གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁྲིམས་གསལ་མེ་ལོང་། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༡༡ཉིན།

༄༅།།དམངས་དོན་ཁྲིམས་གཞུང་གིས་ང་ཚོའི་འཚོ་བར་ཤུགས་རྐྱེན་གང་ཐེབས་སྲིད་དམ།


སྤེལ་དུས 2020-06-03 ཡོང་ཁུངས། རྩོམ་པ་པོ།
          དམངས་དོན་ཁྲིམས་གཞུང་ལ“སྤྱི་ཚོགས་འཚོ་བའི་རིག་གནས་ཀུན་བཏུས་དཔེ་དེབ”ཅེས་འབོད་པ་དང་། དེའི་ནང་དོན་གང་དག་གིས་ཁྱེད་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་མིན་གཟིགས་དང་།
          དམངས་དོན་ཁྲིམས་གཞུང་ཞེས་པ་གང་ཡིན་ནམ།
          དམངས་དོན་ཁྲིམས་གཞུང་ནི་ཀྲུང་གོ་གསར་པའི་ཁྲིམས་གཞུང་གི་མིང་བཏགས་པའི་བཅའ་ཁྲིམས་དང་པོ་དེ་ཡིན་པ་དང་། རང་རྒྱལ་གྱི་ཁྲིམས་གཞུང་རྩོམ་སྒྲིག་དང་ཁྲིམས་འཛུགས་ཀྱི་སྲོལ་བཏོད་པས། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། 
          དམངས་དོན་ཁྲིམས་གཞུང་ལ་ས་བཅད་7དང་ཞར་བྱུང་བཅས་ཁྱོན་དོན་ཚན་1260ལ་དབྱེ་ཡོད།
          ས་བཅད་དང་པོ། སྤྱིའི་རྩ་འཛིན། ས་བཅད་གཉིས་པ། དངོས་པོའི་བདག་དབང་། ས་བཅད་གསུམ་པ། གན་རྒྱ། ས་བཅད་བཞི་པ། མིའི་ཐོབ་ཐང་གི་དབང་ཆ། ས་བཅད་ལྔ་པ། གཉེན་སྒྲིག་དང་ཁྱིམ་ཚང་། ས་བཅད་དྲུག་པ། ཤུལ་འཛིན། ས་བཅད་བདུན་པ། དབང་གནོད་ཀྱི་འགན་འཁྲི། ཞར་བྱུང་བཅས་རེད།
          དོ་སྣང་བྱེད་ས་བདུན།
          དོ་སྣང་བྱེད་ས་དང་པོ།  རིམས་ནད་དང་འབྲེལ་བ་ཡོད་པ།
          དམིགས་བསལ་གནས་ཚུལ་འོག་ལྟ་རྟོགས་བྱེད་མཁན་མེད་པའི“ལྟ་སྐྱོང་བྱ་ཡུལ”སྲུང་སྐྱོང་བྱས་ནས་སྡེ་ལས་ཀྱི་འཕྲལ་སྡོམ་ཐག་གཅོད་འགན་འཁྲི་ཁ་གསལ་བཟོ་དགོས།
          དོ་སྣང་བྱེད་ས་གཉིས་པ། དངོས་པོའི་བདག་དབང་སྐོར།
          སྡོད་དབང་གཏན་འཁེལ་བྱས་ནས་དོ་བདག་གི་དབང་ཆ་སྲུང་སྐྱོང་དང་ཉམས་བཟོའི་དཀའ་གནད་སེལ་དགོས།
          དོ་སྣང་བྱེད་ས་གསུམ་པ། གན་རྒྱའི་སྐོར།
          སྡེ་ལས་ཀྱི་ཞབས་ཞུའི་གན་རྒྱ་མང་དུ་གཏོང་བ་དང་དྲ་ཐོག་གི་གན་རྒྱ་འཐུས་སྒོ་ཚང་དུ་བཏང་ནས་སྐྱེད་ཆེའི་བུ་ལོན་དང“བཙན་ཧམ་དོན་ཚན”མེད་པ་བཟོ་དགོས།
          དོ་སྣང་བྱེད་ས་བཞི་པ། མིའི་ཐོབ་ཐང་གི་དབང་ཆའི་སྐོར།
