ཙུང་ལིས་ཞལ་བཞེས་གནང་བ་ནི། ཁྱེད་ཀྱི་རེ་དོན་ཡིན་སྲིད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-02



     སྤྱི་ཟླ5པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གསར་འགོད་པའི་ཚོགས་འདུར་ཞུགས་གནང་བ་མ་ཟད་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་གནང་ཡོད། གསར་འགོད་པའི་ཚོགས་འདུའི་ཐོག ཙུང་ལིས་དམངས་འཚོའི་ཐད་ཚང་མས་དོ་ཁུར་བྱེད་པ་དང་དཀའ་གནད་གནད་དོན་མང་པོར་ལན་ཆ་གནང་ཡོད་ཅིང་། ཁོང་ནས་ཞལ་བཞེས་གནང་བ་ཚང་མ་ཁྱེད་དང་འབྲེལ་བ་ཡོད།

ནད་ཡམས་གནས་ཚུལ་ཐོན་ཚེ། དོ་དམ་ཚོད་འཛིན་མཐའ་གཅིག་ཏུ་བྱ་རྒྱུ།

     ད་ལྟ་འཛམ་གླིང་ཡོངས་སུ་ནད་ཡམས་ཁྱབ་བཞིན་ཡོད་པ་དང་། ཀྲུང་གོར་ཡང་མཇུག་སྒྲིལ་མེད་ལ།  ད་ལྟ་ད་དུང་ནད་པ་ཐར་ཐོར་ཡོད་པས། ཚན་རིག་མཁས་པ་མི་ཉུང་བས། ད་དུང་དོགས་ཟོན་བྱེད་དགོས་པ་དང་། བསྐྱར་ལོག་མི་རྒྱག་པ་བྱེད་དགོས་པའི་ནན་བཤད་གནང་ཡོད། ང་ཚོས་མུ་མཐུད་དངོས་ཐོག་བདེན་འཚོལ་དང་། ཡོངས་བསྒྲགས་ཁ་གསལ་གྱི་རྩ་དོན་ཐོག་ནས། ནད་ཡམས་གནས་ཚུལ་ཤེས་རྟོགས་བྱུང་ཚེ། དོ་དམ་ཚོད་འཛིན་མཐའ་གཅིག་ཏུ་བྱ་རྒྱུ་དང་། སྦ་གསང་གཏན་ནས་བྱེད་མི་ཆོག་པ་མ་ཟད་ཚན་རིག་དང་མཐུན་པའི་འགོག་བཅོས་བྱེད་དགོས།

གསར་དུ་བསྣན་པའི་མཚལ་ཡིག་དང་རིམས་འགོག་རྒྱལ་བུན་མ་དངུལ་ཚང་མ་ས་གནས་ལ་བརྒྱུད་སྤྲོད་བྱ་རྒྱུ།

     ང་ཚོས་སྲིད་ཇུས་མ་དངུལ་ཐད་ཀར་ས་གནས་དང་གཞི་རིམ། དམངས་འཚོ་བཅས་ཀྱི་ཐད་སླེབས་པ་བྱེད་དགོས་པའི་ནན་བཤད་བྱེད་ཀྱི་ཡོད། གསར་སྣོན་བྱས་པའི་མཚལ་ཡིག་དང་རིམས་འགོག་རྒྱལ་བུན་མ་དངུལ་ཚང་མ་ས་གནས་ལ་བརྒྱུད་སྤྲོད་བྱ་རྒྱུ་དང་། ཞིང་ཆེན་ནང་དུའང་མི་འཇོག་པར་ཐད་ཀར་གཞི་རིམ་དུ་སླེབས་པ་བྱ་རྒྱུ་ཡིན།

