འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་ཕུད་པའི་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ7060898ཡོད་པར་བསྟན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 06-12


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཀྲུང་གོ་ཕུད་པའི་རྒྱལ་ཁབ་གཞན་དག་གི་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ7060898ལ་འཕར་བ་རེད།
        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས10ཉིན་གྱི་ཆུ་ཚོད10བར་དུ(པེ་ཅིང་གི་ཆུ་ཚོད16)ཀྲུང་གོ་ཕུད་པའི་རྒྱལ་ཁབ་གཞན་དག་ཏུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་སྔོན་ཉིན་ལས105618ཇེ་མང་དུ་ཕྱིན་ཏེ་ནད་པ7060898ལ་སླེབས་པ་དང་།  ཀྲུང་གོ་ཕུད་པའི་ཚེ་འདས་ནད་པ་སྔོན་ཉིན་ལས3629ཇེ་མང་དུ་ཕྱིན་ཏེ403380ལ་སླེབས་ཡོད།
        གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་སྔོན་ཉིན་ལས105621ཇེ་མང་དུ་ཕྱིན་ཏེ་ད་ལྟ་ནད་པ7145539ལ་སླེབས་པ་དང་། ཚེ་འདས་ནད་པ་སྔོན་ཉིན་ལས3629འཕར་ཏེ་ད་ལྟ408025ལ་སླེབས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1