༄༅།།བུད་མེད་ལ་མཇིང་ཚིགས་ནད་འབྱུང་བའི་ཚད་ནི་སྐྱེས་པའི་ལྡབ་གཉིས་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-10


        ཨ་མེ་རི་ཁའི་ཞིབ་འཇུག་པའི་ཆེས་གསར་པའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། བུད་མེད་ལ་མཇིང་ཚིགས་ནད་འབྱུང་བའི་ཚད་ནི་སྐྱེས་པའི་ལྡབ་གཉིས་རེད།
        དེང་རབས་ཀྱི་བུད་མེད་དང་སྐྱེས་པར་མཇིང་ཚིགས་ནད་འབྱུང་བའི་ཚད་ལ་ཞིབ་འཇུག་བྱེད་ཆེད། ཨ་མེ་རི་ཁའི་ནེ་ཧྥ་ཏ་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་རྒྱུན་དུ་གློག་ཀླད་དང་ལག་ཁྱེར་ཁ་པར་བཀོལ་སྤྱོད་བྱེད་པའི་མི412བདམས་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་ན།བུད་མེད་རྣམས་རྒྱུན་དུ་ཙོག་ནས་གློག་ཀླད་དང་ལག་ཁྱེར་ཁ་པར་རྩེད་རྒྱུར་དགའ་བ་དང་།སྐྱེས་པ་རྣམས་ཉལ་ནས་རྩེད་རྒྱུར་དགའ་བས།ཚོད་ལྟ་བྱ་ཡུལ་གྱི་བུད་མེད70%ལ་མཇིང་ཚིགས་ནད་ཡོད་པ་དང་།སྐྱེས་པར30%ལས་མེད་པ་རེད།
        ཞིབ་འཇུག་པའི་སེམས་ལ།རྒྱུན་དུ་རྐུབ་སྟེགས་དང་རྩྭ་ཐང་།པང་ལེབ་སོགས་རྒྱབ་བསྙེས་མེད་པའི་འདུག་སྟེགས་སུ་བསྡད་དེ་དུས་ཡུན་རིང་པོར་གློག་ཀླད་དང་ལག་ཁྱེར་ཁ་པར་བཀོལ་སྤྱོད་བྱས་ན།མིའི་སྒལ་ཚིགས་ལ་མནོན་ཤུགས་ཐེབས་ཏེ།མཇིང་བ་དང་ཕྲག་སྟེང་གི་ཤ་གནད་ལ་གནོད་འཚེ་ཐེབས་སླ་བ་དང་།གཞན་ད་རུང་སྐྱེས་པ་དང་བསྡུར་ན།བུད་མེད་ཀྱི་ཤ་གནད་ལ་ནུས་པ་ཞན་ཞིང་དཔུང་པ་ཐུང་ལ།ཕྲག་ཞེང་ཆུང་བ་བཅས་ཀྱི་དབང་གིས་བུད་མེད་ཀྱིས་གློག་ཀླད་བཀོལ་སྤྱོད་བྱེད་པའི་སྐབས་སུ་མཇིང་བ་དང་ཕྲག་པར་གནོད་འཚེ་ཐེབས་ཚད་མཐོ་བ་རེད།
        དེ་བས་གློག་ཀླད་དང་ལག་ཁྱེར་ཁ་པར་བཀོལ་སྤྱོད་བྱེད་པའི་སྐབས་སུ།རྒྱབ་བསྙེས་ཡོད་པའི་རྐུབ་སྟེགས་དང་ཡང་ན་སྔས་མགོ་མཐོན་པོ་ཞིག་གི་སྟེང་དུ་བསྙེས་དགོས་ལ།གློག་ཀླད་དང་ལག་ཁྱེར་ཁ་པར་བཀོལ་སྤྱོད་བྱེད་པའི་དུས་ཡུན་རིང་མི་རུང་ངོ་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1