གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༠༦ཉིན།

ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་ཡོང་བར་སྐུལ་འདེད་བཏང་།

དཀར་མཛེས་ཁུལ་གྱིས་རྒྱུན་མཐུད་དུ་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བའི་གནས་ཚུལ་རགས་བཀོད།

ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་ཡོང་བར་སྐུལ་འདེད་བཏང་།

འབའ་ཐང་རྫོང3180གཏེར་ཆུ་བཟོ་གྲྭའི་མུ་འབྲེལ་ལས་རིམ།

   ལོ6ལྷག་གི་རིང་ལ་དཀར་མཛེས་ཁུལ་གྱི་མི་ཁྲི22ལྷག་དབུལ་ཐར་བྱུང་ཡོད་ཅིང་། དབུལ་ཕོངས་བྱུང་ཚད2014ལོའི་བརྒྱ་ཆ23.17ནས་ད་ལྟའི་བརྒྱ་ཆ0.23གྱི་ཐོག་མར་ཆག་ཡོད། གྲོང་སྡེ་དབུལ་ཕོངས་ཀྱི་མཉམ་ལས་ཁང་ག་ས་གར་བསྐྲུན་པ་དང་ལྗང་མདོག་ཐོན་ལས་གསོ་སྐྱོང་ཧུར་ཐག་བྱས་པ། ཁྱད་ཆོས་ཀྱི་ཞིང་ནགས་རྟེན་གཞི་འཕེལ་རྒྱས་སྟོབས་ཆེར་གྱུར་པ། སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་སྦྲེལ་མཐུད་དུ་འཛུགས་སྐྱོང་བྱས་མཐར། “རང་གཉེར་རྣམ་པའི”ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་འཕེལ་རིམ་མགྱོགས་མྱུར་ཡིན་པ་རེད། དེང་སང་འདི་ལའི་མི་སེར་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ལེགས་སུ་ཕྱིན་ནས་དབུལ་ཐར་ཕྱུག་འགྱུར་གྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པ་རེད།

   ཚོགས་པ་ཕྱུག་འགྱུར་ཡོང་ཆེད་ཡོང་འབབ་འཕར་བའི་ཐབས་ལམ་བཟང་པོ་སྤྱད།

    སྡེ་རོང་ཧྭ་ཤིན་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་ལས་འཛིན་པ་ཅིན་ལུང་གིས2017ལོ་ནས་བཟུང་སྤུན་གསུམ་གྲོང་རྡལ་གྱིས་ཐོག་མར་རྒྱ་བྲ་མུའུ300འདེབས་པའི་ཚོད་ལྟ་བྱས་ཡོད་ཅིང་།2018ལོར་གྲོང་སྡེའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་ཆེད། སྲིད་འཛིན་གྲོང་སྡེ15ཡིས་ལིང་ལིང་ཅ་མུའུ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཡོད། 2019ལོར་རྫོང་ཡོངས་ཀྱི་ཡུལ་གྲོང9རུ་རྒྱ་བྲ་ནག་པོ་དང་དམར་པོ། དཀར་པོ་བཅས་གཞི་ཁྱོན་བསྡོམས་འབོར་མུའུ1550ཁྱབ་གདལ་བཏང་ཡོད། ད་ལོར་སྤྱི་གཉེར་ཁང་ལ་འཁོར་སྒྱུར་དང་ཞིང་དུད་རང་གིས་འདེབས་འཛུགས་བྱས་པར་བརྒྱུད་རྒྱ་བྲའི་འདེབས་ཁྱོན་བསྡོམས་འབོར་མུའུ3000ལ་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

དགེ་བཀྲ་ཚང་ནི་སྤུན་གསུམ་གྲོང་རྡལ་རྡོ་གཟུང་གྲོང་སྡེའི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང10ཡི་གྲས་ཤིག་ཡིན་པ་རེད། སྔོན་ཆད་ཀྱི་འཚོ་བ་ནི་ནས་དང་མ་རྨོས་ལོ་ཏོག གྲོ་ལ་སོགས་པ་འདེབས་པ་ཙམ་བརྟེན་ནས་ཁྱིམ་ཚང་ཡོངས་ཀྱི་ཡོང་འབབ་སྒོར་ཁྲི་གཅིག་ལས་མེད་པ་དང་། 2014ལོར་གྲོང་སྡེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར1700ལས་ཟིན་གྱི་མེད། 2018ལོར་ས་ཞིང་བོགས་གླ་བཏང་ནས་མཉམ་ལས་ཁང་དུ་ཞུགས་རྗེས་རོགས་སྐྱོར་སྲིད་ཇུས་ཁག་གི་ཕན་པ་ཐོབ་པ་ཕུད། 2019ལོར་བོགས་དངུལ་ཡོང་འབབ་སྒོར3000དང་ཁེ་སྤོགས་བགོ་བའི་སྒོར7000 ལས་མིའི་ཡོང་འབབ་སྒོར3000བཅས་བླངས་པས་མ་ཚད་རྒྱ་བྲའི་ལོའི་ཡོང་འབབ་ཀྱང་སྒོར་ཁྲི1.3ལ་ཟིན་པ་རེད།

