེ་ལས་བསྡུ་ལེན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། དབུལ་ཕོངས་མི་འབོར་གྱི་ཡོང་འབབ་ཆུ་ཚད་དམའ་རུ་མི་འགྲོ་བའི་འགན་ལེན་བྱས་ཡོད།
དབུལ་སྒྲོལ་བྱ་རྒྱུ་དེ་གྲངས་འབོར་ལ་བལྟ་དགོས་པ་མ་ཟད། སྤུས་ཚད་ལ་དེ་བས་བལྟ་དགོས། དབུལ་བྲལ་འགག་སྒྲོལ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པའི་རྨང་གཞིའི་ཐོག ང་ཚོས་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱ་རྒྱུ་དེ་སྔར་བས་གལ་ཆེན་དུ་བཟུང་ནས། ཐབས་བརྒྱ་ཇུས་སྟོང་གིས་དབུལ་སྒྲོལ་སྤུས་ཚད་ལ་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱ་དགོས།

 གཅིག་ནི་“སོར་འཇོག་བཞི་”ཡི་བླང་བྱ་དོན་འཁྱོལ་ནན་མོ་བྱ་དགོས། བྱེད་པོའི་འགན་འཁྲི་དང་། ལས་རིགས་ཀྱི་འགན་འཁྲི། རོགས་སྐྱོར་གྱི་འགན་འཁྲི་བཅས་མུ་མཐུད་དམ་དུ་བཏང་ནས། ཧུར་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། ད་ལོ་ཁུལ་ཡོངས་ཀྱི་དབུལ་སྐྱོར་ཆེད་དོན་རྣམ་གྲངས་14ལ་མ་དངུལ་སྒོར་དུང་ཕྱུར་74.3གཏོང་རྩིས་ཡོད་པ་རེད། དུས་མཚུངས་སུ། “བསྐྱར་ཞིབ་དང་། བསྐྱར་དུ་རོགས་རམ”ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཡིན་ལ། “གནད་དོན་གཙང་བཤེར་གྱི་བྱ་སྤྱོད་”ཏན་ཏན་ཏིག་ཏིག་གིས་སྤེལ་བ་དང་། དག་ཐེར་ཡོ་བསྲང་གི་“མཇུག་མཐའི་ལས་ཀ་”ཡག་པོ་བསྒྲུབ་དགོས། གཉིས་ནས“འགུལ་རྣམ་ཅན”གྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། “དོན་དག་མ་བྱུང་གོང་ལ་སྔོན་འགོག་དང་། དོན་དག་བྱུང་སྐབས་སུ་རོགས་སྐྱོབ། དོན་དག་བྱུང་རྗེས་སུ་འགན་སྲུང་”བཅས་གཞི་གཅིག་ཏུ་འདུས་པའི་ཡང་བསྐྱར་དབུལ་ཕོངས་ཆགས་པ་སྔོན་འགོག་ཐད་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། “མཐིལ་དཔྱོད་གཉིས”ཀྱི་ལས་དོན་ཏན་ཏིག་སྤེལ་ནས། མཐའ་མཚམས་ཀྱི་དུད་ཚང་དང་བརྟན་འཇགས་མིན་པའི་དུད་ཚང་601དང་། མི་2653ཞིབ་བཤེར་གཏན་འཁེལ་བྱ་དགོས། དེ་དང་ཆབ་ཅིག་དུས་ཐོག་ཏུ་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཐོན་པའི་གནད་དོན་ལ་དམིགས་ཏེ། དུས་བཅད་ནང་ཚད་གཞི་དང་ཞན་ཆ་གསབ་དགོས། གསུམ་ནི་“ཕུགས་ཕན་ཅན་”གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། “དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ལག་བསྟར་ཇུས་གཞི་”དུས་ཐོག་ཏུ་འདོན་པ་དང་། ཚད་གཞི་དང་བསྡུར་ནས་ཞིབ་ཕྲའི་བྱེད་ཐབས་69བཏོན་ཏེ། རྔ་བ་སྣར་ལས་འཕེལ་རྒྱས་ཇེ་ཆེར་བཏང་ནས། མང་ཚོགས་སྔར་ལས་བདེ་སྐྱིད་ལྡན་པར་བསྐྲུན་དགོས།


