༄༅།།བྱིས་པ་ངུ་བའི་སྐབས་སུ་ང་ཚོས་ཇི་ལྟར་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-15


        ངུ་བ་ནི་བྱིས་པས་མི་སྐྱིད་པ་དང་མི་བདེ་བ། ཁྲོ་ལངས་པ་བཅས་ཀྱི་སེམས་ཁམས་དེ་ལུས་ཀྱི་ཉམས་འགྱུར་ལས་ཕྱིར་མངོན་པ་ཞིག་ཡིན་ལ། བྱིས་པའི་འབྲེལ་འདྲིས་བྱེད་ཐབས་ཤིག་ཀྱང་ཡིན། བྱིས་པ་མང་ཆེ་བས་རང་གི་རེ་འདོད་ལྟར་མ་འགྲུབ་པ་དང་བློ་ཐོག་ཏུ་མི་འབབ་པའི་སྐབས་སུ། ངུས་ཏེ་ཕ་མ་སོགས་ལ་རང་གི་འདོད་བློ་བསྐང་དུ་འཇུག་པ་རེད། དེའི་ཕྱིར། བྱིས་པ་མང་ཆེ་བས་ཁོ་ཚོའི་རེ་བ་ལྟར་གྲུབ་ཚེ་དེ་མ་ཐག་ངུ་མཚམས་བཞག་ནས་དགའ་སྤྲོ་སྐྱེ་སྲིད། གལ་ཏེ་བྱིས་པ་ངུ་བར་ཁ་གཏད་ལེགས་པོ་མ་འཇལ་ཚེ། བྱིས་པར་གོམས་གཤིས་ངན་པ་ཆགས་སླ། དཔེར་ན་བྱིས་པ་མང་ཆེ་བ་ཞིག་གིས་རང་གི་རེ་བ་ལྟར་མ་འགྲུབ་ཚེ་ངུས་ནས་འདོད་ཐོག་ཏུ་ཡོང་བར་བྱེད་པ་རེད། དེ་བས་བྱིས་པའི་ངུ་བར་མཐོང་ཆེན་གང་ལེགས་བྱེད་དགོས།
        སེམས་སྡུག་པ་དང་། མི་བདེ་བ། སྐྲག་སྣང་བཅས་ལས་བྱུང་བའི་ངུ་བ།
        རྒྱུན་ལྡན་ལྟར་བཤད་ན། གལ་ཏེ་ན་བའམ་ལུས་པོ་མི་བདེ་བ་སོགས་ཀྱི་རྐྱེན་གྱིས་ངུ་བ་ཡིན་ན། གཅིག་ནི་ངེས་པ་དོན་གྱིས་ལུས་པོ་མ་བདེ་བ་ཡིན་ལ། གཞན་ཞིག་ནི་ཕ་མ་སོགས་ཀྱིས་དེར་དེ་འདྲའི་ཁ་ཡ་མ་བྱས་པ་ལས་བྱིས་པ་ངུ་བ་རེད།
        སྤྱིར་བཏང་གི་བྱེད་ཐབས་ནི་བྱིས་པར་དོན་དག་ཅི་བྱུང་སྐོར་ནས་འདྲི་བ་དང་། བྱིས་པར་གནས་ལུགས་གང་ཡིན་སྐོར་བཤད་དུ་འཇུག་དགོས། བྱིས་པས་དོན་དག་ཅི་བྱུང་གསལ་པོར་བཤད་མི་ཐུབ་པའི་སྐབས་སུ་ལུས་པོའི་ཚ་གྲངས་ལ་བརྟག་པ་དང་། མིད་པར་ཞིབ་བཤེར་བྱེད་པ། གློ་ལུ་བ་སོགས་ཀྱི་གནས་ཚུལ་ཡོད་མེད་དང་ཕོ་བ་བཤལ་གྱིན་ཡོད་མེད་སོགས་ལ་བརྟག་སྟེ་ངུ་བའི་རྒྱུ་རྐྱེན་འཚོལ་དགོས།
        གོ་རིམ་དེའི་ཁྲོད་དུ་ཁྱིམ་བདག་གིས་བྱིས་པའི་སེམས་ཁམས་གཡེང་དུ་འཇུག་པ་ལ་བརྟེན་ནས་ལུས་ཕུང་མི་བདེ་བའི་ཚོར་སྣང་ཇེ་ཉུང་དུ་གཏོང་དགོས།
        རེ་བ་དང་དགོས་མཁོ་སྐོང་མ་ཐུབ་པ་ལས་བྱུང་བའི་ངུ་བ།
        རེ་བ་དང་དགོས་མཁོ་སྐོང་མ་ཐུབ་པ་ལས་བྱུང་བའི་ངུ་བ་ནི་དཔེར་མཚོན་རང་བཞིན་གྱི་བྱ་སྤྱོད་ཅིག་ཡིན། དཔེར་ན། ཁོའི་འདོད་པ་ལྟར་ལྭ་བ་ཅི་འདྲ་ཞིག་གྱོན་དགོས་པ་དང་། ཕྱི་ལ་འགྲོ་སྐབས་ངེས་པར་དུ་དངོས་པོ་གང་འདྲ་ཞིག་འཁྱེར་དགོས་པ། ཚོང་རར་མྱུལ་སྐབས་ངེས་པར་དུ་དངོས་པོ་གང་ཞིག་ཉོ་དགོས་པ་བཅས་མ་བྱས་ཚེ་ཁོང་ཁྲོ་ལངས་པ་ལྟ་བུ།
        རེ་བ་དང་དགོས་མཁོ་སྐོང་མ་ཐུབ་ན་ངུ་བར་གོམས་པའི་བྱིས་པའི་གནད་དོན་ཐག་གཅོད་སྐབས་མཉམ་འཇོག་གང་ལེགས་བྱེད་དགོས། གལ་ཏེ་གནད་དོན་ཐག་བཅད་པ་མ་ལེགས་ན་བྱིས་པར་གོམས་གཤིས་ངན་པ་ཆགས་སླ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1