༄༅།།གློག་སྐས་སུ་བཀག་ཚེ་ཇི་ལྟར་ཐར་ཐབས་བྱ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-03


        གློག་སྐས་སུ་བཀག་ཚེ་དངངས་མིད་འཚེར་མིད་བྱེད་དགོས། གློག་སྐས་ལ་བདེ་འཇགས་སྒྲིག་ཆས་བཞག་ཡོད་པ་དང་དེས་གློག་སྐས་ལོགས་གཉིས་ཀྱི་ལམ་ལྕགས་དམ་པོར་བསྡམ་སྲིད་པས།གལ་ཏེ་གློག་སྐས་སུ་བཀག་ནའང་འཇིགས་སྐྲག་སྐྱེ་དགོས་དོན་མིད།
        ཉེན་ཟོན་དྲིལ་བརྡ་གནོན་པའམ་ཁ་བརྡའི་འཕྲུལ་ཆས་བཀོལ་བ་སོགས་སྐྱོབ་རོགས་ཞུ་བའི་བྱེད་ཐབས་ཡོད་རྒུས་ཉེན་སྐྱོབ་ཞུ་བ་འདོན་དགོས་ཏེ། གལ་སྲིད་འབྲེལ་གཏུག་ཡོ་ཆས་ལ་ནུས་ཤོར་བྱུང་ཡོད་ཚེ་སྒོ་རྡུང་བ་དང་སྐད་རྒྱག་པ་སོགས་བྱེད་ཆོག་པར་མ་ཟད་ད་རུང་ལྷམ་ཕུད་དེ་སྒོ་བརྡུངས་ནས་ཉེན་སྐྱོབ་ཞུ་བ་འདོན་དགོས།
        གལ་ཏེ་ཕྱི་རོལ་ཏུ་སྦྱོང་བརྡར་ཐོབ་ཡོད་པའི་སྐྱོབ་མཁན་མིད་ན་གང་བྱུང་དུ་གློག་སྐས་ནས་ནུར་ཡོང་མི་རུང་།
        གློག་སྐས་ཀྱི་སྒོ་མོ་བཙན་གྱིས་འབྱེད་པ་གཏན་ནས་མི་རུང་ལ། གློག་སྐས་ཕྱི་ངོས་ཀྱི་སྣུམ་དྲེག་གིས་འདྲེད་དུ་འཇུག་སྲིད།
        གློག་སྐས་ཀྱི་གནམ་གཅལ་དུ་རྡོག་ཐོན་སྒོ་མོ་ཡོད་ནའང་དེ་ནས་ཕྱིར་འབུད་མི་རུང་ལ།དེའི་རྒྱུ་མཚན་ནི་རྡོག་ཐོན་སྒོ་མོ་ཕྱེས་རྗེས་བདེ་འཇགས་གློག་སྒོ་ཡིས་གློག་སྐས་དམ་དུ་བསྡམས་ནས་འགུལ་མིད་དུ་བཟོ་སྲིད་མོད།འོན་ཀྱང་གལ་ཏེ་གནམ་གཅལ་གྱི་རྡོག་ཐོན་སྒོ་མོ་སྟབས་མ་ལེགས་པར་བརྒྱབ་པ་ན་གློག་སྐས་བསྐྱར་དུ་འགུལ་ཏེ་གློག་སྐས་སྦུག་ལམ་ནང་གི་མིའི་དོ་མཉམ་ནུས་པ་འཆོར་དུ་འཇུག་པ་དང་། གློག་སྐས་འདྲེན་ཐག་གིས་བསྒྱེལ་སྲིད་པའམ་ཡང་ན་སྣུམ་དྲེག་སྟེང་སྤོས་པ་ན་འདྲེད་དེ་གློག་སྐས་ལས་ལྷུང་བའི་ཉེན་ཁ་འབྱུང་སྲིད།
        གལ་ཏེ་ནམ་གུང་དང་གཟའ་མཇུག་གི་སྐབས་སུ་གློག་སྐས་སུ་བཀག་ཚེ། ཆེས་བདེ་འཇགས་ཀྱི་བྱེད་ཐབས་ནི་དངངས་མིད་འཚེར་མིད་ཀྱི་སྒོ་ནས་སྐབས་བསྟུན་གྱི་ཉེན་སྐྱོབ་ཞུ་བ་འདོན་རྒྱུ་དེ་ཡིན།གཞན་ཡང་ཕྱི་རོལ་གྱི་གྲགས་འགུལ་ལ་གཟབ་ནན་གྱིས་ཉན་པ་དང་། གལ་ཏེ་མི་ཡོད་པ་ཚོར་ན་ཐབས་ཤེས་བཙལ་ནས་དེ་ལ་ཐོས་ཐབས་བྱེད་དུ་འཇུག་དགོས་སོ།།

  《དེང་རབས་ཁྱིམ་ཚང་ཚགས་པར》ལྟར་དངོས་སྦྱོང་སློབ་མ་ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1