དཀའ་སྤྱད་འབད་འཐབ་ལས་བདེ་སྐྱིད་ཀྱི་མེ་ཏོག་བཞད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-29



རང་ཁུལ་ཉག་ཆུའི་སྟོད་རྒྱུད་ཀྱི་རྫོང་བཞིའི་འབྲེལ་མཚམས་ཀྱི་ཡུལ་གྲོང་དབུལ་ཕོངས24ཡི་དབུལ་ཐར་འགག་སྒྲོལ་གྱི་ཟིན་ཐོ།

དཀའ་སྤྱད་འབད་འཐབ་ལས་བདེ་སྐྱིད་ཀྱི་མེ་ཏོག་བཞད།
གྲོང་མིས་གྲོ་མ་ལ་ཆུ་གཏོང་བཞིན་པའི་ཚུལ།

   སྤྱི་ཟླ5པའི་དཀར་མཛེས་ས་ཆར་དཔྱིད་དཔལ་རྒྱས་ཏེ་ས་གཞི་སྔོ་ཐིང་ངེར་གྱུར།ཉག་ཆུའི་སྟོད་རྒྱུད་དུ་གནས་པའི་དཀར་མཛེས་རྫོང་ཚྭ་རྩྭ་ཡུལ་ཤོག་ཏུ་སྐྱོད་སྐབས་བདེ་སྐྱིད་ཀྱིས་ཁེངས་པའི་གླུ་གཞས་ཤིག་གིས་མི་སེམས་དབང་མེད་དུ་བཀུག གླུ་གཞས་དེ་ནི་ཚྭ་རྩྭ་ཡུལ་ཤོག་གི་མང་ཚོགས་ཀྱི་འཚོ་བའི་མཚོན་ཚུལ་དེ་ཡིན་པར་མ་ཟད། རང་ཁུལ་ཉག་ཆུའི་སྟོད་རྒྱུད་ཀྱི་རྫོང4ཡི་འབྲེལ་མཚམས་ཀྱི་ཡུལ་གྲོང་དབུལ་ཕོངས24ཡི་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་ཀྱང་རེད།

རང་ཁུལ་ཉག་ཆུའི་སྟོད་རྒྱུད་ཀྱི་སྡེ་དགེ་དང་སེར་ཤུལ། དཀར་མཛེས། གསེར་ཐར་བཅས་རྫོང4ཡི་འབྲེལ་མཚམས་ས་ཁུལ་དུ་གཅིག་སྡུད་ཡུག་སྦྲེལ་གྱི་དབུལ་ཕོངས་གནས་ཚུལ་མངོན་གསལ་ཡིན་ཞིང་། 2018ལོའི་ལོ་མཇུག་ཏུ་རང་ཁུལ་གྱིས《ཉག་ཆུའི་སྟོད་རྒྱུད་ཀྱི་རྫོང4ཡི་འབྲེལ་མཚམས་ས་ཁུལ་གྱི་ཤིན་ཏུ་དབུལ་བའི་ཡུལ་གྲོང24འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》〈འོག་ལ་ཇུས་གཞི་ཞེས་བསྡུས།〉བཟོས་ནས་ཉག་ཆུ་སྟོད་རྒྱུད་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་ལ་ཕྱོགས་ཡོངས་ནས་ཕར་རྒོལ་བྱ་རྒྱུའི་གྲོས་མགོ་བཏོན་ཡོད། 2020ལོ་ནི་ཁུལ་བཙུགས་ནས་ལོ70འཁོར་བའི་ལོ་ཞིག་ཡིན་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ལོ་བརྒྱའི་དམིགས་ཚད་དང་པོ་མངོན་འགྱུར་བྱེད་པའི་ལོ་ཞིག་ཀྱང་ཡིན། འདས་ཟིན་པའི་ལོ་གཅིག་ལྷག་ལ་རང་ཁུལ་གྱིས་སྟོབས་ཤུགས་གཅིག་སྡུད་དང་གོང་འོག་གཅིག་སྒྲིལ་གྱིས་ཉག་ཆུའི་སྟོད་རྒྱུད་ཀྱི་རྫོང4ཡི་འབྲེལ་མཚམས་ས་ཁུལ་གྱི་ཡུལ་གྲོང་དབུལ་ཕོངས24འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་མ་ཚད། ལྷག་པར་དུ་ད་ལོ་ནས་བཟུང་། རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཕྱོགས་གཉིས་དམ་འཛིན་གྱིས་མཐའ་འཁྱོངས་བྱས་ཏེ་ཡུལ་གྲོང24ཡི་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་ས་ཁུལ་དེའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། །