        མི་དམངས་དྲ་བ། ཐེངས་འདིའི་སྲིད་གཞུང་གི་ལས་ཀའི་སྙན་ཞུའི་ནང་ད་དུང་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས། འབག་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་དམིགས་ཚད་མངོན་འགྱུར་བྱ་དགོས་ཞེས་བསྟན་ཡོད། རྔ་བ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་གནས་ཡོད། སི་ཁྲོན་དང་ཐ་ན་ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་དང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ལྟག་ཆུ་བསྐྱིལ་གསོག་ཁུལ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ཀྱིས་དབྱེ་མཚམས་བཅད་པའི་སྐྱེ་ཁམས་ནུས་ཁུལ་གཙོ་བོ་ཞིག་ཡིན་པས། སྐྱེ་ཁམས་ནི་རྔ་བ་ལ་མཚོན་ན་ཧ་ཅང་གལ་འགངས་ཆེ་བ་སྨོས་མི་དགོས་པ་ཞིག་རེད། རྔ་བས་ཀྱང་དེ་ལ་ངོས་འཛིན་གཏིང་ཟབ་བྱུང་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་དམིགས་འབེན་བཏོན་ཡོད་པས། བྱེ་བྲག་ཏུ་ཕྱོགས་གང་དག་ནས་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ཡག་པོ་དང་སྐྱེ་ཁམས་ལས་དོན་ཆེན་པོ་ལེགས་པོ་སྒྲུབ་པར་ཤུགས་རྒྱག་དགོས་སམ།
        དབྱང་ཁེ་ཉིང་། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་འབྲེལ་བ་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་ནམ་ཡང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་ལ་ལྷག་ཏུ་འབྲེལ་བ་ཡོད། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དེ་རྩ་བའི་གཞི་འཛིན་སར་བྱ་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱས་ནས། “སྐྱེ་ཁམས་ལ་བརྟེན་ནས་ཁུལ་སྐྱོང་བའི”འདུ་ཤེས་ལ་གཡོ་འགུལ་མི་གཏོང་བ་དང་། སྲུང་སྐྱོང་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་ཀྱི“ཐབས་མང་མཉམ་སྤྱོད”མཐའ་འཁྱོངས་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་གི་ལས་དོན་གལ་ཆེན་འདི་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། བྱེ་བྲག་ཏུ་བཤད་ན། གཙོ་བོ་ཕྱོགས་བཞི་ནས་ཤུགས་རྒྱག་དགོས་པ་སྟེ།
    གཅིག་ནི་“སྐྱེ་ཁམས་འདུ་ཤེས་”རྩ་བར་བཟུང་ནས་སྟོད་རྒྱུད་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས། རྔ་བའི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། ལེགས་ཆ་ཆེ་ཤོས་བཅས་ཀྱི་སྐྱེ་ཁམས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་ཕྲག་ཏུ་མཐའ་གཅིག་ཏུ་འཁུར་དགོས། སི་ཁྲོན་ནུབ་བྱང་གི་རྔ་བའི་སྐྱེ་ཁམས་དཔེ་སྟོན་ཁུལ་མགྱོགས་མྱུར་བསྐྲུན་རྒྱུ་ཐབས་ལམ་གཙོ་བོ་དང་ལས་ཀའི་དམ་འཛིན་བྱ་གཞིར་བྱས་ནས། “སྲུང་ཡོལ་གཅིག་དང་ཁུལ་བཞི། ས་ཁོངས་ཧྲིལ་པོའི་སྐྱེ་ཁམས”འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་གཏོད་དགོས། སྐྱེ་ཁམས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ། རིག་གནས་ཞི་མཐུན་བསྟུན་མཁས། མི་དམངས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འབག་མེད་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་དཔེ་སྟོན་བྱེད་དགོས།
    གཉིས་ནི“སྐྱེ་ཁམས་སྲུང་སྐྱོང”རྨང་གཞིར་བྱས་ཏེ། སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏོང་དགོས། འཕར་ཆག་ཡོད་པ་དང་། ལེགས་སྒྲིག་བྱེད་པ། ཚོད་འཛིན་ཡོད་པ། ཚོད་འཛིན་ཡོད་པ་བཅས་ཀྱི་རྩོད་སྒྲུབ་ཀྱི་འབྲེལ་བ་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱ་དགོས། ནགས་ཚལ་དང་རྩྭ་ཐང་དང་། འཁྱགས་རོམ་དང་འདམ་ར། ཆུ་བོ་དང་མཚེའུ་བཅས་གཙོ་གནད་དུ་བྱས་ཏེ། ཕྱོགས་ཡོངས་དང་ས་ཁོངས་ཡོངས་སུ་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཉམས་ཞན་ཁུལ་ཕྱོགས་བསྡུས་ཀྱིས་ཉམས་གསོ་བཅོས་སྐྱོང་བྱེད་པའི་མིག་དཔེ་དང་། འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་གྱི་གནོད་འཚེ་བྱུང་རྗེས་སླར་གསོ་དང་དར་རྒྱས་གཏོང་བའི་མིག་དཔེ། སི་ཁྲོན་ནུབ་བྱང་གི་ས་མཐོའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་མཐོར་འདེགས་གཏོང་བའི་མིག་དཔེ་བཅས་དམ་འཛིན་བྱ་གཞིར་བྱས་ནས། བརྒྱུད་རིམ་ཧྲིལ་པོ་དང་མ་ལག་ཧྲིལ་པོས་འབག་མེད་འཕེལ་རྒྱས་ཀྱི་དཔེ་སྟོན་ལ་སྐུལ་འདེད་བཏང་ནས། གནམ་སྔོན་པོ་དང་། ཆུ་དྭངས་མོ། རི་སྔོ་ལྗང་། ས་གཙང་མ་བཅས་ཀྱི་ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་ཤུགས་ཆེན་གཏོང་དགོས།
 གསུམ་ནས“སྐྱེ་ཁམས་བཅོས་སྐྱོང”དེ་གཙོ་གནད་དུ་བྱས་ནས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་དགོས། “ཐིག་གསུམ་དང་རྐྱང་བ་གཅིག་”གི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཚན་རིག་དང་མཐུན་ཞིང་ཆོས་ཉིད་དང་མཐུན་པའི་སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བ་བཅས་ཀྱི་བར་སྟོང་མ་ལག་ཧུར་ཐག་གིས་འཛུགས་དགོས། ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས། སྦགས་བཙོག་འགོག་བཅོས་ཀྱི“གཡུལ་འགྱེད་ཆེན་པོ་བརྒྱད”མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས། རང་བྱུང་སྲུང་སྐྱོང་ཁུལ་དང་། འཐུང་ཆུའི་ཆུ་འགོ། ཐོར་ཟིང་སྦགས་བཙོག་ཁེ་ལས་སོགས་གཙོ་གནད་ཁྱབ་ཁོངས་བཅོས་སྒྲིག་ལ་དམ་འཛིན་ནན་མོ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ་དང་། ཐོན་ཁུངས་ཕན་ནུས་ཆེན་པོས་བེད་སྤྱོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།