2015ལོ་ནས་བཟུང་སྡེ་རོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བྱ་རྒྱུ་དེ་འབྱོར་འབྲིང་དྲུག་གི་སྡེ་རོང་འཛུགས་སྐྲུན་གྱི་དམ་འཛིན་བྱ་གཞི་གལ་ཆེན་དང་སྡེ་རོང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་འགན་འཁྲི་ལ་བརྩིས་ཏེ་ ཐོན་ལས་ལ་དབུལ་སྐྱོར་བྱས་པ་དེ་དབུལ་ཐར་མངོན་འགྱུར་བྱུང་བའི་རྩ་བཅོས་ཀྱི་ཐབས་ཇུས་ཤིག་ཏུ་གྱུར་པར་མ་ཟད། རྫོང་ཡོངས་ཀྱི་གོང་འོག་ཚང་མས་དེ་ནི“དམངས་འཚོའི་འདུ་འགོད་ཆེ་ཤོས”དང“འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས”སུ་བརྩིས་དང་རྩིས་བཞིན་ཡོད་པ་རེད།

     ད་ལོ་ནས་བཟུང་། སྡེ་རོང་རྫོང་གིས“1256+N+X”ཡི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོར་བྱས་ནས་འབྲི་ཆུ་དང་ཆུ་བོ་འབབ་རྒྱུད་དུ་ཆང་བསྙལ་རྒྱུ་ཆས་རྒུན་འབྲུམ་གྱི་རྟེན་གཞི་མུའུ་ཁྲི1དང་རི་མཐོ་སའི་གྲོག་རོང་དུ་གཡེར་མའི་རྟེན་གཞི་མུའུ་ཁྲི2 རྫོང་གྲོང་གི་བྱང་རྒྱུད་དུ་བོད་ཕག་མགོ་གྲངས་ཁྲི5ཡི་གསོ་ཚགས་རྟེན་གཞི། རྫོང་གྲོང་གི་མཐའ་སྐོར་དུ་མུའུ6000ཡི་ནང་ཤིང་སྡོང་སེ་པན་གྱིས་གཙོ་བོར་བྱས་པའི་སྔོ་ཚལ་རྟེན་གཞི་བཅས་འཛུགས་རྒྱུའི་བཀོད་སྒྲིག་བྱས་པ་དང་། དེ་བཞིན་དུ་ཡུལ་བབ་དང་བསྟུན་ནས་སྲོལ་རྒྱུན་ཐོན་ལསNའཕེལ་རྒྱས་གཏང་རྒྱུ་ཡིན་པས་མ་ཚད། གཉེར་སྐྱོང་བྱེད་སྟངསXགསོ་སྐྱོང་བྱེད་རྒྱུ་ཡིན་པ་རེད།

     སྤུན་གསུམ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲུན་ཧྲེང་གིས་མུའུ་ཁྲི་ཅན་གྱི་ཆང་བསྙལ་རྒྱུ་ཆས་ཀྱི་རྒུན་འབྲུམ་ཐོན་ལས་དང་མུའུ་ཁྲི་ཅན་གྱི་རྒྱ་བྲ་ཐོན་ལས། མུའུ་ཁྲི་ཅན་གྱི་སོ་མ་རཱ་ཛཱའི་ཐོན་ལས། མུའུ་ཁྲི་ཅན་གྱི་རྒྱ་བོད་སྨན་རྩྭའི་ཐོན་ལས་སོགས་མུའུ་ཁྲི་ཅན་བཞི་སྡེབ་སྒྲིག་བྱ་ཐབས་ཆ་ཚང་ཞིག་བཏོན་ཏེ་སྤྱི་གཉེར་ཁང་དང་མཉམ་ལས་ཁང་། རྟེན་གཞི། ཞིང་དུད་བཅས་ལ་ཉེན་ཁ་མཉམ་འཁུར་དང་ཁེ་ཕན་མཉམ་སྤྱོད་ཀྱི་ཐུན་མོང་ཚོགས་པ་ཆགས་སུ་བཅུག་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད་ཅེས་བཤད་པ་རེད།