ཞན་ཆ་ཁ་གསབ་བྱས་ཏེ་རྨང་གཞིའི་སྒྲིག་ཆས་ཤུགས་ཆེན་བསྐྲུན།

འདི་ལོའི་སྤྱི་ཟླ4པའི་ཚེས1ཉིན་ལ་སེར་ཤུལ་རྫོང་གྲོང་དང་བར་ཐག་སྤྱི་ལེ140ལྷག་ཙམ་ཡོད་པའི་ཁྲོ་ཤུལ་གོང་མ་ཡུལ་ཤོག་ཏུ་ས་ཡོམ་རིམ་པ5.6བྱུང་ནས་ཆུ་ཚོད་ཁ་ཤས་རིང་ལ་སྤྱི་བདེ་དང་མེ་ཟོན། དམངས་སྲིད། འཕྲོད་བསྟེན་སོགས་ཀྱིས་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྤེལ་ཡོད་ཅིང་། སྤྱི་ཟླ4པའི་ཚེས2ཉིན་གྱི་ཆུ་ཚོད8པར་རྫོང་ཡོངས་ཀྱི་གནོད་འཚེ་ཕོག་མཁན1400ལྷག་གནས་སྤོ་བྱས་ཏེ་བཀོད་སྒྲིག་འོས་འཚམ་བྱུང་ཐོག་སྤྱི་ཚོགས་ཐོན་སྐྱེད་དང་འཚོ་བ་མགྱོགས་མྱུར་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་ཡོད། ཡུན་རིང་མ་སོང་བར་ཀྲུང་གོའི་ཞིང་ལས་དངུལ་ཁང་སེར་ཤུལ་ཡན་ལག་དངུལ་ཁང་གིས་སྐོར་སྐྱོད་དངུལ་ཁང་གི་ཞབས་ཞུའི་རླངས་འཁོར་མཚོ་འཕགས་སྨི4500ལྷག་ཙམ་ཡོད་པའི་ཁྲོ་ཤུལ་གོང་མ་ཡུལ་ཤོག་ཁྲ་རྒྱལ་གྲོང་ཚོར་བཏང་ནས་ཡུལ་དངོས་སུ་འབྲོག་པ་ཚོ་ལ་ཆག་སྐྱོན་ཤོར་བའི་དམངས་སྒོར་ཁྲི1ལྷག་བརྗེས་པ་རེད།

《ཇུས་གཞིའི》ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་བྱས་ཏེ་ཡུལ་གྲོང24ཡི་འཕེལ་རྒྱས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་ཡག་ཏུ་ཕྱིན་ཡོད། སྤྱི་ཟླ4པའི་ཚེས29ཉིན་སྡེ་དགེ་རྫོང་ལམ་མདོ་ཡུལ་ཤོག་ལེགས་སྨད་གྲོང་ཚོའི་བསོད་ནམས་ཆོས་སྐྱིད་ཀྱིས་སྒོ་རའི་ནང་གཙང་སྦྲ་བྱེད་ཞོར་གྲོང་ཚོའི་ལས་བྱེད་པར་ཁང་གསར་ནང་སྤོས་པ་ནས་བཟུང་ལྷགས་པ་དང་ཁ་བ་སོགས་ཀྱིས་གནོད་འཚེར་སེམས་ཁྲལ་མི་འདུག ཁང་གསར་གྱི་རྒྱ་ཁྱོན་ཆེ་ལ་དཀར་ཆ་གསལ་པས་ཧ་ཅང་སྐྱིད་པོ་འདུག འདི་ནི་རྒྱལ་ཁབ་ཀྱིས་ང་ཚོར་སྡོད་ཁང་སྒྱུར་བཀོད་བྱས་པའི་གྲུབ་འབྲས་ཡིན་པས་ང་ཚོས་ནམ་ཡང་བརྗེད་ག་ལ་སྲིད་ཅེས་བཤད།

