ཨུ་རུ་སུ་དང་ཝེད་ནམ་གྱིས་ཕྱོགས་གཉིས་ཀྱི་ཉོ་ཚོང་གྲངས་འབོར་ལྡབ་འགྱུར་གྱིས་ཇེ་མཐོར་གཏོང་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-27


             སྤྱི་ཟླ་11པའི་ཚེས་25ཉིན། ཨུ་རུ་སུ་ཡི་སྲིད་འཛིན་ཕུའུ་ཅིང་གིས་འཚམས་འདྲིར་ཡོང་བའི་ཝེད་ནམ་གུང་ཁྲན་ཏང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་རོང་ཧྥུའུ་ཀྲུང་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སུ་དང་ཝེད་ནམ་གྱིས་2020ལོའི་སྔོན་ལ་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་གྲངས་འབོར་དེ་མེ་སྒོར་ས་ཡ་གཅིག་གིས་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།

             ཕུའུ་ཅིང་གིས་བསྟན་དོན། ཨུ་རུ་སུ་ཡིས་ཝེད་ནམ་དེ་འཐབ་ཇུས་གྲོགས་པོ་གལ་ཆེན་དུ་རྩིས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་མ་འོངས་པར་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད་ཟེར། ཁོས་བསྟན་དོན། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་ནི་ཐེངས་འདིའི་ཨུ་རུ་སུ་དང་ཝེད་ནམ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་གྲོས་མོལ་གྱི་ནང་དོན་གཙོ་བོ་ཡིན་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1