གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༢༣ཉིན།

༄༅།།ཨེ་ཙི་འགོས་ནད་ཀྱི་ཐོག་མའི་ནད་རྟགས།

        མིའི་ལུས་ཕུང་ལ་ཨེ་ཙི་འགོས་ནད་ཀྱི་ནད་དུག་འགོས་མ་ཐག་པའི་གཟའ་འཁོར་གཉིས་ནས་གསུམ་གྱི་ནང་དུ། ནད་པ40%ནས90%ལ་ནད་རྟགས་ཡང་མོ་འབྱུང་བ་དང་།གཟའ་འཁོར་གཉིས་ནས་གསུམ་གྱི་རྗེས་སུ་ནད་རྟགས་མེད་པར་གྱུར་འགྲོ་བ་རེད།ཨེ་ཙི་ནད་དུག་རེད་མ་ཐག་ཏུ་གཤམ་གྱི་ནད་རྟགས་འདི་དག་འབྱུང་བ་སྟེ།
གཅིག ཁོག་པ་བཤལ་བ།ཐོག་མའི་ནད་རྟགས་ཁྲོད།ནད་པ37%ལ་ཁོག་པ་བཤལ་བའི་ནད་རྟགས་མངོན་པ་རེད།ཁོག་པ་བཤལ་བ་ནི་ཨེ་ཙི་འགོས་ནད་ཀྱི་ནད་རྟགས་སུན་ཤོས་དེ་ཡིན།རྒྱུ་མཚན་ནི་ཁོག་པ་བཤལ་ན་ལུས་སྟེང་གི་ཆུ་ཤོར་བ་དང་གློག་འབྱེད་རྫས་དོ་མཉམ་མི་ཡོང་བ་རེད།
གཉིས། རྨེན་མདུད་སྐྲངས་པ།སྤྱིར་བཏང་དུ་མཇིང་བ་དང་མཆན་འོག སྣེ་ཁུད་བཅས་ཀྱི་རྨེན་མདུད་སྐྲངས་པ་དང་།ཆ་བྱས་ཏེ་དོ་མཉམ་སྒོས་སྐྲངས་ཏེ་དམར་པོར་འགྱུར་བར་མ་ཟད།མནན་ན་ན་ཟུག་ཡོད་ལ།ཕར་ཚུར་འགྱུར་བ་དང་ཆེ་ཆུང་ལ་ལི་སྨི་གཅིག་ཡས་མས་ཡོད།
གསུམ། རྔུལ་ཆུ་བཞུར་བ།ཨེ་ཙི་འགོས་ནད་ལས་བྱུང་བའི་རྔུལ་ཆུ་བཞུར་བ་ནི་རིམས་འགོག་ནུས་པ་ཇེ་ཞན་དུ་སོང་བའི་རྟགས་རེད།དེ་བས་ངེས་པར་དུ་རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས་ལ།རྒྱུན་དུ་ཉི་མར་ལྡེ་བ་དང་ཆུ་འཁྱགས་ཀྱིས་ཁྲུས་བྱས་ན་ནད་རྟགས་ཇེ་ཡང་དུ་གཏོང་ཐུབ།རྔུལ་ཆུ་བཞུར་བའི་ནད་པ་ཁ་ཤས་ལ་གཉིད་ལོག་མ་ཐག་ཏུ་རྔུལ་ཆུ་བཞུར་བ་དང་།ཁ་ཤས་ལ་གཉིད་ལོག་ནས་ཡུན་ཙམ་འགོར་རྗེས་རྔུལ་ཆུ་བཞུར་བ་རེད།
བཞི། ལུས་པོའི་ལྗིད་ཚད་གློ་བུར་ཇེ་ཡང་དུ་འགྲོ་བ།ལུས་པོའི་ལྗིད་ཚད་གློ་བུར་ཇེ་ཡང་དུ་འགྲོ་བ་ནི་ཨེ་ཙི་འགོས་ནད་རེད་པའི་ཆེས་རྒྱུན་མཐོང་གི་ནད་རྟགས་ཤིག་རེད།
ལྔ། སྐྱི་པགས་འབྱར་བག་ཅན་དུ་འགྱུར་བ། ནད་པའི་སྐྱི་པགས་སྟེང་དང་ཁ་སྦུག་ནང་དུ་ན་ཟུག་གང་ཡང་མེད་པའི་དམར་མདོག་དང་ཡང་ན་སྨུག་མདོག་ཅན་གྱི་ཁྲ་ཐིག་འབྱུང་ཞིང་།ནད་པའི་དབུགས་ལམ་གྱི་སྐྱི་པགས་དཀར་པོར་འགྱུར་བ་རེད།དེ་ནི་ཁ་སྦུག་གི་འབྱར་བག་ནད་དུག་རེད་པ་ལས་བྱུང་བ་རེད།
        དེ་བས་འདིར་དྲན་སྐུལ་བྱེད་རྒྱུ་ནི།གལ་ཏེ་ཉེན་ཁ་ཆེ་བའི་བྱ་སྤྱོད་ཀྱི་རྗེས་སུ་གོང་གི་ནད་རྟགས་དེ་དག་མངོན་ན།མྱུར་དུ་ས་གནས་ཀྱི་སྨན་ཁང་དང་ནད་རིགས་ཚོད་འཛིན་ལྟེ་གནས་སུ་སོང་ནས་བརྟག་དཔྱད་བྱས་ཏེ།རང་ཉིད་ཀྱི་ལུས་ཕུང་བདེ་ཐང་ཡོང་བར་འགན་སྲུང་བྱེད་དགོས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1