ལི་ཁེ་ཆང་གིས་འགོ་འཛིན་བྱས་ཏེ་ནོར་སྲིད་མ་དངུལ་ཇེ་མང་དུ་བཏང་ནས་ཁེ་ལས་ལ་གཟིགས་སྐྱོང་དང་མང་ཚོགས་ལ་ཕན་འདོགས་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 06-03


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཆིན་ཏོ་ནས་བརྙན་རིས་བརྒྱུད་དེ་འགོ་འཛིན་བྱས་ནས་ནོར་སྲིད་མ་དངུལ་ཇེ་མང་དུ་བཏང་སྟེ་ཁེ་ལས་ལ་གཟིགས་སྐྱོང་དང་མང་ཚོགས་ལ་ཕན་འདོགས་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
        ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིག་ཅ་དབྱི་དང་ཧྲིན་ཀྲང་ཚབ་མ་ལིས་ཀན་ཅེ། ཀྲེ་ཅང་ཞིང་ཆེན་གྱི་ཧྲིན་ཀྲང་ཡོན་ཅ་ཅུན། ཨན་ཧོས་ཞིང་ཆེན་གྱི་ཧྲིན་ཀྲང་ལིས་གོ་དབྱིན། ཀོས་ཀྲིག་ཞིང་ཆེན་གྱི་ཧྲིན་ཀྲང་ཧྲིན་དབྱི་ཆིན། ཧྲན་ཞི་ཞིང་ཆེན་གྱི་ཧྲིན་ཀྲང་ལིག་གོ་ཀྲུང་། དེ་མིན་གྲོང་ཁྱེར་དང་རྫོང་། ཁེ་ལས་བཅས་ཀྱི་འགན་འཁུར་བས་གཏམ་བཤད། ལི་ཁེ་ཆང་གིས་གསུངས་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ལས་བརྟན་འཇགས་དྲུག་དང་འགན་སྲུང་དྲུག་ལ་དམིགས་ཏེ། ནོར་སྲིད་མཚལ་ཡིག་ཇེ་མང་དུ་གཏོང་བ་དང་རིམས་འགོག་དམིགས་བསལ་རྒྱལ་བུན་བསྡོམས་པས་དུང་ཕྱུར་ཁྲི་གཉིས་སྟེར་རྒྱུ་གཏན་འཁེལ་བྱས་པ་ནི་ཚོང་རའི་གསོན་ཤུགས་སྐུལ་བའི་གཞི་ཁྱོན་རང་བཞིན་སྲིད་ཇུས་ཀྱི་ནང་དོན་གལ་ཆེན་ཡིན་པ་དང་། དེ་གཙོ་བོ་ལས་ཞུགས་འགན་སྲུང་དང་གཞི་རྩའི་དམངས་ཚིས་འགན་སྲུང་། ཚོང་རའི་གཙོ་གཞི་འགན་སྲུང་བྱེད་པའི་ཐད་ལ་བཀོལ་རྒྱུ། མ་དངུལ་ཐད་ཀར་དུ་གྲོང་ཁྱེར་དང་རྫོང་གི་གཞི་རིམ་ལ་སྟེར་བ་དང་ཁེ་ལས་ལ་གཟིགས་སྐྱོང་དང་མང་ཚོགས་ལ་ ཕན་འདོགས་པར་བྱེད་པ་ནི་ཆེ་ཕྱོགས་ནས་ཚོད་འཛིན་དང་སྙོམས་སྒྲིག་ རྣམ་པའི་བཅོས་སྒྱུར་དང་གསར་སྐྲུན་ཡིན་ཟེར།
        ལི་ཁེ་ཆང་གིས་གསུངས་རྒྱུར། རིམ་པ་སོ་སོའི་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཏན་ཏན་ཏིག་ཏིག་སྒོས་སྲིད་གཞུང་བྱ་བའི་སྙན་ཞུ་ལས་གཏན་ལ་ཕབ་པའི་བྱ་བ་སྣ་ཚོགས་ལག་བསྟར་བྱས་ནས། ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།  །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1