ལོ་གཅིག་ལྷག་གི་རིང་འདི་ནའི་མང་ཚོགས་འབོར་ཆེན་སྡོད་ཁང་གསར་པའི་ནང་སྤོས་ཤིང་། ཆུ་དང་གློག འཕྲིན་གཏོང་། འགྲིམ་འགྲུལ་སོགས་ཀྱི་རྨང་གཞིའི་ཆ་རྐྱེན་ཡང་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད།

ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་དཔྱད་གཞི་ལས་མངོན་པར་གཞིགས་ན། 2019ལོར་རང་ཁུལ་གྱིས་ཉག་ཆུའི་སྟོད་རྒྱུད་ཀྱི་རྫོང་བཞིའི་འབྲེལ་མཚམས་ས་ཁུལ་གྱི་ཤིན་ཏུ་དབུལ་བའི་ཡུལ་གྲོང24ཡི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏང་རྒྱུར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་པ་སྟེ། གྲོང་གསེབ་གཞུང་ལམ་གྱི་ལམ་ངོས་སྤྱི་ལེ50.62བཅོས་སྒྲིག་དང་བདེ་སྲུང་ལས་གྲྭའི་མི་མངོན་རྐྱེན་ངན་སྤྱི་ལེ50.63བཅོས་སྒྲིག་བྱས་པས་མ་ཚད་ཁྲོན་པ864བསྐྲུན་ཡོད། དུད་ཚང983ལ་འཐུང་ཆུ་གཙང་མའི་ལས་གྲྭ་དང་གྲོང་གསེབ་གློག་དྲྭ་བསྒྱུར་བཀོད་ལས་གྲྭ22ལག་བསྟར་དང་། གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཁང8གསར་སྐྲུན་བྱས། བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་པ717དང་ས་ཕག་ཁང་པ429བསྒྱུར་བཀོད་བྱས། གྲོང་མིའི་བྱེད་སྒོའི་ལྟེ་གནས9གསར་སྐྲུན(བསྒྱུར་བཀོད)བྱས་ཤིང་གད་སྙིགས་བསྡུ་རུབ་བྱེད་ས100བསྐྲུན་པ་དང་། ཉི་ནུས་ལམ་སྒྲོན940གསར་དུ་སྒྲིག་སྦྱོར་བཅས་བྱས་ཡོད།

