མོ་ཞི་ཁོ་རུ་ས་འགུལ་རིམ་པ7.5བྱུང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།དཀར་མཛེས་བོད་ཡིག་ཚགས་པར། སྤེལ་དུས། 06-24



   མོ་ཞི་ཁོ་རྒྱལ་ཁབ་ས་འགུལ་ཅུས་ཀྱིས་གནས་ཚུལ་སྤེལ་བ་སྟེ། ས་གནས་དེ་གའི་དུས་ཚོད་ཚེས23ཉིན་གྱི་ཆུ་ཚོད10དང་སྐར་མ29(པེ་ཅིང་གི་དུས་ཚོད་ཚེས23ཉིན་གྱི་ཆུ་ཚོད23དང་སྐར་མ29)ཐོག་མོ་ཞི་ཁོར་ས་འགུལ་རིམ་པ7.5བྱུང་འདུག

   ས་འགུལ་གྱི་ལྟེ་བ་བྱང་གི་འཕྲེད་ཐིག་ཏུའུ16.14དང་ནུབ་ཀྱི་གཞུང་ཐིག་ཏུའུ95.75མཚམས་སུ་ཡིན་ཞིང་། མོ་ཞི་ཁོའི་ལྷོ་རྒྱུད་དང་ཤར་ལྷོའི་རྒྱུད་ཀྱི་ཁུལ་མང་པོར་ཡོམ་ཚོར་བྱུང་བ་དང་། འཛུགས་སྐྲུན་དང་འགྲིམ་འགྲུལ་སྒྲིག་ཆས་ལ་གནོད་སྐྱོན་ཐེབས་པ། རི་ཉིལ་བ་དང་འགྲོ་ལམ་བཀག་པ། ས་ཁུལ་ཁག་གཅིག་ལ་གློག་ཆད་པ་སོགས་ཀྱི་གནས་ཚུལ་བྱུང་འདུག





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1