    བཞི་ནི་“སྐྱེ་ཁམས་ཐོན་ལས་”དམིགས་སུ་བཟུང་ནས། སྐྱེ་ཁམས་དམངས་ཕྱུག་ཡོང་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་གཙོ་བོར་འཛིན་པ་དང་འབག་མེད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས། སྐྱེ་ཁམས་ཞིང་ལས་དང་། ལྗང་མདོག་བཟོ་ལས། ནུས་ཁུངས་གཙང་མ། ས་ཁོངས་ཡོངས་ཀྱི་ཡུལ་སྐོར། མི་རིགས་ཀྱི་རིག་གནས་ཐོན་ལས་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྒྱུ་ཆ་གསར་པ་དང་། བོད་དང་ཆའང་རིགས་ཀྱི་གསོ་རིག སྐྱེ་ཁམས་ཟས་རིགས་དང་འཐུང་བྱ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཧུར་ཐག་གིས་གསོ་སྐྱོང་བྱ་དགོས། དུས་མཚུངས་སུ་གཅིག་གྱུར་གྱིས་མཐུན་སྦྱོར་དང་རིགས་དབྱེ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ནུབ་བྱང་རྩྭ་ཐང་གི་ཁྱད་ལྡན་ཐོན་ལས་དང་། ལྷོ་ནུབ་ནུས་རྒྱུ་གཙང་མའི་ཐོན་ལས། བྱང་ཤར་རིག་གནས་ཡུལ་སྐོར་ཐོན་ལས། ཤར་ལྷོའི་འབག་མེད་དཔལ་འབྱོར་འཕེལ་རྒྱས་བཅས“དཔེ་སྟོན་ཁུལ”མགྱོགས་མྱུར་བསྐྲུན་ནས། ས་ཁོངས་ཡོངས་མཉམ་འགུལ་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་འཇུག་པ་དང་། མང་ཚོགས་རྒྱུན་མཐུད་དང་བརྟན་པོའི་ངང་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས།
        མི་དམངས་དྲ་བ། རྔ་བ་ཁུལ་ལ་ཡུལ་སྐོར་ཐོན་ཁུངས་ཐུན་མོང་མ་ཡིན་པ་ཞིག་ཡོད། གཟི་ཚ་སྡེ་དགུ་ཆེན་མོ་དང་། དོམ་ཁྲ། རྩྭ་ཐང་ཆེན་མོ། རྒྱང་སྐྱོད་ཆེན་མོ། གངས་རི་ཆེན་མོ། འཁྱགས་ཀླུང་ཆེན་མོ། ཚོན་ཁྲ་ཅན་གྱི་ནགས་ཚལ། ས་ཡོམ་ཆེན་མོའི་རྗེས་ཤུལ། ཏ་ཡུས་ཀྱི་ཕ་ཡུལ་སོགས་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་པ་དང་། འཛམ་གླིང་དུ་སྐད་གྲགས་ཆོད་ཡོད་པས། རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ཁྱད་ཆོས་བེད་སྤྱོད་ཇི་ལྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རིང་ཡུལ་སྐོར་ལས་རིགས་དེ་ས་ཁོངས་ཧྲིལ་པོའི་དཔལ་འབྱོར་ཁྲོད་ཀྱི་ཀ་རྟེན་ལྟ་བུའི་གནས་བབ་ལ་ཤུགས་སྣོན་རྒྱག་དགོས་སམ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་ཡུལ་སྐོར་འཕེལ་རྒྱས་ཁྲོད་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས་སམ།