     མི་ཁག་གཅིག་གིས། གཞི་རིམ་ནས་དངུལ་དེ་དག་བེད་སྤྱོད་ཡག་པོ་གཏོང་ཐུབ་བམ་ཞེས་འདྲི་ཡི་ཡོད། ང་ཚོས་ད་ལྟ་དམིགས་བསལ་གྱི་སྤོ་བསྒྱུར་གཏོང་སྤྲོད་སྒྲིག་གཞི་ཞིག་བེད་སྤྱད་ནས། དངུལ་དེ་དག་ཚང་མ་ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་གི་ལག་པར་སླེབས་པ་བྱེད་པ་དང་། སྤྱི་ཚོགས་འགན་བཅོལ་དང་། མ་མཐའི་འཚོ་རྟེན་འགན་སྲུང་། ལས་ཤོར། རྒན་གསོ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་བཅས་ཀྱི་ཐད་གཏོང་རྒྱུ་ཡིན་ཞིང་། མིང་དངོས་འགོད་པའི་ལམ་ལུགས་བཙུགས་ནས། དེ་དག་ཚང་མ་ཞིབ་བཤེར་ཐུབ་པ་བྱ་རྒྱུ་ཡིན། རྩིས་ཐོ་རྫུན་མ་གཏན་ནས་བཟོ་མི་ཆོག་ལ། མིང་གཡར་ནས་གཞན་དུ་བེད་སྤྱོད་གཏན་ནས་བྱས་མི་ཆོག

རིམ་ཁག་སྲིད་གཞུང་ནས་གྲོན་ཆུང་བསྲི་ཚགས་ངང་འཚོ་བ་སྐྱེལ་དགོས་པ་དང་། ཕྱི་ཚུལ་རིང་ལུགས་གཏན་ནས་བྱེད་མི་རུང་།

     ཀྲུང་དབྱང་སྲིད་གཞུང་ནས་སྣེ་ཁྲིད་དེ་གྲོན་ཆུང་བསྲི་ཚགས་ངང་འཚོ་བ་སྐྱེལ་དགོས་པ་དང་།  ང་ཚོས་ཀྲུང་དབྱང་ཚན་པ་ཁག་གི་ཁ་ཚ་དགོས་གཏུགས་མིན་པ་དང་དགོས་ངེས་མིན་པའི་གཏོང་སྒོ་ཕྱེད་ཀ་ཡན་ཉུང་དུ་བཏང་ཡོད་ཅིང་། མ་དངུལ་བཏོན་ནས་གཞི་རིམ་གྱི་ཁེ་ལས་དང་དམངས་འཚོའི་ཐད་བེད་སྤྱད་ཡོད། རིམ་ཁག་སྲིད་གཞུང་ནས་གྲོན་ཆུང་བསྲི་ཚགས་ངང་འཚོ་བ་སྐྱེལ་དགོས་པ་ལས། ཕྱི་ཚུལ་རིང་ལུགས་དང་། གང་བྱུང་དུ་དངུལ་མང་པོ་གཏོང་བའི་བྱ་བ་གཏན་ནས་སྒྲུབ་མི་རུང་།  

རྣམ་གྲངས་ལ་ཕན་འབྲས་ཡག་པོ་ཐོན་པ་བྱེད་པ་དང་། མཇུག་རྐྱེན་ངན་པ་མི་ཐོན་པ་བྱ་རྒྱུ།

     ད་ཐེངས་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར16000མང་དུ་བཏང་ཡོད་པ་དང་། ད་དུང་རྒྱལ་བུན་ཁག་གཅིག་བསྣན་ཚེ། སྒོར་དུང་ཕྱུར་ཁྲི2ཀྱི་གཞི་ཁྱོན་ལྡན་ཡོད། དེས་གཞི་ཁྱོན་རང་བཞིན་གྱི་སྲིད་ཇུས་ཁྲོད་ཀྱི་བརྒྱ་ཆ་ཉི་ཤུ་སུམ་ཅུ་བཟུང་ཡོད། ང་ཚོས་མ་འཇོག་བྱེད་པའི་གཙོ་གནད་ནི་གསར་པ་གཉིས་དང་གཙོ་གནད་གཅིག་སྟེ། རྨང་གཞིའི་སྒྲིག་བཀོད་གསར་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གཙོ་གནད་རྣམ་གྲངས་བཅས་ཡིན་།  ད་དུང་སྒྱུར་བཅོས་ཀྱི་བྱ་ཐབས་བརྒྱུད་མ་དངུལ་དེ་དག་བེད་སྤྱད་ནས་སྤྱི་ཚོགས་ཀྱི་མ་དངུལ་གཏོང་རྒྱུར་སྐུལ་སློང་བྱེད་དགོས། རྣམ་གྲངས་ལ་ཕན་ནུས་ལྡན་པ་དང་། འབྲས་བུ་ཐོན་པ་བྱེད་དགོས་ལ། ཚན་རིག་དང་མཐུན་པའི་ངང་རིག་པས་ཁུངས་སྐྱེལ་བྱེད་པ་བརྒྱུད། ཆོད་ཉིད་ལྟར་བྱ་བ་སྒྲུབ་པ་དང་། གནད་དོན་མི་ཐོན་པ་བྱེད་དགོས།

