བློ་བཟང་ཆོས་འཕེལ་དང་ལས་གཏོད་སློབ་ཆེན་སློབ་མའི་གཏམ་རྒྱུད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 06-15


རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཞིང་ལས་དངོས་མང་སྟོན་ཚོགས་ཐོག་བློ་བཟང་ཆོས་འཕེལ(དཀྱིལ)གྱིས་སྨྱན་སྦྱོར་མི་སྣར་ཀུང་སིའི་ཐོན་ཟོག་ངོ་སྤྲོད་བྱེད་བཞིན་པ།
           བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དུ་གནས་པའི་ལྷ་ས་བཀྲ་ཤིས་དར་ཚོན་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སིའི་འགྲེམས་ཁང་དུ་སྐྱོད་སྐབས། བཟོ་དབྱིབས་ཕུན་སུམ་ཚོགས་ལ་གསོན་ཉམས་དོད་པའི་བོད་ཀྱི་འཇིམ་བཟོའི་བཟོ་རྩལ་ཐོན་ཟོག་གིས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག
           ཀུང་སིའི་འགན་འཁུར་བ་བློ་བཟང་ཆོས་འཕེལ་ད་ལོ་ལོ་40ལ་སླེབས་པ་དང་། ཚོང་གཉེར་བྱས་ནས་ལོ་20སོང་བས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ཁོང་གིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་གཏོད་ལམ་ལྷོངས་མ་བྱུང་བ་མཐོང་སྐབས་ཁོང་ཚོར་རོགས་རམ་བྱ་རྒྱུའི་སེམས་ཐག་བཅད། “ང་ཚོས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་པ་དང་སློབ་ཆེན་སློབ་མ་ལས་གཏོད་མཁན་འགའ་མཉམ་དུ་བཞག་སྟེ་རང་འགུལ་ངང་སྣེ་འདྲེན་ཁེ་ལས་དང་མཉམ་ལས་བྱས་ནས། “ལག་གདང་སྦྲེལ་བའི”བྱེད་ཐབས་སྤྱད་དེ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་དང་སློབ་ཆེན་སློབ་མ་ལས་གཏོད་མཁན་དབར་མཐུན་སྒྲིལ་རོགས་རེས་བྱས་ནས་བྱ་གཞག་གསར་པ་ཞིག་གཏོད་རྒྱུ་ཡིན”ཞེས་བློ་བཟང་ཆོས་འཕེལ་གྱིས་བརྗོད།

བཀྲ་ཤིས་དར་ཚོན་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སིས་ཞིབ་འཇུག་བྱས་ནས་བཟོས་པའི་དམངས་ཁྲོད་ཀྱི་འབག་དང་ལག་ཐོགས་ཁ་པར་གྱི་ཤུབས་ཡིན་པ།
           2018ལོར་སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཟོག་ཚོང་གཉེར་བྱེད་མཁན་ལྷ་ས་བཀྲ་ཤིས་དར་ཚོན་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ་དང་། ད་ཆ་ཀུང་སི་དེར་ཐོག་མའི་མི་4ནས་ད་ཆའི་མི་7བར་མང་དུ་ཕྱིན་ཡོད། ཀུང་སིས་སྔ་རྗེས་སུ་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོ་ཐེངས་འགའ་ཤས་ནང་ཞུགས་པར་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད།

བཀྲ་ཤིས་དར་ཚོན་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སིའི་ཇུས་བཀོད་པ་ཚེ་བརྟན་ནོར་བུའི་བརྩམས་ཆོས།