        དབྱང་ཁེ་ཉིང་། ཡུལ་སྐོར་ནི་རྔ་བ་ཁུལ་གྱི་ལེགས་ཆ་ལྡན་པའི་ཀ་རྟེན་ཐོན་ལས་ཤིག་ཡིན་ལ། ཁྱད་ལྡན་དམངས་ཕྱུག་ཐོན་ལས་ཤིག་ཀྱང་ཡིན། མིག་སྔར་རྔ་བ་ཁུལ་གྱི་ཡུལ་སྐོར་དེ་མགྱོགས་མྱུར་སླར་གསོ་དང་། ས་ཁོངས་ཡོངས་ཀྱི་འཕེལ་རྒྱས། ཕྱོགས་ཡོངས་ནས་དར་རྒྱས་བཅས་ཀྱི་འགག་རྩའི་དུས་སུ་སླེབས་ཡོད། ང་ཚོས་“རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་”དང་“རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས་”ཡི་འཐབ་ཇུས་དམིགས་འབེན་ལ་དམ་པོར་དམིགས་ནས། “བསྐྱར་སྐྲུན་”དང་“གསར་སྐྲུན་”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས། རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་མཉམ་འདྲེས་དང་། གསར་གཏོད། ཕྱོགས་སྒྱུར་བཅས་ཀྱི་འཕེལ་རྒྱས་ལ་མགྱོགས་མྱུར་དུ་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ལས་རིགས་དང་ཐ་ན་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་དེའི་འདེགས་སྐྱོར་དང་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
        གཅིག་ནི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་ཀྱི་བཀོད་པ་ལེགས་སྒྲིག་བྱེད་དགོས། ཐོན་ཁུངས་ཀྱི་རང་སྤུས་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ནས། “ས་ཁོངས་གཅིག་དང་ཁུལ་བཞིའི”ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ(ས་ཁོངས་དང་པོ། དོམ་ཁྲའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དཔལ་འབྱོར་ས་ཁོངས་དང་། ས་ཁུལ་བཞི་སྟེ། རི་ཁུལ་རིག་གནས་དང་། རྒྱལ་རོང་རིག་གནས། ཤར་མའི་བུད་མེད་རིག་གནས་སོགས་ཕན་ཚུན་འོད་མདངས་འཕྲོ་བའི་ལྷོ་ནུབ་རིག་གནས་ཡུལ་སྐོར་དཔལ་འབྱོར་ཁུལ། རྩྭ་ཐང་གི་རིག་གནས་དང་། ཨ་མདོའི་རིག་གནས། རྒྱང་སྐྱོད་རིག་གནས་སོགས་ཟུང་འབྲེལ་དམ་ཟབ་བྱེད་པའི་ནུབ་བྱང་རིག་གནས་ཡུལ་སྐོར་དཔལ་འབྱོར་ཁུལ་དང་། ཀུའུ་ཆང་རིག་གནས་དང་། ཏ་ཡུས་རིག་གནས། ཇ་རྟའི་རིག་གནས་སོགས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཤར་ལྷོའི་རིག་གནས་ཡུལ་སྐོར་དཔལ་འབྱོར་ཁུལ། རང་བྱུང་ཤུལ་བཞག་སྐྱེ་ཁམས་རིག་གནས་དང་། ལོ་རྒྱུས་རིག་གནས། དམངས་སྲོལ་རིག་གནས་སོགས་མཉམ་འགུལ་འཕེལ་རྒྱས་ཀྱི་བྱང་ཤར་རིག་གནས་ཡུལ་སྐོར་དཔལ་འབྱོར་ཁུལ། ) ཐོན་ལས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་དགོས།