2019ལོར་ཤིན་ཏུ་དབུལ་བའི་ཡུལ་གྲོང24ཡིས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད། ཡུལ་ཤོག་དང་གྲོང་རྡལ་གྱི་ལྟེ་བའི་བུ་བཅོལ་ཁང7དང་གྲོང་ཚོ་རིམ་པའི་བུ་བཅོལ་ཁང7 གྲོང་རྡལ་གྱི་ལྟེ་བའི་སློབ་གྲྭ8 གཞི་ཁྱོན་ལྡན་པའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ3བཅས་ཀྱི་འཛུགས་སྐྲུན་ལས་དོན་ལེགས་སྒྲུབ་བྱས་པས་མ་ཚད་ཡུལ་གྲོང་གི་གྲོང་མི86125ལ་བདེ་ཐང་ཡིག་ཚགས་བཟོས་ཡོད། ལྟེ་བའི་འཕྲོད་བསྟེན་ཁང5ཡི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དང་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་ལེགས་གྲུབ་ཟིན་པ་དང་ཕྱོགས་གཏན་འཁེལ་གྱིས་གསོ་རིག་ཆེད་ཚན་སློབ་མ13བསྡུས། ཡུལ་གྲོང24ལ་ཚད་ལོངས་པའི་གྲོང་ཚོའི་སྨན་པ145བཀོད་སྒྲིག་བྱས། དངུལ་རྩའི་ཞབས་ཞུའི་ས་ཚུགས181སླར་གསོ་བྱས་པ་དང་ཕྱོགས་བསྡུས་དངུལ་རྩའི་ཞབས་ཞུའི་ས་ཚུགས24བསྐྲུན་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོའི་ཐད། གྲོང་ཚོ4ཡི་གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་ནས་རྩྭ་ཐང་མུའུ་ཁྲི726དང་རྩྭ་ཕྱུགས་དོ་སྙོམས་མུའུ་ཁྲི851ར་བསྐོར་མུའུ་ཁྲི10.5དང་། ཞན་འགྱུར་རྩྭ་ར་མུའུ་ཁྲི7.5བཅས་དོན་འཁྱོལ་བྱས་པ་རེད། ཚད་ལྡན་ཅན་གྱི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང197དང་ཚད་ལྡན་གྲོང་ཚོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས105དང་ལྟེ་བའི་མངགས་གཏོང་ཁང་གི་མི་དམངས་འདུམ་འགྲིག་ཁང7བཙུགས་ཡོད། བདེ་འཇགས་སྔོན་འགོག་ཚོད་འཛིན་ལས་གྲྭ313འཛུགས་སྐྲུན་བྱས་ཡོད། གཞི་རིམ་གྱི་སྲིད་སྐྱོང་རྨང་གཞི་བརྟན་པོར་བཟོ་བའི་ཐད། ཏང་འཛུགས་སྐྱོང་གིས་དབུལ་ཐར་འགག་སྒྲོལ་ལ་སྣེ་ཁྲིད་བྱེད་པའི་དཔེ་སྟོན་ཡུལ་ཤོག10དང་དཔེ་སྟོན་གྲོང་ཚོ92བཙུགས་ནས་ཕྱུག་འགྱུར་སྣེ་ཁྲིད་པའི་ཁྲོད་ལས་བྱེད་པ་དང་ཡང་ན་ཏང་ཡོན173གསོ་སྐྱོང་བྱས་ཡོད། ཚད་ལྡན་ཅན་གྱི་བྱེད་སྒོ་སྤེལ་ཡུལ85བསྐྲུན། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི114མང་དུ་བཏང་བ་དང་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ(ལྟ་ཞིབ་ཁང་གི་ཀྲུའུ་རེན་གཞོན་པ)14དང་ཡུལ་གྲོང་གི་སྒྲིག་བཤེར་ལྟ་ཞིབ་ཆ་འཕྲིན་བ24བཀོད་སྒྲིག་བྱས་ཡོད་པ་རེད།

ཡུལ་བབ་དང་བསྟུན་ནས་ཐོན་ལས་དམངས་ཕྱུག་ཧུར་ཐག་བྱས།

སྤྱི་ཟླ4པའི་ཚེས24ཉིན་གྱི་ཞོགས་པར། དཀར་མཛེས་རྫོང་ཚྭ་རྩ་ཡུལ་ཤོག་ཀོང་ཁོག་གྲོང་ཚོའི་མི་རྣམས་མ་གྲོས་གཅིག་མཐུན་ངང་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཁང་དུ་ཕྱིན། དེ་ཉིན་ནི་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བའི་ཉིན་མོ་ཡིན་པ་རེད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་དེ་རིང་གི་ཁེ་སྤོགས་བགོ་སྟངས་གཙོ་བོ་ནི2019ལོའི་ཐུན་མོང་ཡོང་འབབ་ཡིན། ཚང་མས་དངུལ་བགོས་རྗེས་གཅིག་ནས་གང་བྱུང་དུ་སྤྱོད་མི་རུང་བ་དང་། གཉིས་ནས་སྔར་ལས་ཧུར་བརྩོན་ཆེ་བའི་སྒོ་ནས་ཐོན་ལས་གོང་འཕེལ་གཏང་དགོས། ཐོན་ལས་ཀྱི་ཡོང་འབབ་བྱུང་ཚེ་ང་ཚོའི་དབུལ་ཞྭ་ཕུད་ཐུབ་པ་རེད་ཅེས་བཤད་རྗེས་གྲོང་མི་ཚོས་རིམ་བཞིན་མིང་རྟགས་བཀོད་པ་དང་དངུལ་བླངས་ཡོད་པས་སོ་སོའི་གདོང་ལ་དགའ་སྤྲོའི་འཛུམ་མདངས་འཕྱུར། ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས་སེམས་སྐྱིད་ཀྱིས་ཁེ་སྤོགས་བགོ་བའི་དངུལ་བླངས་རྗེས་གེ་སར་མཁར་རྫོང་སྒོ་ཕྱེ་པ་ན་ངེད་ཡུལ་ཤོག་གི་ཐུན་མོང་དཔལ་འབྱོར་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་རེ་རེ་བཞིན་ཚོང་ཁང་གི་འགྲེམས་སྒྲོམ་ནང་བཅུག་ཡོད། ང་ཚོའི་ཡུལ་ཤོག་གི་གྲོང་ཚོ་དབུལ་ཕོངས3གྱིས་གེ་སར་མཁར་རྫོང་དུ་མ་དངུལ་བཏང་ནས་ཐོག་ཁང་གསུམ་བསྐྲུན་ཡོད་པས་ལོ་གཅིག་གི་བོགས་དངུལ་ཉུང་མཐར་ཡང་སྒོར་ཁྲི23རག་གིན་ཡོད་པ་རེད། འགྲམ་ལ་བསྡད་ཡོད་པའི་བཀྲ་ཤིས་ཀྱིས་གེ་སར་མཁར་རྫོང་གཉེར་སྐྱོང་བྱས་ནས་ལོ་གཅིག་ཀྱང་མ་སོང་བར་ང་ཚོའི་དུད་ཚང་རེ་རེས་སྒོར500ནས1500བར་གྱི་ཁེ་སྤོགས་བགོ་བཤའ་བརྒྱབ་ཡོད། རྗེས་སུ་འཚོ་བ་ཇེ་ཡག་དང་ཡོང་འབབ་ཇེ་མང་དུ་འགྲོ་ངེས་རེད་ཅེས་བཤད།