          མི་སྒེར་གྱི་ཆ་འཕྲིན་དང་གསང་བ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆགས་སྲེད་བརྙས་བརྐོ་དང་གཞི་རྒྱུའི་ཚན་ཞིབ་ལ་དོ་སྣང་བྱེད་དགོས།
          དོ་སྣང་བྱེད་ས་ལྔ་པ། གཉེན་སྒྲིག་དང་ཁྱིམ་ཚང་སྐོར།
          བཟའ་ཚང་ཁ་བྲལ་གྱི་བསམ་གཞིག་དུས་ཚོད་བཟོས་ནས་བཟའ་ཚང་གི་ཐུན་མོང་བུ་ལོན་ཁ་གསལ་བཟོ་དགོས།
          དོ་སྣང་བྱེད་ས་དྲུག་པ། ཤུལ་འཛིན་སྐོར།
          ཁ་ཆེམས་ལྟར་སྤྲོད་པ་དང་གསོ་སྐྱོང་གི་ཁྱབ་ཁོངས་ཆེ་རུ་བཏང་ནས་ཁ་ཆེམས་གསར་པའི་རྣམ་པ་མང་དུ་གཏོང་དགོས།
          དོ་སྣང་བྱེད་ས་བདུན་པ། དབང་གནོད་ཀྱི་འགན་འཁྲིའི་སྐོར།
          མཐོ་ས་ནས་ཅ་དངོས་དབྱུགས་པའམ་ཡང་ན་ཅ་དངོས་ཟགས་པའི་དཀའ་གནད་བསལ་ཏེ“རང་སྐྱོབ་བྱ་སྤྱོད”གང་བྱུང་དུ་སྤྱོད་རྒྱུ་གཏན་འགོག་བྱེད་དགོས།
          དོན་ཚན་འདི་དག་ལ་ལྷག་པར་དུ་དོ་སྣང་གནང་དགོས་འདུག
          གཅིག བསམ་བློ་ཡག་པོ་མ་བཏང་བར་བཟའ་ཚང་ཁ་བྲལ་ཚེ་གང་འདྲ་བྱེད་དགོས་སམ་ཞེ་ན། ཉིན་30ཡི་ནང་ཚུན་དུ་བཟའ་ཚང་ཁ་བྲལ་གྱི་རེ་ཞུ་ཕྱིར་འཐེན་བྱེད་ཆོག 
ཁྲིམས་སྲོལ།  
          གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་བཟའ་ཚང་ཁ་བྲལ་གྱི་ཐོ་འགོད་རེ་ཞུ་འབྱོར་བའི་ཉིན་ནས་བརྩིས་པའི་ཉིན་སུམ་ཅུའི་ནང་ཚུན་དུ་ཕྱོགས་གང་རུང་ཞིག་ཁ་བྲལ་འདོད་མེད་ཚེ། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ནས་བཟའ་ཚང་ཁ་བྲལ་གྱི་ཐོ་འགོད་རེ་ཞུ་ཕྱིར་འཐེན་བྱེད་ཆོག
          གཉིས། ཕྲུ་གུས་རོལ་རྩེད་རྩེ་སྐབས་དངུལ་མང་པོ་བླུགས་ན་ཇི་ལྟར་བྱེད་དགོས་སམ་ཞེ་ན། དེའི་རིགས་ཀྱི་དངུལ་ཚུར་སློག་གི་ཡོད།
ཁྲིམས་སྲོལ།
          ལོ་བརྒྱད་ཡན་གྱི་ན་སོ་དར་ལ་མ་བབས་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱེད་དགོས་པའི་མི་ཡིན་པ་དང་། དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ལག་ལེན་བསྟར་སྐབས་དེའི་ཁྲིམས་གཏན་འཁེལ་བའི་ངོ་ཚབ་ཀྱིས་ཚབ་བྱེད་པའམ་ཡང་ན་དེའི་ཁྲིམས་གཏན་འཁེལ་བའི་ངོ་ཚབ་ཀྱི་མོས་མཐུན་ཐོབ་དགོས་པའམ་ཡང་ན་རྗེས་སུ་ཁས་ལེན་ཐོབ་དགོས། ལོ་བརྒྱད་ལ་མ་སོན་པའི་ན་སོ་དར་ལ་མ་བབས་པའི་མི་དག་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའི་ཁོངས་སུ་གཏོགས་པ་དང་དེའི་ཁྲིམས་གཏན་འཁེལ་བའི་ངོ་ཚབ་ཀྱིས་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཚབ་སྒྲུབ་བྱེད་ཆོག
