༄༅།།སོ་ལོག་སྐྱེས་པར་གནོད་སྐྱོན་གང་དག་ཡོད་དམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-03



  1.མཛེས་སྣང་ལ་གནོད་པ།
  ཡ་མ་གཟུགས་ཀྱི་སོ་མི་ལེགས་པ་སྐྱེས་པའི་ཐད་ཀའི་གནོད་སྐྱོན་ནི་མཛེས་སྣང་དང་སྣང་བཪྙན་ལ་གནོད་པ་དེ་ཡིན། སོ་སྐྱེས་པ་མི་ལེགས་པའི་མི་ཕལ་ཆེ་བ་ཞིག་གི་སེམས་གཏིང་དུ་སྡུག་གི་གྲིབ་ནག་ཅིག་འཐིབས་ཡོད་པས། ཁོ་ཚོས་རང་རྟོན་གྱི་སྒོ་ནས་མི་གཞན་ལ་འབྲེལ་འདྲིས་ཁ་བརྡ་བྱེད་མི་ཐུབ། འདི་ལྟར་ཁོ་ཚོའི་བྱ་བ་དང་སྤྱི་ཚོགས་ཀྱི་འབྲེལ་བ། རོགས་པ་འདེམ་པ་བཅས་ལ་གནོད་པ་ཐེབས་སྲིད།

  2.གདོང་དབྱིབས་ལ་གནོད་པ་ཆེ་བ།
  སོའི་ཕྲེང་སྒྲིག་མི་ལེགས་པ་ཡིན་ན། བཞིན་གྱི་མཛེས་སྣང་དོ་མི་སྙོམས་པ་དང་མ་མགལ་རུས་པ་དང་ཪྙིལ་གྱི་གྲུབ་ཚུལ་སྐྱེས་པ་རྒྱུན་ལྡན་མིན། སོ་སྐྱེས་པ་འཚང་ཁ་དང་འབུར་བོ་བྱུང་ན། གདོང་དབྱིབས་ལ་གནོད་དེ་ཡ་མ་གཟུགས་སུ་འགྱུར། དཔེ་བཞག་ན་སོ་སྐྱེས་པ་མི་ལེགས་པར་མ་མགལ་བསྣར་བའི་མི་ནི་བལྟས་པའི་ཚེ་གདོང་དབྱིབས་ནི་ཟླ་གམ་ངོ་ཡིན་པ་དང་། སོ་ཕྲེང་ལེགས་པར་བཅོས་རྗེས་གདོང་དབྱིབས་རྒྱུན་ལྡན་དུ་འགྱུར་སྲིད།

  3.ཁ་ནང་གི་བྱེད་ནུས་ལ་གནོད་པ་ཆེ་བ།
  སོའི་ཕྲེང་སྒྲིག་མི་ལེགས་པར་འཁྱ་གེ་འཁྱོག་གེ་ཡིན་ན་ཁ་ནང་གི་བྱེད་ནུས་ཁ་ཤས་རྒྱུན་ལྡན་དུ་འདོན་པ་ལ་གནོད་པ་ཐེབས་ངེས་ཡིན། དཔེར་ན། ཟས་ལྡད་པའི་ནུས་པ་དང་སྐད་འདོན་པའི་ནུས་པ། ཁྱུར་མིད་ཀྱི་ནུས་པ། འབྱིན་རྔུབ་ཀྱི་ནུས་པ་སོགས་ལྟ་བུ།

  4.ཁ་ནང་གི་བདེ་ཐང་ལ་གནོད་པ་ཆེ་བ།
  སོའི་ཕྲེང་སྒྲིག་མི་ལེགས་པ་དེས་ཁ་ནང་གི་སྲིན་ཁྲ་བརྟེན་སླ་བ་དང་སོ་དྲེག་གཙང་མ་འདག་མི་ཐུབ་པ། སོ་ཪྙིལ་དང་སོ་འཁོར་གཉན་ཚད་རྒྱས་ནས་སོ་ཪྙིལ་སྐྲངས་པ་དང་སོ་ཁྲག་བཞུར་བ་སོགས་ཀྱི་གནོད་པ་ཡོད།

  5.འཚར་ལོངས་དང་སེམས་ཁམས་བདེ་ཐང་ལ་གནོད་པ་ཆེ་བ།
  སོའི་ཕྲེང་སྒྲིག་མི་ལེགས་པ་དེས་ན་གཞོན་ལོ་ཆུང་དག་གི་མ་མགལ་གྱི་འགྲམ་རུས་སྐྱེ་བར་གནོད་པ་ཐེབས་ནས། བསྣོལ་ཞིང་འཁྱོག་པའི་སོ་ཡ་མ་གཟུགས་སྐྱེས་པའི་ན་གཞོན་ལོ་ཆུང་དག་གི་ཁྲོད་དུ། སེམས་ཁམས་བདེ་ཐང་མིན་པའི་བསྡུར་ཚད་ཇེ་མཐོར་སོང་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1