༄༅།།སྤྲིན་གྱི་འཕང་ཚད་ལ་བལྟས་ནས་གནམ་གཤིས་བརྟག་ཚུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-12


        སྤྲིན་གྱི་འཕང་ཚད་དེ་སྤྲིན་དང་ས་ངོས་ཀྱི་བར་ཐག་མཐོ་དམན་ལ་བལྟས་ཏེ་གནམ་གཤིས་བརྟག་ཚུལ་ཞིག་ལ་ཟེར། སྤྲིན་དང་ས་ངོས་ཀྱི་བར་ཐག་ཐུང་ན་སྔར་བཞིན་ཆར་སོགས་མུ་མཐུད་དུ་འབབ་པ་དང་། སྤྲིན་འཕང་མཐོ་ན་ཆར་རྒྱུན་ཆད་དེ་གནམ་གཤིས་དྭངས་པར་འགྱུར་ངེས་ཞེས་བཤད་སྲོལ་ཡོད། དེ་མིན་བོད་ཀྱི་གཏམ་དཔེར་སྤྲིན་མགོ་སྦས་ན་ཉི་མགོ་ཡོང་ཞེས་བཤད་སྲོལ་ཡོད། དེ་ནི་དཔེར་ན་ནངས་སྔ་མོར་གནམ་ངོ་ཡོངས་སྤྲིན་གྱིས་གཡོགས་ཤིང་ཉི་མ་བསྒྲིབས་ཏེ་དུས་ལྟར་མ་ཤར་ན། དུས་ཡུན་ཅུང་ཙམ་འགོར་རྗེས་སྤྲིན་པ་རིམ་བཞིན་ཡལ་ཏེ་ཉི་མ་འཆར་འོང་བ་ལ་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1