          གསུམ། ལས་ཀ་བྱ་ཡུལ་དང་སློབ་གྲྭ་སོགས་སུ་ཆགས་སྲེད་བརྙས་བརྐོ་བྱས་ན་གང་འདྲ་བྱེད་དགོས་སམ་ཞེ་ན། སྐྲག་དགོས་མེད་དེ། བཅའ་ཁྲིམས་ཀྱིས་ཁྱེད་ལ་རོགས་སྐྱོར་བྱེད་ངེས་རེད།
ཁྲིམས་སྲོལ།
          ལས་ཁུངས་དང་། ཁེ་ལས། སློབ་གྲྭ་སོགས་ཚན་པས་ལུགས་མཐུན་གྱི་སྔོན་འགོག་དང་། བདག་སྤྲོད་ཐེར་འདོན། བརྟག་ཞིབ་ཐག་གཅོད་སོགས་ཀྱི་བྱ་ཐབས་སྤྱད་དེ། འགན་དབང་དང་ཁོངས་གཏོགས་འབྲེལ་བ་སོགས་ལ་བརྟེན་ནས་ཆགས་སྲེད་བརྙས་བརྐོ་བྱེད་པའི་རིགས་སྔོན་འགོག་དང་གཏན་འགོག་བྱེད་དགོས།
          བཞི། མཐོ་ས་ནས་ཅ་དངོས་དབྱུགས་ནས་གནོད་འཚེ་ཕོག་རིགས་གང་འདྲ་བྱེད་དགོས་སམ་ཞེ་ན། “མགོ་ཐོག་གི་བདེ་འཇགས”ཡག་པོ་སྲུང་དགོས།
ཁྲིམས་སྲོལ།
          ཁང་པའི་ནང་ནས་ཅ་དངོས་དབྱུགས་པའམ་ཡང་ན་ཅ་དངོས་ཟགས་ཏེ་མི་གཞན་ལ་གནོད་འཚེ་ཕོག་ཚེ་དབང་ཆར་གནོད་འཚེ་གཏོང་མཁན་གྱིས་ཁྲིམས་བཞིན་དབང་གནོད་འགན་འཁྲི་སྒྲུབ་དགོས།
          ལྔ། APPནས་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་ཤུགས་ཐལ་དྲགས་ཚེ་གང་འདྲ་བྱེད་དགོས་སམ་ཞེ་ན། སྲུང་སྐྱོང་དེ་བས་ནན་པོ་བྱེད་དགོས།
ཁྲིམས་སྲོལ།
          མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་སྐབས་ཁྲིམས་མཐུན་དང་། ལུགས་མཐུན། དགོས་ངེས་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་བ་ལས། ཐག་གཅོད་བྱེད་ཤུགས་ཐལ་དྲགས་རྒྱུ་མེད།
          དྲུག སྒོར་ཁྲི་གཅིག་གཡར་བར་ཁྲི་བཅུ་སྤྲོད་དགོས་པ་ཇི་ལྟར་ཡིན་ནམ། དྲ་ཐོག་དངུལ་བུན་གྱི་གཡོ་ཇུས་ལ་སྐྲག་མི་དགོས།
ཁྲིམས་སྲོལ།
          སྐྱེད་ཆེའི་བུ་ལོན་གཏོང་བ་དང་དངུལ་བུན་གཡར་བའི་སྐྱེད་ཀ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་མི་ཆོག
          བདུན། ཁུལ་ཆུང་གི་གློག་སྐས་བརྡ་ཁྱབ་ཀྱི་ཁེ་བཟང་སུ་ལ་དབང་ངམ་ཞེ་ན། དོ་བདག་ལ་མཉམ་དུ་དབང་བ་ཞིག་རེད།
ཁྲིམས་སྲོལ།
          འཛུགས་སྐྲུན་ཚན་པ་དང་སྡེ་ལས་ཞབས་ཞུའི་ཁེ་ལས་སམ་ཡང་ན་དོ་དམ་བ་གཞན་དག་སོགས་ཀྱིས་དོ་བདག་གི་ཐུན་མོང་ལ་དབང་བའི་ཆ་ཤས་སྤྱད་ནས་རག་པའི་ཡོང་འབབ་ནས་ལུགས་མཐུན་གྱི་མ་གནས་བཅག་རྗེས་དེ་བྱིངས་རྣམས་དོ་བདག་ལ་མཉམ་དུ་དབང་བ་ཞིག་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1