དཀར་མཛེས་རྫོང་ཚྭ་ལུང་གྲོང་རྡལ་ནི་འབྲོག་ཁུལ་ཞིག་ཡིན། སྔོན་ཆད་སྔོ་ཚལ་ཚང་མ་ས་ཆ་གཞན་དག་ནས་ནང་འདྲེན་བྱ་དགོས་པས་སྔོ་ཚལ་གསར་པ་ཉོ་རྒྱུ་རག་པ་མ་རེད། ན་ལོར། རྫོང་དེའི་ཞིང་འབྲོག་གྲོང་སྡེ་ཚན་རྩལ་ཅུས་ཀྱིས་གྲོང་རྡལ་དེར་སྔོ་ཚལ་དྲོད་ཁང་ཆུང་གྲས164བསྐྲུན་ནས་གནས་དེ་གའི་སྔོ་ཚལ་མཁོ་སྤྲོད་ཀྱི་དགོས་མཁོ་བསྐངས་ཡོད། སྤྱི་ཟླ4པའི་ཚེས20ཉིན། གསེར་ཐར་རྫོང་ཉི་སྟོད་གྲོང་རྡལ་དེ2020ལོའི་ཞིང་ལས་ཐོན་ལས་སྟོབས་ཆེའི་གྲོང་རྡལ་འཛུགས་སྐྲུན་གྱི་མིང་ཐོའི་ནང་བདམས་པ་དེའི་ཐོག་ནས་གྲོང་རྡལ་དེའི་ཞིང་ལས་གཙོ་ཁྲིད་ཐོན་ལས་སྟོབས་ཆེར་སོང་བ་དང་ཐོན་ལས་མཉམ་འདྲེས་ཀྱི་བྱེད་པོ་སྐྱེད་སྲིང་བྱེད་པ། ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་གསར་གཏོད་བྱེད་པ། དབུལ་ཐར་འགག་སྒྲོལ་ལ་རྒྱུན་མཐུད་རོགས་རམ་བྱེད་པ་སོགས་ཀྱི་ལས་དོན་ལ་གོང་རིམ་གྱི་ཁས་ལེན་ཐོབ་པ་མཚོན་ཡོད།