ལས་ཀ་ཤོར་ནའང་དུས་ཐུང་ནང་བསྐྱར་དུ་ལས་ཞུགས་ཐུབ་པའི་གོ་སྐབས་ལྡན་པ་བྱ་རྒྱུ།

     ང་ཚོས་ད་དུང་ཁེ་ལས་ལ་མ་དངུལ་རོགས་སྐྱོར་བྱས་ནས་ལས་གནས་བརྟན་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན། ད་ལོ་དང་དུས་སང་ལོ་གཉིས་ནང་མི་ཐེངས་ཁྲི་3500ལ་ལས་ཤོར་འགན་བཅོལ་གྱི་བཅོལ་དངུལ་ལྷག་མ་སྤྱད་ནས་ལས་གནས་སྦྱོར་བརྡར་སྤྲོད་རྒྱུ་དང་། ཁོང་ཚོར་གོ་སྐབས་གསར་པ་སྤྲོད་རྒྱུ་ཡིན། ལས་ཀ་ཤོར་ནའང་དུས་ཐུང་ནང་བསྐྱར་དུ་ལས་ཞུགས་ཐུབ་པ་བྱ་རྒྱུ་ཡིན།

ལས་ཞུགས་ལས་གནས་གསར་པ་དེ་བས་མང་བ་ཡོང་བ་བྱ་རྒྱུ།

     ད་དུང་ལས་ཞུགས་ལས་གནས་དེ་བས་མང་བ་གཏོད་དགོས། ད་ལྟ་ལས་སྒོ་གསར་པ་གོང་འཕེལ་མགྱོགས་པོ་འགྲོ་བ་དང་། མི་དུང་ཕྱུར1ཙམ་ལས་ཞུགས་ཐུབ་ཡོད། ང་ཚོའི་ལས་ཀ་ཙག་ཙིག་དཔལ་འབྱོར་གྱི་ལས་གནས་ཐོག་མི་དུང་ཕྱུར2ལས་ཞུགས་ཐུབ་ཡོད། ཟུར་སྐྱོར་སྲིད་ཇུས་དེ་བས་མང་བ་སྤྱོད་དགོས་པ་མ་ཟད། བྱ་ཐབས་སྤྱད་ནས་ལུགས་མཐུན་མེད་པའི་སྲིད་ཇུས་ཁག་མེད་པ་བཟོས་ཏེ། ལས་ཞུགས་ལས་གནས་གསར་པ་དེ་བས་མང་བ་ཐོན་པ་བྱེད་དགོས། ན་ནིང་ཆ་སྙོམས་ཉིན་རེར་ཁེ་ལས་འཕར་ཚད་ཁྲི1ལས་བརྒལ་ཡོད། ད་ལོ་ཡང་ཁ་ཕྱོགས་དེར་གཞིགས་ནས་འབད་བརྩོན་བྱེད་དགོས།

སློབ་གྲྭ་ཆེན་མོའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཆེད། ད་ལོ་དང་དུས་སང་ལོ་གཉིས་ནང་རྒྱུན་མཐུད་ངང་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱ་རྒྱུ།

     གཙོ་གནད་མི་ཚོགས་ལས་ཞུགས་བྱེད་པའི་ཐད་ང་ཚོར་གཙོ་གནད་ཟུར་སྐྱོར་སྲིད་ཇུས་ཡོད། ད་ལོ་སློབ་གྲྭ་ཆེན་མོའི་སློབ་ཐོན་སློབ་མ་མི་ཁྲི874ཟིན་ཡོད། ཁོང་ཚོ་ལས་ཞུགས་ཐུབ་ཆེད། ད་ལོ་དང་དུས་སང་ལོ་གཉིས་ནང་རྒྱུན་མཐུད་ངང་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱེད་དགོས། ཞིང་པ་ལས་མིའི་ཐད།  རྒྱུན་སྡོད་ས་ཆ་ཡིན་ནའང་འདྲ་ཡང་ན་ཕ་ཡུལ་དུ་ལོག་མཁན་ཡིན་ནའང་འདྲ། ཁོང་ཚོ་ཚང་མར་ལས་ཞུགས་ཞབས་ཞུའི་སྟེགས་བུ་གཏོད་དགོས། དམག་ཞབས་ཐིམ་པའི་དམག་མིའི་ཐད། བཀོད་སྒྲིག་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས།

