གངས་ལུང་སྡེ་བས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-06


སྔོན་ཆད་རྩྭ་ཆུར་བསྟུན་ནས་འཚོ་སྡོད་བྱེད་པའི་གངས་ལུང་སྡེ་བའི་སྡེ་མི་ད་ལྟ་རྨ་ཆུའི་འགྲམ་རྒྱུད་ཀྱི་སྡོད་ཁང་གསར་པའི་ནང་དུ་གནས་སྤར་བ་རེད།
ད་ལྟ་སྡེ་མིའི་ཡོང་འབབ་བཟང་ཞིང་བརྟན་འཇགས་ཡིན།
ཐོན་ལས་གཉིས་པ་དང་གསུམ་པ་ཧུར་ཐག་གིས་འཕེལ་རྒྱས་སུ་བཏང་བ།
གཅིག་བསྡུས་གསོ་སྤེལ་ས་གནས་སུ་ལས་ལ་བྲེལ་བཞིན་པའི་གངས་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི།
མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་རྫས།
གངས་ལུང་མཉམ་ལས་ཁང་གི་གཅིག་བསྡུས་གསོ་སྤེལ་ས་གནས།
         ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2009ལོ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་ཞང་གངས་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་སྣེ་ཁྲིད་འོག གངས་ལུང་སྡེ་བ་དབུལ་སྐྱོར་རོགས་རེས་ཁང་དང་། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་མ་རྐང་ལམ་ལུགས་ཀྱི་བསྒྱུར་བཀོད་སོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་བཏང་བ་བརྒྱུད། ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་པ་དང་མ་དངུལ་རྐང་དངུལ་དུ་བསྒྱུར་པ། འབྲོག་པ་རྐང་མིར་བསྒྱུར་པ་མངོན་འགྱུར་བྱུང་ཞིང་། ཁྱིམ་རེའི་ཆ་སྙོམས་ཀྱི་ཁེ་འབབ་མཉམ་ལས་ཁང་དང་ཐོག་འཛུགས་དུས་ཀྱི་སྒོར1000ལྷག་ནས་འཕར་སྣོན་བྱུང་སྟེ་ད་ལྟའི་སྒོར9000ལྷག་ལ་སླེབས་ཏེ། མགོ་ལོག་ཁུལ་ལམ་ཐ་ན་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་དཔེ་དབྱིབས་སུ་གྱུར་འདུག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1