གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༠༣ཉིན།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་གསུམ་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།



《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་གསུམ་པའི་རྒྱ་ཡིག་དང་དབྱིན་ཡིག་གི་དེབ་སྤུས་ལེགས་དང་དཀྱུས་མ་ཡིན་པ།
          ཀྲུང་དབྱང་དྲིལ་བསྒྲགས་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང)ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་དང་མཉམ་དུ་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་གསུམ་པ་ཉེ་ཆར་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་རྒྱ་ཡིག་དང་དབྱིན་ཡིག་གི་དཔར་མ་དཔེ་སྐྲུན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་པ་རེད།
          《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་གསུམ་པའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2017ལོའི་ཟླ་10ཚེས་18ཉིན་ནས་2020ལོའི་ཟླ་1ཚེས་13ཉིན་བར་གནང་བའི་སྙན་སྒྲོན་དང་། གསུང་བཤད། གླེང་མོལ། གཏམ་བཤད། མཆན་བཀོད་མཛུབ་སྟོན། མཛུབ་སྟོན། རྟེན་འབྲེལ་འཕྲིན་ཡིག་སོགས་ཀྱི་རྩོམ་ཡིག་92བསྡུས་ཡོད་པ་དང་དོན་ཚན་19ལ་དབྱེ་ཡོད། ཀློག་པ་པོས་ཀློག་བདེ་ཡོང་ཆེད། དེབ་འདིའི་ནང་དགོས་ངེས་ཀྱི་མཆན་འགྲེལ་བཀོད་ཡོད། དེབ་དེའི་ནང་ད་དུང་དུས་ཚོད་དེའི་རིང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུ་པར་41ཡོད་པ་རེད།
          《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་གསུམ་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ལ་སྐུལ་འདེད་གཏོང་བ་དང་། དེའི་ནང་ཁྱབ་པའི་མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་རྒྱུན་ཆད་མེད་པར་ལེན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགོངས་པ་གལ་ཆེན་འདིའི་ནང་དོན་གཙོ་བོ་སྔར་བས་ལེགས་པའི་སྒོ་ནས་རྟོགས་རྒྱུར་རོགས་རམ་ཐུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ནུས་པ་འདོན་ཐུབ་པའི་རྒྱུ་མཚན་དང་། མར་ཁེ་སིའི་རིང་ལུགས་ཡང་དག་པའི་རྒྱུ་མཚན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པའི་རྒྱུ་མཚན་བཅས་ངོས་འཛིན་དང་ཤེས་རྟོགས་ཟབ་ཏུ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1