        གཉིས་ནི་རྨང་གཞི་བརྟན་དུ་བཏང་ནས་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། ཝུན་ཁྲོན་དང་མན་ཅིའུ་མྱུར་བགྲོད་གཞུང་ལམ། ཁྲེང་ལན་ལྕགས་ལམ་སོགས་གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ཁུལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་13896ཟིན་པ་དང་། གསེར་མཚོའི་གནམ་གྲུ་ཐང་དང་ཧུང་ཡོན་གནམ་གྲུ་ཐང་གིས་སྔ་རྗེས་སུ་ཐད་གཏོང་མཁའ་ལམ་22ཤར་གཏོང་བྱས་པ་དང་། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལངས་གཟུགས་འགྲིམ་འགྲུལ་དྲ་བ་མགྱོགས་མྱུར་ངང་ཆགས་ཡོད། སྐྱེལ་འདྲེན་ཤར་གཏོང་འགན་ལེན་གྱི་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཞིང་། དུས་མཚུངས་སུ། ཐོན་ཁུངས་སྡེབ་སྒྲིག་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་དང་ཡུལ་སྐོར་ལམ་རྒྱུད་ཀྱི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས། ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི། མཐོ་གནོན་དབྱང་ཚང་སོགས་སྤྱི་པའི་སྤྲོ་གསེང་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་བྱ་དགོས། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། སྔར་ལས་སྤུས་ལེགས་ཀྱི་འཕེལ་རྒྱས་ཁོར་ཡུག་བསྐྲུན་དགོས།
        གསུམ་ནི་སྣ་མང་མཉམ་འདྲེས་མགྱོགས་སུ་བཏང་ནས། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “ཡུལ་སྐོར་+”དང་“+ཡུལ་སྐོར”འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་དགོས། “རིག་གནས་ཡུལ་སྐོར་དང་། འབག་མེད་ཡུལ་སྐོར། གྲོང་ཁྱེར་ཡུལ་སྐོར། ཞིང་འགྲུལ་ཡུལ་སྐོར། འབྲོག་ལས་ཡུལ་སྐོར། ལུས་རྩལ་ཡུལ་སྐོར། འགྲིམ་འགྲུལ་ཡུལ་སྐོར”སོགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གཟི་ཚ་སྡེ་དགུ་དང་། དོམ་ཁྲ། རྩྭ་ཐང་། རྒྱང་སྐྱོད་ཆེན་མོ། གངས་རི་ཆེན་མོ། འཁྱགས་ཀླུང་ཆེན་མོ། ཚོན་ཁྲའི་ནགས་ཚལ། ས་ཡོམ་ཆེན་མོའི་རྗེས་ཤུལ། ཏ་ཡུས་ཀྱི་ཕ་ཡུལ་སོགས་“ཚོང་རྟགས་ཆེན་པོ་དགུ་”ཡག་པོ་བསྐྲུན་དགོས། “རྫོང་རེར་དུས་ཆེན་གཅིག་དང་ཚོང་རྟགས་གཅིག”བཅས་དམིགས་སུ་ཟུང་འབྲེལ་བྱ་དགོས། རིག་གནས་དང་ཡུལ་སྐོར་གྱི་ཁྱད་པར་ཅན་གྱི་འཕེལ་རྒྱས་དང་། ལས་རྣམ་མང་བའི་མཉམ་འདྲེས། ཐོན་ལས་ཕྲེང་བ་རྒྱ་སྐྱེད་བཅས་ལ་སྐུལ་འདེད་གཏོང་བ་དང་། ཐོན་རྫས་གསར་པ་སྔར་ལས་མང་བ་གསོ་སྐྱོང་བྱ་དགོས། སྤྲོ་སྐྱིད་ལྡན་པའི་“ཧུང་ཡོན་གྱི་ནོར་གནག་རོལ་དབྱངས་དུས་ཆེན་”དང་། “ཁྲོ་ཆུའི་ལོ་མ་དམར་པོའི་དུས་ཆེན་”སོགས་ཁྱད་ཆོས་ལྡན་པའི་ཚོང་རྟགས་གཏོད་དགོས། འཕར་གཞི་དེ་བས་མང་བ་ཆགས་པ་བྱས་ནས་ཕན་འབྲས་ཆེ་ཤོས་ཐོན་པ་བྱེད་དགོས།
