༄༅།།གཟན་རྩྭའི་བཟོ་སྣོན་དང་གསོག་འཇོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 06-04


 དང་པོ། གཟན་རྩྭ་བརྔ་བསྡུའི་ལག་རྩལ། 
གཅིག གཟན་རྩྭ་བརྔ་བསྡུའི་དུས་ཚོད་ལ་ཚོད་འཛིན་བྱེད་པ།
        གཟན་རྩྭ་འབྲེག་དུས་སྔ་ན། ཐོན་ཚད་དམའ་ལ། འབྲེག་དུས་འཕྱི་ན་སྤུས་ཀ་ཞན་སྲིད། གཟན་རྩྭ་བརྔ་བསྡུའི་འོས་འཚམ་དུས་ཚོད་ནི་རྩྭ་སྐམ་གྱི་ཐོན་འབོར×རྩྭ་སྐམ་ནང་གི་སྤྲི་དཀར་སྦོམ་གྲས་རིགས་ཀྱི་ཚད(%)ཆེས་མཐོ་བའི་སྐབས་ཡིན། དུས་མཚུངས་སུ། ས་གནས་དེ་གའི་གནམ་གཤིས་འགྱུར་ལྡོག་ལ་གཞིགས་ཏེ་གཟན་རྩྭ་སྐམ་པ་དང་གསོག་འཇོག་སོགས་ཀྱི་འཚམ་མིན་ལ་མཉམ་འཇོག་བྱ་དགོས། སྤྱིར་བཏང་དུ། རྩྭ་ལ་སྙེ་མ་རྒྱས་པ་ནས་འབྲུ་གུ་མ་ཆགས་པའི་བར་ལ་འབྲེག་དགོས། 
གཉིས། འོས་འཚམ་གྱི་འཕྲུལ་ཆས་སྤྱོད་པ།
        གཞུང་རྟ་སྦོམ་ཞིང་སྲ་བའི་སྲན་མའི་རིགས་ཀྱི་རྩྭ་བརྔ་བསྡུ་བྱེད་སྐབས། འཕྲུལ་ཆས་ལ་འབྲེག་གཏུབ་དང་གནོན་པ། ཕྲེང་སྒྲིག་པ་བཅས་ཀྱི་བྱེད་ནུས་ལྡན་པའི་རིགས་སྤྱད་ན་བཟང་། སྙེ་མ་ཅན་གྱི་རྩྭ་བརྔ་བསྡུ་བྱེད་སྐབས། འཕྲུལ་ཆས་ལ་འབྲེག་གཏུབ་དང་ཤོག་རྒྱག་པ། རྩྭ་ཐོར་འཐུལ་བ། གནོན་པ་བཅས་ཀྱི་བྱེད་ནུས་ལྡན་པའི་རིགས་བདམས་ན་བཟང་།
གསུམ། གཞན་དག
        རྩྭ་འབྲེག་པའི་ཁ་གྲངས་དང་སོག་མའི་མཐོ་དམའ་སོགས་ལ་མཉམ་འཇོག་བྱས་ཏེ་སླར་སྐྱེས་པ་དང་སྤུས་ཚད་རྣམས་ལ་གནོད་པ་མེད་པར་བྱེད་དགོས།

 གཉིས་པ། སྔོ་རྩྭ་སྡེབ་སྦྱོར་གྱི་ལག་རྩལ།
གཅིག སྔོ་རྩྭའི་བརླན་ལ་ཚོད་འཛིན་པ།
        རྩྭ་བརྔ་བསྡུ་བྱས་རྗེས་ཐང་ལ་བཀྲམས་ནས་ཆུ་ཚོད5ནས6ཙམ་ལ་སྐམ་དགོས་པ་དང་། བརླན་ཚད50%མན་ལ་བབས་ཚེ། སྔོ་རྩྭ་ཤོག་ཆུང་ཆུང་དུ་བརྒྱག་དགོས། དེ་ནས་ཆུ་ཚོད4ནས5ཡི་རྗེས་ལ་བརླན་ཚད35%ནས40%མན་ལ་བབས་ཚེ་ཤོག་ཆེན་པོ་བརྒྱབ་སྟེ་བསིལ་སྐམ་བྱེད་དགོས། 
