བོད་ལྗོངས་ཀྱི་རིག་གནས་ཤུལ་བཞག་ཆེད་དོན་པར་རིས་འགྲེམས་སྟོན་གཉེར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-16


   ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ཚེས་13ཉིན་ནི་“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”རེད། “མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་བདེ་ཐང་འཚོ་བ།”དང་“རིག་དངོས་ཀྱིས་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ལ་བཀྲག་མདངས་བསྣན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་“བོད་ལྗོངས་ཀྱི་རིག་གནས་ཤུལ་བཞག་ཆེད་དོན་པར་རིས་འགྲེམས་སྟོན”ལྷ་སའི་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུར་རྩལ་ཁང་(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་)སུ་སྤེལ་བ་རེད།
   “ལྷ་སའི་ནང་མ་དང་། ལྷ་རྩེའི་སྟོད་གཞས། སྙེ་མོའི་སྤོས”སོགས་ཡོད་ཅིང་།
    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་པར་རིས་འགྲེམས་སྟོན་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུར་རྩལ་ཁང་ (ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་)གིས་གཉེར་རོགས་བྱས་པ་ཞིག་རེད་།  ཁྱོན་པར་རིས་160ལྷག་ཙམ་འགྲེམས་སྟོན་བྱས་ཡོད། བོད་ལྗོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན་འཕེལ་རྒྱུས་ཀྱི་གྲུབ་འབྲས་མངོན་པར་བྱས་པ་དང་། འགྲེམས་སྟོན་ནང་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་100ལྷག་ཙམ་དང་། རྣམ་གྲངས་དཔྱད་ཞིབ། བྱེད་སྒོ་སྤེལ་བ། མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཟིན་ཐོ་སོགས་ཀྱི་ནང་དོན་འདུས་ཡོད། རིག་དངོས་དང་གནའ་གཞུང་ཡོངས་བཤེར་དང་། སྲུང་སྐྱོབ་བཅས་ཀྱི་ལས་ཀའི་རྣམ་པ་དང་སྲུང་སྐྱོབ་ཀྱི་གྲུབ་འབྲས་80ཙམ་དང་འབྲེལ་བ་ཡོད་ཅིང་། འགྲེམས་སྟོན་དེ་ཟླ་6ཚེས་18ཉིན་བར་སྤེལ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲེམས་སྟོན་དེ་བོད་ལྗོངས་ཀྱིས་ཐོག་མར་པར་རིས་ཀྱི་ཐབས་ལམ་ཐོག་ནས་ཚོད་ལྟ་བྱས་པ་ཞིག་ཡིན་པ་དང་། ཕྱོགས་ཡོངས་དང་། ཟུར་ཚད་མང་བའི་ཐོག་ནས་བོད་ལྗོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་མངོན་པར་བྱས་པ། བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་། རྒྱུད་འཛིན། འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེལ་འབུལ་བ་མངོན་པར་བྱས་ཡོད་ལ། དེ་ལས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་དང་སེམས་པ་ཕྱོགས་ཤུགས་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ཡོད།


    བརྗོད་རིན་ཡོད་པ་ཞིག་ལ། ཐེངས་འདིའི་“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར་”པར་རིས་འགྲེམས་སྟོན་ཕུད། བོད་ལྗོངས་ཀྱི་བཟོ་ཁང་དང་། ཁེ་ལས། མཉམ་ལས་ཁང་14ཡི་ཚོང་ཁང་18རྒྱལ་ཡོངས་ཀྱི་“མངོན་མིན་རིག་གནས་ཤུལ་བཞག་ཉོ་འཚོང་དུས་ཆེན་”གྱི་བྱེད་སྒོར་ཞུགས་ནས་སྤོས་དང་། བོད་ཤོག བོད་ཆས། དེ་བཞིན་རིག་གནས་ཐོན་རྫས་གཞན་ཁག་གཅིག་ཀྱང་འཚོང་རྒྱུ་ཡིན་པ་དང་། དུས་མཚུངས། བོད་ལྗོངས་ཀྱི་རིག་གནས་ཤུལ་བཞག་གི་བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན་དང། རྟ་རྩལ་འཁྲབ་སྟོན། བོད་ཀྱི་མིག་དམངས་འགྲེམས་སྟོན། བོད་ལུགས་གསོ་རིག་གི་བདེ་ཐང་སྐོར་གྱི་འཆད་ཁྲིད། མངོན་མིན་རིག་གནས་ཤུལ་བཞག་གི་ཞིམ་ཟས་སོགས་ཀྱི་བརྙན་པར་“བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག”དང་“བོད་ལྗོངས་མང་ཚོགས་སྒྱུ་རྩལ”“བོད་ལྗོངས་ལུས་རྩལ”བཅས་ཀྱི་སྐད་འཕྲིན་སྤྱི་རྟགས་ཐོག་བསྟན་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་དང་། མིག་སྔའི་བར། གླིང་གེ་སར་དང་། ལྷ་མོ། བོད་ལུགས་གསོ་རིག་གི་ལུམས་སོགས་རྣམ་གྲངས་3མཉམ་འབྲེལ་རྒྱ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་ནང་བཀོད་པ་དང་། རྣམ་གྲངས་89དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་96རྒྱལ་ཁབ་རིམ་པའི་མིང་གཞུང་ནང་བཀོད་པ་།  རྣམ་གྲངས་460དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་522རང་སྐྱོང་ལྗོངས་རིམ་པའི་མིང་གཞུང་ནང་བཀོད་ཡོད་པ་རེད།








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1