“བྱིས་པའི་རི་མོ།”——སྒྱུ་རྩལ་ལ་བརྟེན་ནས་བྱིས་པའི་སེམས་ཁམས་གསོ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-04



         དྲི་ཞིམ་ཕྱོགས་བཅུར་འཐུལ་བའི་དཔྱིད་ཟླ་5པ་ཕར་བསྐྱལ་རྗེས། ཉི་འོད་ལམ་ལམ་གྱི་དབྱར་ཟླ་6པ་གཞི་ནས་སླེབས་སོང་། 2020ལོའི་ཟླ་6པའི་ཚེས་1ཉིན་འདིར་ཕུན་ཚོགས་ཚེ་བརྟན་གྱིས་དམའ་རིམ་སློབ་འབྲིང་དུ་ཞུགས་རྗེས་ཀྱི་“དྲུག་གཅིག”བྱིས་པའི་དུས་ཆེན་དང་པོ་དེ་བསུས་ཤིང་། འདི་ནི་ཐུན་མོང་མ་ཡིན་པའི་བྱིས་པའི་དུས་ཆེན་ཞིག་རེད།

སློབ་མས་རྡོ་ཐོག་ཏུ་རི་མོ་འབྲི་བཞིན་པ།
          ཟླ་6པའི་ཚེས་1ཉིན། རི་མོ་བ་ཞའོ་ཉིང་དང་། ཞུས་ཁའེ། ཝུན་པིན་བཅས་དགེ་རྒན་གསུམ་གྱིས་བོད་རང་སྐྱོང་ལྗོངས་ལྷ་ས་སྣེའུ་སློབ་འབྲིང་དུ་ཁོང་ཚོའི་དུས་ཡུན་གཟའ་འཁོར་གཅིག་རིང་གི་མཛེས་རྩལ་སློབ་ཁྲིད་བྱེད་འགོ་ཚུགས།
          ངོ་སྤྲོད་བྱས་པར་གཞིགས་ན། གཟའ་འཁོར་གཅིག་རིང་གི་སློབ་ཁྲིད་དུས་ཚོད་ནང་དགེ་རྒན་ཁོང་ཚོས་རང་ཉིད་ཀྱི་ཉམས་མྱོང་དང་མྱོང་ཚོར་ལ་བརྟེན་ནས་སློབ་མ་ཚོར་རྡོ་དང་ཤོག་བྱང་སོགས་རི་མོ་འབྲི་ས་རྣམས་ལ་ཕ་ཡུལ་གྱི་བྱིས་པའི་“རི་མོའི་”གཏམ་རྒྱུད་དེ། པུར་སྨྱུག་དང་དགའ་ཞེན་ལ་བརྟེན་ནས་གནམ་སྔོན་པོ་དང་སྤྲིན་དཀར་པོ། ནོར་ནག གཙོད། རྩྭ་རྩི་ཤིང་སོགས་བྲིས་ཏེ་བྱིས་པ་ཚོའི་སྒྱུ་རྩལ་གྱི་སྤྲོ་སྣང་ཀུན་ནས་བསླངས་པ་རེད།
          “ངའི་ཕ་ཡུལ་ཧ་ཅང་མཛེས་པས། དེ་རིང་ངས་རྡོ་ཐོག་ཏུ་རང་གི་ཕ་ཡུལ་བྲིས་པ་ཡིན། དེ་ནི་ཕུན་ཚོགས་ཚེ་བརྟན་གྱིས་རྡོ་ཐོག་ཏུ་རི་མོ་བྲིས་པ་ཐེངས་དང་པོ་ཡིན་ཞིང་། ཁོང་གིས་དགའ་ཚོར་ཆེན་པོའི་སྒོ་ནས་“སླད་ཕྱིན་རྡོ་མང་པོ་བསྡུས་ནས་དེའི་སྟེང་དུ་རི་མོ་སྣ་ཚོགས་འབྲི་རྒྱུ་ཡིན”ཞེས་བཤད།

དགེ་རྒན་གྱིས་སློབ་མར་རི་མོ་ཁྲིད་བཞིན་པ།
          “སྤྲོ་སྣང་གིས་ཁེངས་པའི་བྱིས་པ་ཚོའི་བློ་ངོར་ཕ་ཡུལ་གྱི་རྒྱུས་མངའ་བའི་རི་ཀླུང་དང་། རྩྭ་རྩི། ནོར་ནག གཙོད་སོགས་གཏིང་ཟབ་པར་འཇགས་ཡོད་པ་དང་། ཁོང་ཚོའི་རི་མོས་ཀྱང་བྱིས་དུས་ཀྱི་ཟོལ་མེད་རྣམ་དག་གི་བློ་རིག་དེ་མངོན་པར་མཚོན་ཞིང་། སློབ་ཁྲིད་འདི་དག་བྱས་པ་བརྒྱུད་བྱིས་པ་ཚོའི་སྒྱུ་རྩལ་གྱི་སྤྲོ་སྣང་ཀུན་ནས་སློང་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད།” རི་མོ་བ་ཞའོ་ཉིང་གིས་ང་ཚོས་བོད་རང་སྐྱོང་ལྗོངས་ཀྱི་བྱིས་པ་དེ་དག་གིས་བྲིས་པའི་རྡོ་བྲིས་རི་མོ་དང་། ཤོག་བྱང་རི་མོ། དེ་བཞིན་བྱིས་པའི་སྤྲོ་སྣང་གི་བརྩམས་ཆོས་ཚང་མ་རྒྱལ་སྤྱིའི་ཐོག་སྐོར་སྐྱོད་འགྲེམ་སྟོན་བྱ་རྒྱུར་སྐུལ་འདེད་བཏང་ནས་བྱིས་པ་ཚོར་ཐོག་མཐའ་བར་གསུམ་དུ་གཅེས་སེམས་དང་། བྱིས་པའི་བྱིས་བློ། བྱིས་པའི་དགའ་སྣང་། བྱིས་གཏམ་བཅས་རྒྱུན་འཁྱོངས་ཡོང་བར་བྱས་ནས།  ཁོང་ཚོའི་རི་མོའི་སྐད་ཆ་དེ་དག་མཐོ་སྒང་ཕན་ཆད་ཀྱི་བྱིས་པ་ཚོ་དང་མཉམ་དུ་སྤེལ་རེས་དང་གླེང་མོལ་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད།

དགེ་རྒན་གྱིས་གསར་རྩོམ་བྱས་པའི་རྡོ་བྲིས་རི་མོ།

དགེ་རྒན་གྱིས་གསར་རྩོམ་བྱས་པའི་རྡོ་བྲིས་རི་མོ།

དགེ་རྒན་གྱིས་གསར་རྩོམ་བྱས་པའི་རྡོ་བྲིས་རི་མོ། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1