གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༠༣ཉིན།

མུ་ལི་སྔགས་སྤྱོད་ཤང་དུ་རི་ཉིལ་ནས་འགྲོ་ལམ་ཆད་པ་དང་བཀོད་སྒྲིག་བྱ་ཡུལ་ཆུས་བསྣུབས་པ།

ནགས་ཚལ་མེ་ཟོན་རུ་ཁག་རོགས་སྐྱོབ་བྱེད་པར་བསྐྱོད་པ།



     སི་ཁྲོན་ཞིང་ཆེན་མུ་ལི་སྔགས་སྤྱོད་ཤང་དུ་ཉིན་ཤས་བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་འདམ་རྡོའི་ཆུ་རུད་ཆེན་པོ་ཐོན་ནས། སྔགས་སྤྱོད་ཤང་གི་མངའ་ཁོངས་སུ་རི་ཉིལ་བ་དང་། འགྲོ་ལམ་ཆད་པ། རྒྱ་ཁྱོན་ཆེ་བའི་ལོ་ཏོག་ལ་གནོད་འཚེ་བཟོས་པ་དང་། གྲོང་མིའི་སྡོད་ཁང་དང་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཆུས་བསྣུབས་པས་མང་ཚོགས་ལ་རོགས་སྐྱོབ་བྱེད་པའི་དགོས་གཏུག་ཆེ། 

     ཟླ་7ཚེས་1ཉིན་གྱི་སྔ་དྲོ། སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ལིའང་ཧྲན་ཉིང་ལག་རུ་ཁག་གིས་གནས་ཚུལ་ཤེས་རྟོགས་བྱུང་རྗེས་མུ་ལི་རུ་ཆེན་གྱི་བཀོད་འཐབ་པ་56ཛ་དྲག་ངང་རོགས་སྐྱོབ་བྱེད་པར་མངགས་པ་རེད། ཆུ་ཚོད་10པར། དཔུང་སྡེ་སྔགས་སྤྱོད་ཤང་ལ་འབྱོར་ཞིང་། སྔགས་སྤྱོད་ཤང་གི་ཧྲུའུ་ཅི་ཡིའུ་ཧའོ་དང་འབྲེལ་གཏུག་བྱས་རྗེས་ཆུ་ལམ་གྱི་ཉེན་ཁ་ཆེ་བའི་ས་ཁོངས་སུ་ལྕགས་དྲ་སྤྱད་ནས་ཆུ་རགས་བརྟན་དུ་གཏོང་བའི་ལས་འགན་དང་ལེན་བྱས་པ་རེད། མུ་ལི་ནགས་ཚལ་རུ་ཆེན་གྱིས་ཐོག་མར་ཆུ་ལམ་ལ་རྩད་ཞིབ་བྱས་པ་དང་འབྲེལ་རྐོ་འདྲུའི་འཕྲུལ་འཁོར་ལ་བརྟེན་ནས་ཆུ་ལམ་བཤངས་ཏེ། རུ་མི་སྒྲིག་འཛུགས་བྱས་ནས་ལྕགས་སྐུད་ཀྱི་དྲ་བར་རྡོ་བླུགས་ཏེ་ཆུ་རགས་བརྟན་དུ་བཏང་ཞིང་། ཕྱི་དྲོའི་ཆུ་ཚོད་ལྔ་པའི་བར་ནགས་ཚལ་མེ་ཟོན་མི་སྣས་ལྕགས་སྐུད་དྲ་བ་4སྤྱད་ནས་ཆུ་རྒྱུད་ཀྱི་གཡོན་ངོས་སུ་མཐོ་ཚད་སྨི་3ཡོད་པའི་ཆུ་རགས་སྨི་200ལྷག་ཙམ་བརྟན་དུ་བཏང་བ་རེད།



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1