ཐེ་ལན་གྱི་སྲོག་ཆགས་གླིང་དམངས་ཚོགས་ལ་རིན་མེད་ངང་སྒོ་ཕྱེ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-19



     རིམས་ནད་ཞི་ལྷོད་དུ་སོང་བ་དང་བསྟུན་ནས། ཐེ་ལན་གྱིས་ཚེས་15ཉིན་ནས་བཟུང་མཚན་འགྲུལ་གློད་པ་དང་འབྲེལ་དུས་མཚམས་བཞི་པའི་བཀག་རྒྱ་གློད་པའི་བྱ་ཐབས་ལག་བསྟར་བྱས་ཡོད། ཚེས་15ཉིན་ནས་ཚེས་30ཉིན་བར། ཐེ་ལན་གྱི་ཆིང་མའེ་སྲོག་ཆགས་གླིང་སོགས་སྲོག་ཆགས་གླིང་6དམངས་ཚོགས་ལ་རིན་མེད་ངང་སྒོ་ཕྱེ་ཡོད་མོད། འོན་ཀྱང་ལྟ་སྐོར་བྱེད་མཁན་གྱིས་སྔོན་ནས་ཐོ་འགོད་བྱེད་དགོས་པ་དང་། མི་གཅིག་ཐོ་འགོད་བྱས་རྗེས་མཉམ་དུ་མི་9ལས་འཁྲིད་ཆོག་གི་མེད། སྲོག་ཆགས་གླིང་ཁ་རེས་ཉིན་ལྟར་ཡུལ་སྐོར་བ་2000ལས་སྣེ་ལེན་བྱེད་ཆོག་གི་མེད་པ་དང་། ཟླ་7ཚེས་1ཉིན་ནས་བཟུང་སྒོ་འཛིན་འཚོང་རྒྱུ་རེད། གཞན་ཡང་ཐེ་ལན་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་64ཟླ་7ཚེས་1ཉིན་ནས་བཟུང་སྔར་རྒྱུན་བཞིན་སྒོ་དབྱེ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1