༄༅།།མཐོ་སྒང་གི་རྒྱུན་མཐོང་ཡན་ལག་རུས་ཚིགས་དང་སྒལ་ཚིགས་ནད་བཅོས་བྱེད་སའི་སྨན་ཁང་ཞིག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-27



        ཁྲེན་ཏུའུ་ཅིན་ཆའོ་སྨན་ཁང་ནི་སྔོན་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་ཅིན་ཆའོ་སྨན་ཁང་ཞེས་འབོད། སྨན་ཁང་ནི་སློབ་དཔོན་ཆེན་མོ་མའོ་ཨན་མིང་གི་སྣེ་ཁྲིད་འོག །དེང་རབས་སྨན་བཅོས་གཞུང་ལུགས་གསར་པར་གཞིར་བཟུང་ནས། ཀྲུང་གོ་མི་དམངས་བཅིངས་འགྲོལ་མཁའ་དམག་སྤྱིའི་སྨན་ཁང་གི་སློབ་དཔོན་ཡུས་ཡཱ་ཀྲུའུ་དང་མཉམ་འབྲེལ་བྱས་ནས། ཆེད་རྩོམ་《རྩི་ཤིང་དབང་རྩ་གསོ་བཅོས་རིག་པ།》དང་《ནད་གཟེར་གསོ་བཅོས་རིག་པ།》མཉམ་དུ་པར་སྐྲུན་མཛད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་གི་སྨན་པ་སློབ་ཆེན་གྱི་དམག་ཡོངས་རྨས་སྐྱོན་ཞིབ་འཇུག་ཁང་གི་ཡོའན་ཧྲི་ཁྲིན་ཐན་མིང་དང་། སློབ་དཔོན་ཆེན་མོ་སོས་ཡུང་ཕིང་གིས་མཛུབ་ཁྲིད་འོག །སྲོག་ཆགས་ཚོད་ལྟའི་རྨང་གཞིའི་གཞུང་ལུགས་གྲུམ་འབྲས་ཀྱི་ར་སྤྲོད་བྱས་ཡོད་པ་ནི། རྩི་ཤིང་དབང་རྩས་མིའི་དབང་རྩའི་མ་ལག་དང་རིམས་ཐར་མ་ལག །གསང་རྒྱུད་ཟགས་གཤེར་མ་ལགའཁོར་སྐྱོད་མ་ལག་ལ་ཕྱོགས་གཉིས་སྙོམས་སྒྲིག་གི་ནུས་པ་ཐོན་ཡོད། མིའི་ཁོག་ནད་ཀྱི་འཁོར་ཡུག་ལ་ལེགས་བཅོས་བྱེད་ཐུབ་པ་དང་། ནང་བརྟེན་རྣམ་པའི་སྙོམས་སྒྲིག་ནུས་པ། དེ་མིན་དགའ་སྤྲོ་སྐྱེས་པ་དང་ཚོད་འགོག་གི་ཕྱོགས་གཉིས་ནས་ནུས་པ་ཐོན་ཡོད། མི་རིགས་ཀྱི་ནད་མང་པོར་སྨན་བཅོས་ལེགས་པོར་བྱས་པའི་ནུས་པ་ཐོན་ཡོད།

        སྒལ་ཚིགས་ནི་མིའི་རིགས་ཡར་ལངས་པ། དབང་རྩ་གཙོ་བོའི་མ་ལག་དང་རྩི་ཤིང་དབང་རྩའི་མ་ལག །ཁྲག་སྐྲུན་མ་ལག་གི་ནུས་པ་དམིགས་བསལ་བ་སྲུང་སྐྱོབ་བྱེད་ཆས་ཡིན་པས། མིའི་རིགས་ཀྱི་བདེ་ཐང་ནི་སྒར་ཚིགས་ནུས་པ་སྲུང་སྐྱོབ་བྱེད་པ་ནས་འགོ་འཛུགས་དགོས།ང་ཚོའི་སྒལ་ཚིགས་ལ་སེམས་འཁུར་དང་སྲུང་སྐྱོབ་བྱེད་པ། སྒལ་ཚིགས་ལ་ཉམས་མྱོང་གསར་པ་ཐེབས་པ། སྒལ་ཚིགས་གྱི་བྱེད་ནུས་ལེགས་པོ་འདོན་ཐུབ་ན། མིའི་རིགས་བདེ་ཐང་ཡོང་ཐུབ་པས།སྒལ་ཚིགས་གསར་བརྗེ་ཞེས་འབོད།
 མཚོ་བོད་མཐོ་སྒང་ནི་གྲང་ངར་ཆེ་བ་དང་། དབྱང་རླུང་ཉུང་བས་སྒར་ཚིགས་ནད་མང་བའི་ས་ཆ་ཞིག་ཡིན། ནད་འདི་དག་གི་མཚོན་རྟགས་ཐུན་མོང་ནི། ཟུག་གཟེར་རྒྱག་པ། ཚིགས་ཆེ་ཆུང་དབྱིབས་འགྱུར་དང་སྐྲངས་པ། ལག་པའི་དབྱིབས་འགྱུར་བ། པུས་ཚིགས་སྐྲངས་ནས་ཆེ་བར་འགྱུར་བ། རུས་པ་སྐྱེས་པ། འགྲོ་མི་བདེ་བ། དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་སྨན་བཅོས་བྱེད་མ་ཐུབ་ན། དབང་པོ་དང་རྐང་ལག་སྐྱོན་ཅན་དུ་ལོག་སྲིད་པས་ཚེ་གང་པོའི་སྡུག་ཡིན། ཁྲེན་ཏུའུ་ཅིན་ཆའོ་སྨན་ཁང་གིས་ཚན་རིག་གི་འདུ་ཤེས་གསར་པས་གཟེར་མེད་པ་དང་རྨ་ཁ་མེད་པའི་གནད་སྨིན་སྨན་བཅོས་ལག་རྩལ་བཀོལ་ནས། བོད་ཁུལ་གྱི་ནད་པ་མང་པོ་ལ་ནུས་ཡོད་ཀྱི་སྨན་བཅོས་བྱས་ཏེ། ནད་ཀྱིས་མནར་བའི་སྡུག་ལས་ཐར་བར་བྱས་ནས་ལུས་པོ་བདེ་ཐང་ཐོབ་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1