ཀན་སུའུ་ཝུན་རྫོང་གིས་རིག་གནས་ཡུལ་སྐོར་གྱི་སྟོབས་ཆེའི་རྫོང་བཏོད་དེ་བོད་གྲོང་མཛེས་ཤོས་བསྐྲུན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-10


     ཉེ་བའི་ལོ་ཤས་རིང་། ཝུན་རྫོང་གིས་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་དང་དམངས་སྲོལ་རིག་གནས་ཀྱི་ལེགས་ཆར་བརྟེན་ནས། “རིག་གནས་ཡུལ་སྐོར་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་བསྟར་དམ་འཛིན་བྱས་ཏེ། ཡུལ་སྐོར་སྤུས་རྟགས་ལེགས་གཏོང་དང་སྟོབས་ཆེར་གཏོང་བ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་སྤུས་ལེགས་དང་སྟོབས་ཆེ་རུ་གཏོང་བ། གྲོང་གསེབ་ཡུལ་སྐོར་མཛེས་སྡུག་དང་ཁྱད་ལྡན་དུ་བཏང་བ། ཞབས་ཞུའི་ཁོར་ཡུག་འདང་ངེས་དང་ཡག་པོ་སྒྲུབ་པ་བཅས་གཙོ་གནད་དུ་བཟུང་ནས། “ཟས་གོས་གནས་མལ་དང་ཡུལ་སྐོར་ཉོ་སྒྲུབ་རོལ་རྩེད”བཅས་ཕྱོགས་བསྡུས་འཛད་སྤྱོད་ནས་འགོ་ཚུགས་ཏེ། གྲོང་གསེབ་ཡུལ་སྐོར་གྱི“སྒུལ་ཤུགས་སྟོབས་ལྡན”བཟོས་པ་རེད། 
     ཐིའེ་ལོའུ་བོད་རིགས་ཞང་གི་བོད་དམག་གཙང་པོའི་ངོགས་གཉིས་སུ་ཡུལ་སྲོལ་གོམས་གཤིས་ཁྱད་པར་ཅན་ལྡན་པའི་བོད་དམག་བོད་རིགས་ཞེས་པ་བསྡད་ཡོད་པ་དང་། ཁོ་ཚོས་ད་ལྟའི་བར་དུ་སྲོལ་རྒྱུན་གྱི་གོམས་སྲོལ་ཅུང་མང་པོ་རྒྱུན་འཛིན་བྱས་ཡོད་པ་དང་རང་བྱུང་དད་མོས། གདོད་མའི་མཚོན་ཆས་ལ་དད་གུས་བྱེད་པ་བཅས་ཀྱི་དད་མོས་སོར་བཞག་བྱས་ཡོད་ལ། ཁོང་ཚོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྱོན་ཆས་དང་རིག་གནས་གོམས་སྲོལ་གྱིས་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། 
     གཡང་དཀར་རི་སོགས་གྲོང་སྡེ་མང་པོར་བསྐྱོད་པ་ན། ལོ་ཟླའི་འཕོ་འགྱུར་གྱི་རྣམ་པ་མངོན་ཡོད་པ་དང་། རྒྱ་ཆེ་ཞིང་གཙང་པའི་ཁྲོམ་གཞུང་དུ་དམངས་སྲོལ་གྱི་རྣམ་པ་འདྲ་མིན་མིག་ལམ་དུ་མཐོང་རྒྱུུ་འདུག  ཐུན་མོང་མ་ཡིན་པའི་མཛེས་ལྗོངས་བར་ཁྱམས་ཟམ་པས་གྲོང་སྡེར་མཛེས་རྒྱན་སྤྲས་འདུག
     ཞིང་པའི་སྤྲོ་སྐྱིད་ཁང་གཉེར་མཁན་ཝང་ཏའེ་ཨོ་ཡིས“ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་བ་ཇེ་མང་ནས་ཇེ་མང་རེད། ཁོ་ཚོ་ཚང་མ་བོད་དམག་པའི་ཆང་གླུར་ཉན་རྒྱུར་དགའ་ཞིང་བྲོ་འཁྲབ་རྒྱུར་དགའ། ང་ཚོའི་འགྲུལ་ཁང་གིས་སྣེ་ལེན་བྱས་པའི་མགྲོན་པོ་ཇེ་མང་ཡིན་པ་དང་། ཐ་ན་ཁ་ཤས་ནི་ཟླ་ཕྱེད་ཙམ་ལ་སྡོད་ཀྱི་ཡོད”ཅེས་བཤད།
