ལི་ཐང་དུ་སློབ་ཆུང་སློབ་མ་རྣམས་ནགས་ཚལ་མེ་ཟོན་གྱི་འོས་འགན་དྲིལ་སྒྲོག་པར་གྱུར་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-09



           སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་འཇའ་བ་སློབ་ཆུང་གི་སློབ་མ་100ལྷག་ཙམ་ནགས་ཚལ་མེ་ཟོན་གྱི་འོས་འགན་དྲིལ་སྒྲོག་པར་གྱུར་ཏེ། “ལག་པ་ཆུང་ཆུང་གིས་ལག་པ་ཆེན་པོ་འཐེན་པ།”ཞེས་པའི་བྱེད་སྒོ་སྤེལ་བ་བརྒྱུད་དེ། མེ་འགོག་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། ལས་ཀའི་བྱེད་ཐབས་ཁག་གྲོང་ཚོ་རེ་རེ་དང་། ཁྱིམ་ཚང་རེ་རེ། མི་རེ་རེ་བཅས་ལ་དྲིལ་བསྒྲགས་བྱས།
མེ་འགོག་དྲིལ་སྒྲོག་བརྗོད་དོན་གཙོ་བོ་ཡིན་པའི་འཛིན་གྲྭའི་ཚོགས་འདུ།
           གཞོན་ནུ་ལོ་ཆུང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་འདུ་ཤེས་སྔར་ལས་ཆེ་རུ་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲིལ་བསྒྲགས་གཏིང་ཟབ་བྱས་ནས། ཐན་སྐམ་དུས་ཚིགས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ནན་ཏན་སྒོས་སྒྲུབ་ཆེད། འཇའ་བ་སློབ་ཆུང་གི་འཛིན་གྲྭ་ཁག་གིས་“ནགས་ཚལ་མེ་ཟོན་ལ་མི་ཚང་མར་འགན་འཁྲི་ཡོད།”ཅེས་པའི་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་འཚོགས་པ་དང་། ནགས་ཚལ་མེ་ཟོན་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་ཞིང་། ནགས་སྲུང་མེ་ཟོན་དང་མེ་ཟོན་རང་སྐྱོབ་གཉིས་ཟུང་དུ་སྦྲེལ། དུས་མཚུངས་སུ་ “ལག་པ་ཆུང་ཆུང་གིས་ལག་པ་ཆེན་པོ་འཐེན་པ།”ཞེས་པའི་བྱེད་སྒོ་སྤེལ་བ་བརྒྱུད་དེ། སློབ་མ་ཚོར་ནགས་ཚལ་མེ་ཟོན་དང་ཕྱི་རོལ་མེ་ཟོན་གྱི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱས་པ་དང་། དམངས་ཡོངས་ཀྱི་མེ་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས། མེ་ཟོན་དྲིལ་སྒྲོག་ལས་དོན་དོན་ཐོག་ཏུ་འཁྱོལ་བར་བྱས་པ་རེད། 
ཕྲུ་གུ་ཚོས་བྲིས་པའི་ནགས་ཚལ་མེ་ཟོན་གྱི་རྒྱ་ཁྱབ་བརྡ་སྦྱོར།
           བྱེད་སྒོ་དེར《ནགས་ཚལ་མེ་ཟོན་སྲོལ་ཡིག》ལས་བདམས་པའི་ནང་དོན་དང་ནགས་ཚལ་མེ་སྐྱོན་སྔོན་འགོག་དང་མེ་གསོད་བྱེད་ཐབས་ཀྱི་གཞི་རྩའི་རྒྱུན་ཤེས། ད་དུང་ཕྱི་རོལ་དུ་མེ་བེད་སྤྱོད་བྱེད་སྐབས་ཀྱི་དོ་དམ་གཏན་འབེབས་སོགས་ཀྱི་རྒྱུ་ཆ་སྤྲད་པས། སློབ་མའི་མེ་ཟོན་གྱི་འདུ་ཤེས་དང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གྱུར་པ་དང་། ཁོང་ཚོའི་མེ་ཟོན་གྱི་རང་སྐྱོབ་ནུས་པ་ཆེ་རུ་ཕྱིན་པ་རེད།     
མེ་འགོག་དྲིལ་སྒྲོག་བརྗོད་དོན་གཙོ་བོ་ཡིན་པའི་འཛིན་གྲྭའི་ཚོགས་འདུ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1