གཉིས། གཟན་རྩྭ་ཤོག་བརྒྱབ་སྟེ་སྐམ་པ་དང་བསིལ་སྐམ་བྱེད་པ།
        སྔོན་ལ་བྲེག་པའི་རྩྭ་རྣམས་ཤོག་ཅུང་ཆེན་པོ་བརྒྱབ་ནས་ཉིན་གཉིས་གསུམ་ཙམ་ལ་སྐམ་རྗེས་ཉར་ཚགས་བྱེད་དགོས། ས་བབ་མཐོ་ཞིང་དྲོད་གྲང་སྙོམས་པའི་འབྲོག་ཁུལ་དུ་ཡུག་པོ་དང་འདྲ་བའི་གཟན་རྩྭ་དག་དྲོད་སྙོམས་བསིལ་སྐམ་གྱི་བྱ་ཐབས་སྤྱོད་དགོས། ས་གནས་དེ་གའི་གནམ་གཤིས་འགྱུར་ལྡོག་ལ་གཞིགས་ཏེ་རྨོ་འདེབས་ཀྱི་དུས་ཚོད་མཐུན་སྒྲིག་བྱེད་པ་དང་། སད་ཀྱི་སྔོན་ལ་མེ་ཏོག་བཞད་པར་བྱེད་དགོས་ཤིང་། སད་དང་སེར་བ་ཐེངས་ཁ་ཤས་ཀྱི(སད་བའི་རྗེས་ཀྱི་གཟའ་འཁོར་གཅིག་ནས་གཉིས་ཀྱི་བར)རྗེས་ལ། ཡུག་པོ་བྲེག་ནས་ཤོག་བརྒྱབ་སྟེ་ཞིང་ཁར་བསིལ་སྐམ་བྱེད་པ་དང་། ཡང་ན་ཡུག་པོ་ཤོག་བརྒྱབ་རྗེས་ཐང་ལ་བཀྲམས་ཏེ་བསིལ་སྐམ་བྱེད་པ་ལས་ཕར་སློག་ཚུར་སློག་བྱེད་མི་དགོས། བརླན་ཚད20%མན་ལ་བབས་ཚེ་ཤོག་ཆེན་པོ་བརྒྱབ་སྟེ་དགུན་དཔྱིད་ཀྱི་ཁ་གསབ་གཟན་རྩྭ་བྱེད་དགོས།
གསུམ། བཟང་ཆ་དང་ཞན་ཆ།
        བཟང་ཆ་ནི་སྡེབ་སྦྱོར་བྱས་པའི་སྔོ་རྩྭ་སྐམ་པོའི་མདོག་སྔོ་ལ། རྒྱུ་སྤུས་བཟང་ཞིང་དྲི་ཞིམ་ལྡན་པར་མ་ཟད། ཕྱུགས་ཟོག་གི་ཁམས་ལའང་མཐུན། ཞན་ཆ་ནི་ཆར་ཆུའི་བརླན་བཤེར་འཛིན་སླ་བས་བསིལ་སྐམ་གྱི་སྐབས་སུ་བཅུད་རྫས་ཉུང་བར་འགྲོ་ངེས་ཡིན།
བཞི། དོ་སྣང་བྱ་ཡུལ།
        ཆར་ཆུ་ཅུང་མང་བའི་ས་ཆར། སྔོ་རྩྭ་སྡེབ་སྦྱོར་བྱེད་དུས་རྒྱུ་སྤུས་ཁག་ཐེག་བྱེད་ཆེད་རྩྭ་གདང་བཀོལ་ན་བཟང་། རྩྭ་ཤོག་ཡར་བརྩིགས་དུས་མར་གནོན་དགོས་པ་དང་རྩྭ་ཤོག་མར་ལྷུང་བའམ་ཆར་བས་བརླན་པ་སོགས་འགོག་ཆེད་སྟེང་དུ་ཆུ་ཤོག་སྲབ་མོ་འགེབས་དགོས། གདང་བུ་སྟེང་རྩྭ་ཤོག་བརྩིགས་དུས་གཏིང་འོག་གི་གཟན་རྩྭ་ཐང་དང་བར་ཐག་ཅུང་ཡོད་དགོས། དེ་ལྟར་བྱས་ན་བསིལ་སྐམ་བྱེད་པར་མ་ཟད། བརླན་འགོག་པར་ཡང་ཕན།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1