བཀྲ་ཤིས་དར་ཚོན་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཡུལ་སྐོར་གྱི་དྲན་རྟེན་ཐོན་ཟོག་ལྷ་མོའི་འཁྲབ་ཆས།
           ཚེ་བརྟན་ནོར་བུ་2015ལོར་ཐའེ་ཡོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ནས་ཐོན་ཏེ། ལྷ་སའི་ཁེ་ལས་ཤིག་ཏུ་ལོ་1ཙམ་ལས་ཀ་བྱས་རྗེས་དགོངས་པ་ཞུས་ཏེ་གསར་གཏོད་ཀྱི་ལས་ལ་ཞུགས། ཆུང་དུས་ནས་རི་མོ་འབྲི་རྒྱུར་དགའ་བའི་ཁོང་གིས་སྔོན་མ་རང་ཉིད་ཀྱིས་འདོད་བྲིས་རི་མོ་ཁང་ཞིག་འཛུགས་མྱོང་ཡོད་ལ། རང་སྐྱོང་ལྗོངས་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གིས་གཉེར་བའི་འདོད་བྲིས་རི་མོའི་འགྲེམས་སྟོན་ལའང་ཞུགས་མྱོང་ཡོད། “སྲོལ་རྒྱུན་རིག་གནས་དང་རང་ཉིད་ཀྱི་བྱང་ཆ་ཟུང་དུ་འབྲེལ་དགོས”ཞེས་བརྗོད་པ་དང་ཚེ་བརྟན་ནོར་བུར་ལྷ་ས་བཀྲ་ཤིས་དར་ཚོན་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སིར་རང་ཉིད་ཀྱི་འཇོན་ཐང་ངོམ་པའི་གོ་སྐབས་ཤིག་རག་སྟེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་པར་རིས་དང་། འགུལ་རིས་པར་མའི“ལྷ་མོའི་འཁྲབ་གཞུང་བརྒྱད”ཀྱི་གཟུགས་བརྙན། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ལུང་རིང་མཱ་ཁེ་ཆུ་ཕོར་དང་རྔུལ་ལེན་འོག་འཇུག་སོགས་འཆར་འགོད་བྱས་ཡོད་པ་རེད།

བཀྲ་ཤིས་དར་ཚོན་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སིའི་ཐོན་ཟོག་སྟེ་བོད་ཀྱི་སྲོལ་རྒྱུན་འབག
           ལྷ་ས་བཀྲ་ཤིས་དར་ཚོན་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སི་རིམ་བཞིན་འཕེལ་རྒྱས་འགྲོ་བཞིན་པ་མཐོང་ཡང་བློ་བཟང་ཆོས་འཕེལ་གྱིས་དལ་དལ་ལྷོད་ལྷོད་ངང་མི་སྡོད་པར་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་འཚོ་གནས་ཀྱི་དཀའ་ངལ་ཅི་འདྲ་ཡོད་པ་རང་ཉིད་ལ་མྱོང་ཚོར་ཡོད་པས། རང་འགུལ་ངང“ཁེ་ལས་ཆེ་མོ་དང་འབྲེལ་བ་བྱེད་པ་དང་མཉམ་ལས་བྱས་ནས་ཁེ་ལས་ཆེ་མོ་དང་ཁེ་ལས་ཆུང་ངུ“ལག་གདང་སྦྲེལ”དུ་བཅུག་པས་གཉིས་ཁེ་གཉིས་ཕན་བྱུང་ཡོད།

བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ནས་ཀྱི་སྦི་རག
           2020ལོའི་ལོ་འགོར་བོད་ལྗོངས་གནམ་སའི་ལྗང་མདོག་བཏུང་བྱ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་སློབ་གྲྭ་ཆེ་མོ་བའི་བསམ་བཀོད་གསར་གཏོད་ཚོགས་པ་སྟེ། ལྷ་ས་བཀྲ་ཤིས་དར་ཚོན་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སིས“ནས་ཀྱི་སྦི་རག”དངོས་སུ་བཏོན་པ་མ་ཟད། ལྷ་ས་བཀྲ་ཤིས་དར་ཚོན་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སིས་ཆེད་ཚོང་བྱེད་ཀྱི་ཡོད།
           ལྷ་ས་བཀྲ་ཤིས་དར་ཚོན་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སིའི་ཐོན་ཟོག“གསེར་གྱི་སེར་ཤ”ལ་2019ལོའི་བོད་ཀྱི་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་གི་ཇུས་འགོད་འགྲན་བསྡུར་ཆེ་མོའི་ནང་བྱ་དགའ་རིམ་པ་དང་པོ་ཐོབ་པ།
           ཀུང་སི་འཕེལ་རྒྱས་ཕྱིན་པ་ནི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པར་བརྟེན། སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་ཆེད་ལྷ་ས་བཀྲ་ཤིས་དར་ཚོན་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སིས་འཚོ་བར་དཀའ་ངལ་ཆེ་བའི་སློབ་ཆེན་སློབ་མར་རོགས་སྐྱོར་བྱེད་པའི་ཐེབས་རྩ་འཛུགས་རྒྱུའི་སེམས་ཐག་བཅད་པ་དང་། སྦི་རག་སྒམ་རེ་ནས་སྒོར་ཟུར་ལྔ་ཐེབས་རྩའི་དངུལ་དུ་བཞག་སྟེ་འཚོ་བར་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མར་རོགས་རམ་བྱ་རྒྱུ་ཡིན་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1