གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༡༨ཉིན།

༄༅།། ལུས་ལ་གཞི་རྒྱུ་ལྕགས་ཆད་ན་ནད་རྟགས་ཅི་ཞིག་མངོན་ནམ།

        སྨན་པ་དང་ནད་པ་གང་ཞིག་ཡིན་ནའང་། ལུས་ལ་གཞི་རྒྱུ་ལྕགས་ཆད་པ་འཕྲལ་མར་མི་ཤེས་ལ།  ཤེས་ཀྱང་དོ་སྣང་ཆེན་པོ་མི་བྱེད་མཁན་ཤིན་ཏུ་མང་། དེ་ན། ལུས་ལ་གཞི་རྒྱུ་ལྕགས་ཆད་པ་ཡིན་ན་ནད་རྟགས་ཅི་འདྲ་ཞིག་མངོན་ཚུལ་ལ། ཨ་རིའི་ཀློག་པ་པོའི་རྩོམ་བཏུས་ཞེས་པའི་དྲ་ཚིགས་ཀྱིས་ཕྱོགས་བསྡོམས་ཤིག་བྱས་ཡོད་པ་འདི་ལྟ་སྟེ།
གཅིག ཐང་ཆད་ཅིང་སྟོབས་ཞན་པ། ལུས་ཀྱི་གཞི་རྒྱུ་ལྕགས་ཆད་པར་གྱུར་ན། ཁྲག་གི་ཕྲ་ཕུང་ཉུང་ཤོས་ཤིག་གིས་མ་གཏོགས་དབྱང་རླུང་དེ་ལུས་ཀྱི་དབང་བོ་གཙོ་བོར་སྐྱེལ་མི་ཐུབ་པས། ཐང་ཆད་པ་དང་མགོ་ན་བ། ལུས་སྟོབས་ཞན་པའི་རྟགས་འབྱུང་།
གཉིས། དབུགས་འཚང་བ། ལུས་ཀྱི་གཞི་རྒྱུ་ལྕགས་ཆད་པར་གྱུར་ན། རྒྱུན་ལྡན་གྱི་འགུལ་སྐྱོད་བྱེད་པར་མཁོ་བའི་དབྱང་རླུང་དཀོན་སྟབས། དབུགས་ཀྱི་འབྱིན་རྔུབ་ཇེ་མགྱོགས་སུ་སོང་ནས་དབྱང་རླུང་མང་དུ་བརྔུབ་དགོས། དེ་ལྟར་བྱས་ན་དབུགས་འཚང་བར་འགྱུར།
གསུམ། རྐང་བ་མི་བདེ་བ། ལུས་ཀྱི་གཞི་རྒྱུ་ལྕགས་ཆད་པར་གྱུར་ན། དབང་རྩའི་མ་ལག་ལ་གནོད་པ་དང་། དེ་ནས་ནད་པའི་རྐང་བ་སྤོ་བ་སོགས་ལ་དགྲ་བྱེད་པ་ཡིན།
བཞི། རྐང་ལག་འཁྱག་པ། ལུས་ཀྱི་གཞི་རྒྱུ་ལྕགས་ཆད་པར་གྱུར་ན། ཁྲག་གི་ཕྲ་ཕུང་གིས་དབྱང་རླུང་རྐང་ལག་གི་གནས་སུ་སྐྱེལ་མ་ཐུབ་པ་ལས་བསྐྱེད་པ་ཡིན།
ལྔ། མགོ་འཐོམས་ཤིང་མིག་རུབ་པ། ལུས་ཀྱི་གཞི་རྒྱུ་ལྕགས་ཆད་པར་གྱུར་ན། མགོ་འཐོམ་མིག་རུབ་ཀྱི་གནས་ཚུལ་འབྱུང་། དེ་དུས་ངེས་པར་དུ་མར་ཉལ་ནས་དབྱང་རླུང་སྙིང་དང་ཀླད་པར་རྒྱུ་བར་བྱེད་དགོས།
དྲུག སྙིང་མི་བདེ་བ། ལུས་ཀྱི་གཞི་རྒྱུ་ལྕགས་ཆད་པར་གྱུར་ན། ཁྲག་གི་ཕྲ་ཕུང་དམར་པོའི་གྲངས་ཀར་ཤན་ཤུགས་ཐེབས་ནས་དབྱང་རླུང་ལུས་ཡོངས་སུ་སྐྱེལ་མི་ནུས། དེ་བས་སྙིང་ལྡིང་བའི་སྒྲ་དང་སྙིང་ཇེ་ཆེར་འགྲོ།
བདུན། དངོས་པོ་གཞན་རིགས་ཟ་འདོད་པ། ལུས་ཀྱི་གཞི་རྒྱུ་ལྕགས་ཆད་པར་གྱུར་ན། གློ་བུར་དུ་སའམ་འདམ་སོགས་ཟ་འདོད་སྐྱེ་བ་ཡིན།
བརྒྱད། ནད་འགོ་སླ་བ། གཞི་རྒྱུ་ལྕགས་ནི་ལུས་ཀྱི་རིམས་འགོག་མ་ལག་ནང་གི་གཞི་རྒྱུ་གལ་ཆེན་ཞིག་ཡིན། གལ་སྲིད་གཞི་རྒྱུ་ལྕགས་ཆད་པ་ཡིན་ན། འཆམ་ནད་སོགས་འགོ་སླ་བ་ཡིན།
དགུ། ལྕེ་སྐྲངས་པ། ལུས་ཀྱི་གཞི་རྒྱུ་ལྕགས་ཆད་པར་གྱུར་ན། ཤ་དམར་སྤྲི་དཀར་གྱི་འདུ་ཚད་ཇེ་ཉུང་དང་ལྕེ་ན་སླ་བ། ལྕེ་ངོས་འཇམ་པོར་འགྱུར། དེ་ལ་བརྟེན་ནས་ཁའི་ནང་ལ་རྨ་འབྱུང་བ་དང་ཁ་མཚུལ་འགས་སླ་བ་ཡིན།
བཅུ། སྐྲ་བྱི་བ། ལུས་ཀྱི་གཞི་རྒྱུ་ལྕགས་ཆད་པར་གྱུར་ན། ལུས་ཀྱི་བ་སྤུའི་བུ་གར་དབྱང་རླུང་རྒྱུ་བ་འདང་ངེས་མེད་པར་འགྱུར། དེ་ནས་སྐྲ་བྱི་བའི་སྣང་ཚུལ་འབྱུང་།




39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1