དྲ་ཐོག་ལས་སྟེགས་བརྒྱུད་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-08




འདི་ནི་རྒྱ་ཚ་རྫོང་གི་དྲ་ཐོག་ཚོང་དོན་ལྟེ་གནས་ཀྱིས་མ་ནོར་གྲོང་ཚོའི་ཞིང་འབྲོག་པར་དྲ་ཐོག་ཚོང་དོན་ཁྱབ་གདལ་གཏོང་སྟངས་གསོ་སྦྱོང་བྱེད་བཞིན་པ།

     2017ལོ་ནས་བཟུང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་གོང་འོག་ཚང་མས་རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་གཉེར་ནས་ཕྱོགས་བསྡུས་དཔེ་སྟོན་རྫོང་བཏོད་པའི་རྣམ་གྲངས་གོ་སྐབས་སུ་བྱས་ཏེ། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ། ལས་གཏོད་ལས་ཞུགས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་དང་ལམ་བུ་འདེམས་རྒྱུར་བརྩིས་ནས་སྐུལ་འདེད་གཏོང་བཞིན་མཆིས།



འདི་ནི་རྒྱ་ཚ་རྫོང་དྲ་ཐོག་ཚོང་དོན་ལྟེ་གནས་ཀྱི་ལས་དོན་མི་སྣས་སྐམ་པོ་བྱེ་ཐང་གྲོང་ཚོའི་སེའུ་རྟེན་གཞི་ནས་སེའུ་ཉོ་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1