ཞི་ཅིན་ཕིང་གི་མི་དམངས་རྩ་བའི་རྩེ་ལ་འཛིན་པའི་འདུ་ཤེས་ཚོར་བར་བྱེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-17


     ངེས་པར་དུ་མི་དམངས་རྩ་བའི་རྩེ་ལ་འཛིན་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལ་དམ་པོར་བརྟེན་པ། མི་དམངས་ལ་ཕན་བདེ་ཟམ་མི་ཆད་པ་བསྐྲུན་པ། མི་དམངས་ཁྲོད་རྩ་བ་བརྟན་པོ་འཛུགས་པ་བཅས་བྱེད་དགོས་པ་མ་ཟད། བཀོད་ཇུས་བཀོད་སྒྲིག་ཁག་དང་དོན་དངོས་ལས་ཀའི་ཁྲོད་དོན་འཁྱོལ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པའི་ཁྲོད་དོན་འཁྱོལ་བྱེད་དགོས། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་རྩ་བའི་རྩེ་ལ་འཛིན་རྒྱུ་ནན་སྟོན་གནང་བ་དྲ་ཐོག་ཏུ་སྐད་གྲགས་ཆོད། 

     མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་དགོང་ས་པ་རྒྱུན་འཁྱོངས་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་དབུས་ནས་རང་བཞིན་ངང་མངོན་པའི་དགོངས་པ་ཞིག་ཡིན། དམངས་ཀྱིས་བསམ་བློ་གཏོང་སར་དགོངས་པ་བཞེས་པ་དང་། དམངས་ཀྱིས་སེམས་ཁྲལ་བྱེད་སར་ཐུགས་ཁྲལ་གནང་བ། དམངས་ཀྱི་དཀའ་ངལ་སེལ་བ་བཅས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ལ་གཅེས་པ་དང་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་གསོན་ཉམས་ལྡན་པའི་ངང་མངོན་ཡོད། ད་ལོ་ས་གནས་ཁག་ལ་རྟོག་ཞིབ་གནང་བར་ཐེངས་མང་ཕེབས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་མང་པོ་ཞིག་ནི་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་དགོངས་པར་གཞིགས་པ་ཤ་སྟག་ཡིན་ཞིང་། ༼མཉམ་བསྒྲགས་+༽ཞེས་པའི་ཐོག་ཆེད་མངགས་བཀོད་དེ་ཁྱེད་དང་མཉམ་དུ་དེའི་ཁྲོད་ནས་སྤྱི་ཁྱབ་ཧྲུའུ་ཅིས་མི་དམངས་རྩ་བའི་རྩེ་ལ་འཛིན་པའི་དགོངས་པའི་ནང་དོན་ཤེས་རྟོགས་བྱེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1