     བོད་དམག་བའི་དམིགས་བསལ་གྱི་དམངས་སྲོལ་རིག་གནས་དང་། རི་ཆུའི་མཛེས་ལྗོངས་བཅོས་མིན་དེ་ཡོད་པའི་དབང་གིས། “རིག་གནས་ཡུལ་སྐོར་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་བསྟར་བྱེད་རིང་། ཝུན་རྫོང་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་། སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོང་། གྲོ་ཕྱེ་འཐག་ཁང་ཁྱུ་ཚོགས་བཏོད་པ། མཛེས་ལྗོངས་བར་ཁྱམས་ཟམ་པ། རིག་གནས་རོལ་རྩེད་ཐང་ཆེན་སོགས་ཀྱི་ལས་གཞི་འདེགས་སྐྱོར་བྱས་ཏེ། ཝུན་རྫོང་གི་ཁྱད་ཆོས་ལྡན་པའི་བཅོས་མིན་གྱི་སྣོད་བཅུད་ཀྱི་བྲོ་བ་ལྡན་པའི་གྲོང་གསེབ་ཡུལ་སྐོར་སྤུས་རྟགས་བཏོད་པས། གནའ་བོའི་གྲོང་སྡེ་དེ་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ཐོག་ནས་མི་རྣམས་ཀྱི་མིག་ལམ་དུ་མངོན་པ་རེད།
     “གོམ་སྟབས་རྗེས་མར། ང་ཚོས་མུ་མཐུད་དམིགས་བསལ་གྱི་རང་བྱུང་དགེ་མཚན་དང་དམངས་སྲོལ་རིག་གནས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་སྐོར་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། མཛེས་ལྗོངས་ཁུལ་གྱི་མང་ཚོགས་དེ་བས་མང་བས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་དང་གྲོང་གསེབ་ཀྱི་ཡུལ་སྐོར་དེ་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱི་ནོར་བུ་ཞིག་ཏུ་འགྱུར་བ་བྱ་དགོས”ཞེས་ཞང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུས་ཧྲི་ཏུང་གིས་བཤད། 

     ད་ལྟ། བོད་དམག་གཙང་པོའི་མཛེས་ལྗོངས་ཁུལ་དུ་ཚའོ་ཧོ་པ་བོད་དམག་དམངས་སྲོལ་རིག་གནས་ཡུལ་སྐོར་མྱོང་རོལ་ཁུལ་དང་། ཐིའེ་ལུའོ་སོགས་མཛེས་སྡུག་ལྡན་པའི་གྲོང་གསེབ་4དང་ཚའོ་ཧོ་པ་སོགས་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ་5བཅས་བསྐྲུན་ཡོད། གནའ་བོའི་བོད་དམག་གྲོང་སྡེ་རུ་ད་ཆ་གྲོང་ཚོ་མཛེས་ཤིང་གྲོང་མི་ཕྱུག་པོར་གྱུར་ལ། མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་ཁེངས་ཡོད། རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་མང་ཚོགས་ལ་ཕན་པ་བསྐྲུན་ཡོད་ཅིང་། དམངས་སྲོལ་རིག་གནས་རྒྱུན་འཛིན་ནུས་ལྡན་བྱེད་པའི་ཆབས་ཅིག་མང་ཚོགས་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་པ་དང་འབྱོར་འབྲིང་ལམ་བུར་བསྐྱོད་རྒྱུར་དེ་བས་རམ་འདེགས་ཐུབ་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1