འཇགས་ལུང་གྲོང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སེམས་ཀྱི་ཞིང་ཁམས། སྤེལ་དུས། 06-23



          ད་ལོ་དབུལ་སྒྲོལ་མཇུག་བསྒྲིལ་ལོ་ཡིན་པས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་མན་ཐང་ཤང་འཇགས་ལུང་གྲོང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ་དང་། དབུལ་སྐྱོར་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་གསུང་བཤད་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས། རྒྱལ་ཡོངས་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་དགོངས་དོན་དང་།  ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། འདུ་ཤེས་བཞི་ཟབ་གཏོང་དང་། གདེང་ཚོད་བཞི་བརྟནགཏོང་། སྲུང་སྐྱོང་གཉིས་ཐུབ་པ་བྱས་ནས། ཉེ་ཆར་འཇགས་ལུང་གྲོང་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་ཞེས་པ་དང་སྣང་ཆེན་བཞི་དང་དགའ་ཞེན་བཞི་སྟེ་དགའ་ཞེན་དང་། དོ་སྣང་། གཏོད་པ་བཅས་ཀྱིས་གཙོ་དོན་སློབ་གསོ་བྱེད་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་བ་རེད།

          མན་ཐང་ཤང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་རྩད་ཞིབ་ཆེན་མོ་དང་། དག་ཐེར་ཆེན་མོ། མཐོར་འདེགས་ཆེན་མོ། ལྟ་ཞིབ་ཆེན་མོ། ཕྱོགས་བསྡོམས་ཆེན་མོ་བཅས་ཀྱི་ལས་ཀའི་ལག་བསྟར་ཇུས་གཞི་གཞིར་བཟུང་། གྲོང་ཚོས་བྱ་སྤྱོད་ཆེ་གྲས་ལྔ་དང་དུད་ཚང་དུ་བསྐྱོད་ནས་གྲལ་བཤེར་བྱེད་པའི་ལས་དོན་སྤེལ་བ་རེད།

          ད་ཐེངས་ཀྱི་གྲལ་བཤེར་བྱེད་སྒོ་དེ། གཅིག་ནས་དུད་ཁྱིམ་རེ་རེར་བཅར་འདྲིར་བསྐྱོད་དེ་གཞི་རྩའི་ཆ་འཕྲིན་རྩད་ཞིབ་བྱེད་པ་དང་། གཉིས་ནས་སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་ལ་ལྟ་ཞིབ་བྱེད་པ། གསུམ་ནས་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་ཡོད་མིན་རྩད་སྤྱོད་བྱེད་པ། བཞི་ནས་ཉེན་ཁང་སྒྱུར་བཀོད་གནས་ཚུལ་ལ་ལྟ་ཞིབ་བྱེད་པ། ལྔ་ནས་ཁྲོན་པ་གྲལ་བཤེར་བྱེད་པ། དྲུག་ནས་འབྲོག་དུད་ཀྱི་འཕྲོད་བསྟེན་དང་གེགས་འགོག་གེགས་སེལ་དངོས་ཟོག་གྲབས་གསོག་བྱ་ཚུལ་ལ་ལྟ་ཞིབ་བྱེད་པ། བདུན་ནས་གནས་སྤོས་དུད་ཚང་སྡོད་ཁང་དུ་སྡོད་ཚད་ལ་ལྟ་ཞིབ་བྱེད་པ། བརྒྱད་ནས་དབུལ་སྐྱོར་སྲིད་ཇུས་དང་སྨན་བཅོས་འགན་བཅོལ་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་། དགུ་ནས་འགོ་ཁྲིད་ཆེ་གྲས་ལྔ་དང་དེ་བཞིན་རིམ་པ་ལྔའི་ཧྲུའུ་ཅི་ཤེས་རྟོགས་ཐུབ་མིན་སོགས་རྣམ་གྲངས་བཅུ་གཉིས་ལ་འདྲི་རྩད་བྱས་པ་རེད། གྲལ་བཤེར་ལས་དོན་ཁྲོད་མང་ཚོགས་ཀྱིས་དབུལ་སྐྱོར་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་མཐོ་པོ་མེད་པའི་གནད་དོན་ལ། འཕྲལ་མར་བྱ་སྤྱོད་སྤེལ་བའི་རྩ་དོན་ལྟར་དུད་ཚང་རེར་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་པ་དང་གནད་དོན་ཐག་གཅོད་བྱས་པ་རེད།

          གྲལ་བཤེར་ལས་དོན་དེ་སྤེལ་བ་བརྒྱུད་འཇགས་ལུང་གྲོང་ཚོའི་ཨུ་ལྷན་གསུམ་གྱིས་ཐེངས་འདིའི་དབུལ་སྒྲོལ་ཡོངས་བཤེར་ལས་དོན་གྱི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་ཐུབ་པར་མ་ཟད། གྲོང་ཚོའི་འབྲོག་པ་མང་ཚོགས་ཀྱིས་དབུལ་སྐྱོར་སྲིད་ཇུས་ཁག་ལ་སྔར་ལས་ལྷག་པའི་རྒྱུས་ལོན་བྱུང་ནས། མང་ཚོགས་རྣམས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བའི་ཆོད་སེམས་དེ་བས་ཇེ་བརྟན་རུ་ཕྱིན་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1