གསར་འགོད་པས་ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་ནས་ཤེས་རྟོགས་བྱུང་བར། 2019ལོར་རང་ཁུལ་གྱི་ཉག་ཆུའི་སྟོད་རྒྱུད་ཀྱི་རྫོང4ཡི་འབྲེལ་མཚམས་ས་ཁུལ་གྱི་ཤིན་ཏུ་དབུལ་བའི་ཡུལ་གྲོང24ཡིས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་པས་ལོ་འཁོར་གྱི་ལས་འགན་ཚད་བརྒལ་ལེགས་གྲུབ་བྱུང་ཡོད། བསྡོམས་རྩིས་བྱས་པ་ལྟར། ཁྱད་ལྡན་ཞིང་ལས་རྟེན་གཞི་མུའུ5163དང་ཐུན་མོང་འབྲོག་ར20 གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚུགས24བཅས་བཙུགས་ནས་མི2196ལ་དྲྭ་ཐོག་ཚོང་དོན་གསོ་སྦྱོང་བྱས་པ་རེད། ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད4འཐུས་སྒོ་ཚང་དུ་བཏང་བ་དང་ཞིང་ཆེན་རིམ་པའི་ཡུལ་སྐོར་དབུལ་སྐྱོར་དཔེ་སྟོན་གྲོང་ཚོ1 གྲོང་གསེབ་ཡུལ་སྐོར་གྱི་ཁྱད་ལྡན་ཡུལ་གྲོང1 གྲོང་གསེབ་ཡུལ་སྐོར་གྱི་རྩེར་སོན་གྲོང་ཚོ2བཅས་ཚད་ལོན་དུད་ཚང24བསྐྲུན་ཡོད།

 ལས་བྱེད་པ་དང་མང་ཚོགས་ཀྱིས་དབུལ་ཐར་ཡོང་བར་མཉམ་དུ་འབད།

ད་ལོར་ལོ33ལ་སོན་པའི་ཁམས་པོ་ལོ7གྱི་སྐབས་སུ་རྟ་ཐོག་ནས་ལྷུང་སྟེ་རྐང་པ་གཡས་པ་རྨས་ཤིང་དུས་ཐོག་ཏུ་སྨན་པར་བསྟེན་མ་ནུས་ཏེ་རྐང་གཡས་བཅད་པས་དུས་ཡུན་རིང་པོའི་ནང་སྲིད་གཞུང་གིས་སྤྲད་པའི་མ་མཐའི་འཚོ་དངུལ་དང་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད། ད་ལོའི་ཟླ་བ་དང་པོའི་ཚེས18ཉིན་གསེར་ཐར་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་རམ་འོག་སི་ཁྲོན་བརྒྱད་གཅིག་བདེ་ཐང་སླར་གསོའི་ལྟེ་གནས་སུ་རྐང་ཚབ་སྒྲིག་སྦྱོར་བྱས་པ་རེད།

《ཇུས་གཞིའི》ནང་མང་ཚོགས་དབུལ་པོའི་ནང་གནས་སྒུལ་ཤུགས་འཕེལ་བ་བྱ་དགོས་པ་ཁ་གསལ་བཏོན་ཡོད། དྲིལ་བསྒྲགས་དང་ཁྲིད་སྟོན། གོམས་སྲོལ་སྒྱུར་བ། མིག་དཔེའི་མི་སྣ་སྐྱོང་བའི་ཐད་ནས་ལས་ཀའི་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད། དུས་མཉམ་དུ་སྔར་ལྷག་གིས་རྩལ་ནུས་གསོ་སྦྱོང་སྤེལ་བ་རེད། ངལ་རྩོལ་པ་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཕན་ལས་གནས་གསར་སྤེལ། སྔོན་ཐོན་གྱི་དཔེ་མཚོན་དཔྱད་འདེམས། མང་ཚོགས་ལས་ཞུགས་དང་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ཁོ་ཚོའི་ཕྱུག་འགྱུར་གྱི་སྤྲོ་སེམས་དང་འཇོན་ཐང་ཆེ་རུ་ཕྱིན་ཡོད།