མ་དངུལ་དག་ཁེ་ལས་དང་སྒེར་གྱི་བཟོ་ཚོང་ཐེམ་དུད་ལ་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ།

     སྲིད་ཇུས་ཀྱི་མ་དངུལ་གཙོ་བོ་ཁྲོམ་རའི་གཙོ་གཟུགས་ཀྱི་དཀའ་ངལ་སེལ་བའི་ཐད་གཏོང་བ་དང་། ཁོ་ཚོའི་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱེད་དགོས། མ་དངུལ་དག་ཁེ་ལས་དང་སྒེར་གྱི་བཟོ་ཚོང་ཁེ་ལས་ཐད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ད་ཐེངས་ཀྱི་སྲིད་གཞུང་ལས་དོན་སྙན་ཞུའི་ནང་ཁྲོམ་རའི་གཙོ་གཟུགས་ཡོད་པ་དང་། འབྱུང་འགྱུར་ཐོབ་པ་བྱེད་དགོས་ཞེས་བཏོན་ཡོད། ང་ཚོར་ད་ལྟ་ཁྲོམ་རའི་གཙོ་གཟུགས་དུང་ཕྱུར་གཅིག་དང་ཁྲི་ཉིས་སྟོང་ཡོད་པས། དེ་དག་གོང་འཕེལ་ཕྱིན་ན་འབྱུང་འགྱུར་རེ་བ་ཆེན་པོ་ཡོད། 

མ་མཐའི་འཚོ་རྟེན་འགན་སྲུང་དང་ལས་ཤོར་འགན་སྲུང་གི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ།

     ད་ལོ་ང་ཚོས་ནད་ཡམས་ཀྱི་བརྡབ་གསིག་ལ་ཁ་གཏད་གཅོག་པའི་བརྒྱུད་རིམ་ཁྲོད། དམིགས་བསལ་ནན་ཏན་དང་ཞིབ་ཕྲའི་ངང་ཕྱོགས་ཁག་གི་དཀའ་ངལ་ཡོད་པའི་མི་ཚོགས་ལ་འགན་སྲུང་བྱ་རྒྱུར་བསམ་གཞིགས་བྱས་ནས། མ་མཐའི་འཚོ་རྟེན་འགན་སྲུང་དང་ལས་ཤོར་འགན་སྲུང་གི་ཁྱབ་ཁོངས་ཆེ་རུ་གཏོང་དགོས། ད་ལྟ་མ་མཐའི་འཚོ་རྟེན་འགན་སྲུང་ དང་ལས་ཤོར་འགན་སྲུང་། དམིགས་བསལ་དཀའ་ངལ་ཡོད་པར་རོགས་སྐྱོབ་སོགས་བྱ་ཡུལ་ལོ་གཅིག་ནང་མི་ཁྲི6000ཙམ་ཡོད། ང་ཚོས་སྔོན་དཔག་བྱས་ན་ད་ལོ་མི་གྲངས་མང་དུ་འགྲོ་རྒྱུ་ཡིན། འོན་ཀྱང་འགན་ལེན་དང་རོགས་སྐྱོབ་མ་དངུལ་འདང་ངེས་ཡོད་པས། ཁོང་ཚོར་འགན་སྲུང་བྱེད་པའི་ནུས་པ་ཡོད།

རྒན་གསོའི་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་། ཁ་བཤད་ལག་བསྟར་ཐུབ་པ་བྱ་རྒྱུ་ཡིན།

     ང་ཚོས་ཀྱང་ངེས་པར་དུ་རྩིས་གསལ་པོ་རྒྱག་པ་དང་། དངུལ་དེ་དག་གནས་ལ་འཕིགས་པའི་ཐད་བེད་སྤྱོད་བཏང་ནས། དམངས་འཚོར་འགན་ལེན་ཏན་ཏིག་ཐུབ་པ་བྱ་རྒྱུའི་བླང་བྱ་བཏོན་ཡོད། ང་ཚོར་ད་དུང་རྒན་གསོའི་དངུལ་ལེན་མཁན་མི་དུང་ཕྱུར3ཙམ་ཡོད་ཅིང་། ད་ལོ་ང་ཚོས་རྒན་གསོའི་འགན་བཅོལ་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་པ་དང་། དེ་ཁ་བཤད་ལག་བསྟར་ཐུབ་པ་བྱ་རྒྱུ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1