    བཞི་ནི་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ལ་རོགས་རམ་བྱེད་དགོས། གྲོང་གསེབ་ཀྱི་ཡུལ་སྐོར་ནི་གཞིར་བཟུང་ནས། “གླིང་ཁུལ་མཛེས་ལྗོངས་ཁུལ་དུ་བསྒྱུར་བ་དང་། ཞིང་ར་སྤྱི་གླིང་དུ་བསྒྱུར་བ། ཁྱིམ་གཞིས་མེ་ཏོག་ལྡུམ་རར་བསྒྱུར་བ། ཞིང་ཁང་མགྲོན་ཁང་དུ་བསྒྱུར་བ། ཐོན་རྫས་ཚོང་ཟོག་ཏུ་བསྒྱུར་བ་”བཅས་ཀྱི་བྱ་སྤྱོད་ལྔ་ལག་བསྟར་ཤུགས་ཆེན་བྱས་ཏེ། ལྟེ་བའི་མཛེས་ལྗོངས་ཁུལ་གྱིས་སྣེ་ཁྲིད་དང་། དཔེ་སྟོན་གྲོང་སྡེ་ཡིས་ཁྲིད་སྟོན། ཁྱད་ཆོས་ལྡན་པའི་གླིང་ཁུལ་གྱིས་འདེགས་སྐྱོར་བཅས་བྱེད་པའི་ཐོན་ལས་མ་ལག་ཧུར་ཐག་གིས་འཛུགས་དགོས། ཞང་ཞུང་ལྷ་སྡེའི“དོ་དམ་སྤྱི་གཉེར་ཁང་+གྲོང་ཚོའི་ཨུ་ལྷན་གཉིས+ཞིང་དུད”དང་། སྟག་མགོ་རིའི“འཇོན་ཐང་ཅན+ཞིང་དུད”སོགས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་དང་གསར་གཏོད་བྱེད་དགོས། སྲོལ་རྒྱུན་གྱི་གྲོང་སྡེ་གཞི་རྟེན་དུ་བྱེད་པ་དང་། “སྲོལ་རྒྱུན་གྲོང་ཚོ+མངོན་མིན་རིག་གནས་ཤུལ་བཞག+ཁྱིམ་ཚང་མགྲོན་ཁང་”ཐོན་ལས་རྟེན་གཞི་ཞིབ་ཚགས་ངང་བཏོད་དེ། སྤུས་ལེགས་ཅན་གྱི་རྩེར་སོན་གྱི་སྡོད་ཁང་དང་། སྣ་མང་ཅན་གྱི་འབྲིང་རིམ་གྱི་གྲོང་མིའི་སྡོད་ཁང་། ཚད་ལྡན་ཅན་གྱི་དམའ་རིམ་གྱི་སྡོད་ཁང་བཅས་ཁག་གཅིག་བསྐྲུན་དགོས། སྲོལ་རྒྱུན་གྲོང་ཚོ་དེ་དམངས་སྲོལ་འཛུགས་སྐྲུན་གྱི“འགྱུར་རྡོ་གསོན་པོ”དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི“འགྲེམས་སྟོན་བྱ་ཡུལ།” ཁྱད་ལྡན་ཞིང་ལས་ཀྱི“ཉམས་ལེན་གླིང”བཅས་སུ་འགྱུར་བ་བྱེད་དགོས།
    དེང་སྐབས། ང་ཚོས་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས། མཛེས་ལྗོངས་ཁུལ་གྱི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱེད་པའི་རྨང་གཞིའི་ཐོག ལེགས་སྒྲིག་ཚོང་གཉེར་བྱེད་ཤུགས་ཆེ་རུ་གཏོང་དགོས། “ཡུལ་སྐོར་འོས་སྦྱོར་དང་། རིག་གནས་གཉེན་སྒྲིག སྨྱན་སྦྱོར་དྲིལ་བསྒྲགས། ཡུལ་སྐོར་བའི་ཉམས་མྱོང”སོགས་ཀྱི་གཉེར་ཚོང་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་བྱེད་པ་དང་། “རིམས་འགོག་ཏུ་སོང་ནས་ཕྱིར་ལོག་མཁན་གྱི་དྲིན་ཚོར་བ”ཞེས་པའི་རིན་མེད་ངང་རྔ་བར་ཡུལ་སྐོར་བྱེད་པ་སོགས་ཁྱད་ལྡན་བྱེད་སྒོ་སྤེལ་ནས། ཡུལ་སྐོར་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དུས་མཚུངས་སུ། “ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱིས་དཀའ་གནད་མཉམ་སྒྲོལ་བྱེད་པར་རྒྱབ་སྐྱོར་བྱེད་པའི་”སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་གང་མགྱོགས་བྱས་ཏེ། བཟའ་བཏུང་དང་། ཞག་སྡོད། དངོས་ཟོག་ཉོ་སྒྲུབ་སོགས་ཆ་འགྲིག་ཐོན་ལས་སླར་གསོ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། ཡུལ་སྐོར་བའི་དགོས་མཁོ་སྐོང་གང་ཐུབ་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1