གསར་འགོད་པས་ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་ནས་ཤེས་རྟོགས་བྱུང་བར། 2019ལོར་རང་ཁུལ་གྱིས་ཤིན་ཏུ་དབུལ་བའི་ཡུལ་གྲོང24ཡི་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་པའི་ཐད་ལས་ཀའི་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱས་པ་སྟེ། ཆེད་བསྐོས་དྲིལ་བསྒྲགས་རིག་གནས་པ24དང་མང་ཚོགས་སྒྲོག་འགྲེལ་རུ་ཁག24 ཞིང་འབྲོག་པའི་ལས་ཞོར་འཁྲབ་སྟོན་རུ་ཁག24བཅས་བཀོད་སྒྲིག་བྱས་ནས་དྲིལ་བསྒྲགས་རིག་གནས་པས་གཅིག་སྡུད་གསོ་སྦྱོང་ཐེངས39དང་མང་ཚོགས་ཀྱིས་སྒྲོག་འགྲེལ་ཐེངས330བྱས་པ་རེད། ཕྱི་རོལ་གྱི་དྲིལ་བསྒྲགས་བྱང་བུ43དང་དྲིལ་བསྒྲགས་བྱེད་ས512བཙུགས། དགོན་སྡེའི་སྤྱི་ཕན་བརྡ་ཁྱབ་ས་ཚུགས59དང་དྲིལ་བསྒྲགས་སྦྱར་ཡིག1523བཏང་བས་མ་ཚད་བཅའ་ཁྲིམས་བློ་འདྲི་བ163བཀོད་སྒྲིག་བྱས་ཡོད། བཅའ་ཁྲིམས་ཤེས་མཁན251གསོ་སྐྱོང་དང་གྲོང་གསེབ་ཏུ་ཁྲིམས་སྐྱོང་སྒྲོག་འགྲེལ་ཐེངས644བྱས་ཡོད། དགོན་སྡེའི་བཅའ་ཁྲིམས་ཤེས་མཁན78གསོ་སྐྱོང་དང་དགོན་སྡེར་ཁྲིམས་སྐྱོང་སྒྲོག་འགྲེལ་ཐེངས184བྱས། དགོན་སྡེའི་བཅའ་ཁྲིམས་དཔེ་ཀློག་བྱེད་ས48བཙུགས། ཁྲིམས་སྐྱོང་སློབ་གཙོ་གཞོན་པ37བཀོད་སྒྲིག་བྱས། ཁྲིམས་སྐྱོང་སློབ་ཁང་གི་སློབ་གསོའམ་གཙོ་དོན་འཛིན་གྲྭའི་ཚོགས་འདུ་ཐེངས222འཚོགས་ནས་དམིགས་ཚད་ཀྱི་བརྒྱ་ཆ100ལེགས་གྲུབ་བྱུང་ཡོད། ཤེས་དཔལ་ལྡན་པའི་གྲོང་ཚོ་དང་གྲོང་རྡལ144གསར་སྐྲུན་བྱས་ནས་དམིགས་ཚད་ཀྱི་བརྒྱ་ཆ100.7ལེགས་གྲུབ་བྱུང་ཡོད། དུས་མཉམ་དུ་ལས་ཞུགས་དང་ལས་གཏོད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དེས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་ནུས་པ་གལ་ཆེན་ཐོན་པ་སྟེ། 2019ལོར་ཤིན་ཏུ་དབུལ་བའི་ཡུལ་གྲོང24ཡིས་ངལ་ནུས་དབུལ་པོའི་རྩལ་ནུས་གསོ་སྦྱོང་བྱས་པའི་མི2381ཡོད་པ་རེད།

སྤྱི་ཟླ3པའི་ཚེས6ཉིན། གསེར་ཐར་རྫོང་གིས་ཀྲུང་དབྱང་དུ་འཚོགས་པའི་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པའི་བཞུགས་མོལ་ཚོགས་འདུ་མཇུག་འགྲིལ་རྗེས་དབུལ་ཐར་འགག་སྒྲོལ་མགོ་ཁྲིད་ཚོ་ཆུང་གི་འཆར་ཅན་ཚོགས་འདུ་འཚོགས་ཤིང་། ལས་ཀའི་བྱ་ཐབས་ཁག15ཁ་གསལ་བཟོས་ནས་འདི་ལོའི་དུད་ཚང90ཡི་ཞིང་འབྲོག་པ391གི་དབུལ་ཐར་ལས་དོན་དེ་དམིགས་སུ་ལྟ་སྐུལ་བྱེད་པའི་ལས་འགན་དུ་བརྩིས་པ་རེད། དེའི་རྗེས་སུ་གསེར་ཐར་རྫོང་དང་ཡུལ་ཤོག གྲོང་ཚོ་བཅས་ཀྱི་རིམ་ཁག་ལས་བྱེད་པས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་རང་འགན་གཙང་སྒྲུབ་ཀྱིས་ཕྱིར་མིག་ལྟ་བ་དང་བཅོས་སྒྲིག་ཆེན་པོའི་ལས་དོན་སྤེལ་ཡོད་དོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1