གངས་ལྗོངས་གནམ་རིས་སྐར་དཔྱད་ཁང་སླར་ཡང་སྒོ་དབྱེ་བྱས་ནས་ལྟ་སྐོར་བར་སྣེ་ལེན་ཞུ་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 06-11



        སྤྱི་ཟླ་དྲུག་པའི་ཚེས་6ཉིན།  གངས་ལྗོངས་གནམ་རིས་སྐར་དཔྱད་ཁང་དེ་སླར་ཡང་སྒོ་དབྱེ་བྱས་ཡོད་པ་དང་།  ས་གནས་ས་ཐོག་ཏུ་ལུས་དྲོད་ལྟ་ཞིབ་ཚད་ལེན་དང་དངོས་མིང་ཐོ་འགོད་བྱེད་པ།  མི་གྲངས་ལ་ཚོད་འཛིན་བྱས་ཏེ་ཚང་ག་མེད་པ་སོགས་ཀྱི་བྱ་ཐབས་ཁག་སྤྱད་ནས།  སྤྱི་དམངས་ལ་བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པའི་ལྟ་སྐོར་དང་ཉམས་ལེན་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཡོད།

        གངས་ལྗོངས་གནམ་རིས་སྐར་དཔྱད་ཁང་དེས་འཇིག་རྟེན་ཁམས་ལ་ཤེས་ཚོར་དང་རྒྱུས་མངའ།  འཚོལ་ཞིབ་བཅས་བྱེད་རྒྱུ་བརྗོད་བྱ་གཙོ་བོར་བྱས་ཏེ།  ཉམས་ལེན་རྣམ་གྲངས་50 ལྷག་ཙམ་བཏོན་ཡོད་པ་དེ་དག་མཉམ་འགུལ་བརྙན་ཕབ་དང་འཕྱོ་གཡེང་བརྙན་ཕབ།  དངོས་གཟུགས་རྗེས་སྙེགས།  མི་ལུས་པར་ལེན།  VR སོགས་ཚན་རྩལ་མཐོ་བའི་བྱེད་ཐབས་བརྒྱུད་ལྐོག་འགྱུར་གྱི་བར་གནམ་དབྱིངས་དེ་མངོན་ཡོངས་ཏེ་འཇིག་རྟེན་ཁམས་ཀྱི་གསང་བ་གསལ་སྟོན་བྱེད་ཀྱི་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན།  གངས་ལྗོངས་གནམ་རིས་སྐར་དཔྱད་ཁང་སྒོ་དབྱེ་བའི་དུས་ཚོད་ནི་རེས་གཟའ་སྤེན་པ་དང་ཉི་མ།  དེ་བཞིན་དུས་ཆེན་ཁག་གི་ངལ་གསོའི་རིང་བཅས་ཀྱི་སྔ་དྲོའི་ཆུ་ཚོད་བཅུ་པ་ནས་དགོང་མོའི་ཆུ་ཚོད་བརྒྱད་པའི་བར་ཡིན་པ་དང་།  རེས་གཟའ་ཟླ་བ་ནས་པ་སངས་བར་ཚོགས་པའི་མངག་ཉོ་དང་ལེན་བྱེད་ཀྱི་ཡོད་པས་མང་ཚོགས་ཚོས་ས་གནས་ས་ཐོག་ཏུ་སྤ་སེ་ལེན་ཆོག་པ་མ་ཟད།  ད་དུང་གངས་ལྗོངས་གནམ་རིས་སྐར་དཔྱད་ཁང་གི་འཕྲིན་ཕྲན་སྤྱི་སྟེགས་ལ་དོ་སྣང་བྱས་ནས་སྤ་སེ་མངག་ཉོ་ཡང་བྱེད་ཆོག་གི་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1