    ལས་སྣོན་འཁོར་ཁང་གི་དབུལ་སྐྱོར་བྱེད་ཐབས་ཀྱིས་ཉེ་ས་ནས་ཟུར་སྣོན་རིན་ཐང་མཐོ་རུ་བཏང་།

    གསར་དུ་བསྐྲུན་པའི་སྡེ་དགེ་རྫོང་ཁམས་པའི་རིག་གནས་ལྟེ་གནས་ཀྱི་དངོས་མང་སྟོན་ཚོགས་གླིང་གི“རིག་གནས་ཀྱི་བརྗོད་དོན་གཙོ་བོའི་ཁྲིད་སྦྱོང་ཁང”དུ་འགྲོ་བའི་སྐབས་སུ། བོད་རིགས་ཀྱི་ཁུ་ལུ་སྲོལ་རྒྱུན་བསླས་འཐག་ལག་ཤེས་པ་སྒྲོལ་ཕྲུག་གི་ཐོག་བརྩེགས་གཉིས་པར་ཁུ་ལུ་འཐག་བཞིན་འདུག ཁོ་མོས་ཞིབ་ཅིང་ཕྲ་བའི་སྐུད་པ་བརྒྱུས་པ་དང་གཤིབ་པ། འཐག་པ། ཚོས་རྒྱག་པ་བཅས་བརྒྱུད་པ་ལས་བྱུང་བའི་སྐེ་དཀྲིས་ཡག་པོ་ཞིག་ཐོན་པ་རེད། སྒྲོལ་ཕྲུག་གིས་འཛུམ་དམུལ་དམུལ་ངང་ནས་ང་ཚོས་གཙོ་བོ་གནག་ཕྱུག་གི་ཁུ་ལུའི་ཐོན་རྫས་ཐོན་སྐྱེད་བྱེད་ཀྱི་ཡོད། དེའི་ནང་སྐེ་དཀྲིས་དང་རྒྱབ་ཁུག སྐེད་རགས་སོགས་བོད་མི་རིགས་ཀྱི་རྒྱན་གོས་འགེལ་ཆས་དང་སྣམ་བུ་སོགས་ཕྱིང་པའི་མཁོ་ཆས་ཚུད་ཡོད། ཁུ་ལུའི་ཐོན་རྫས་རབ་དང་རིམ་པར2017ལོའི་ཀྲུང་གོའི་ཁྱད་ཆོས་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོའི་ཐོག་གསེར་གྱི་བྱ་དགའ་ཐོབ་མྱོང་ཞིང་། དངུལ་ཁུག་གཅིག་དང་སྐེ་དཀྲིས་གཅིག་ལ་སྒོར་ཆིག་སྟོང་ལྷག་ཙམ་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    སྡེ་དགེ་རྫོང་ནི་ཞིང་ལྗོངས་ལྔའི་བོད་རིགས་ས་ཁུལ་གྱི་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་ཉར་ཚགས་ཆ་ཚང་ཤོས་ཀྱི་ས་ཁུལ་ཞིག་ཡིན་ལ། སི་ཁྲོན་ཞིང་ཆེན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྫོང་ཆེན་ཞིག་དང་རང་ཁུལ་གྱི་མི་རིགས་ལག་རྩལ་པ་མང་པོ་ལྡན་པའི་ས་ཁུལ་ཞིག་ཀྱང་ཡིན་པ་རེད། ད་བར་སྔར་བཞིན་ཟུར་ལུགས་མ་དང་ཀརྨ་སྒར་བྲིས་ཐང་གའི་རི་མོ། ཁུ་ལུ་བསླས་འཐག ཤིང་བརྐོས། རྫ་ཆས་སོགས་གནའ་བོ་དང་ཆ་ཚང་བའི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སྣ་ཁ20ལྷག་ཙམ་ཉར་ཚགས་བྱས་ཡོད་པ་རེད།

   སྡེ་དགེ་རྫོང་བོད་ཀྱི་བཟོ་རྩལ་ཡུལ་སྐོར་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གི་མགོ་འཛིན་འཇམ་དབྱངས་ཕུན་ཚོགས་ཀྱིས་ཉེ་བའི་ལོ་ཤས་རིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དེ་དབུལ་ཐར་འབབ་འཕར་གྱི་སྒུལ་ཤུགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏང་ཆེད། སྡེ་དགེ་རྫོང་གིས་སྒོ་ཁའི་དབུལ་སྐྱོར་ཐོན་ལས་ལ་སྐུལ་འདེད་བཏང་ནས་མི་རིགས་ལག་ཤེས་བཟོ་རྩལ་དང་དེ་བཞིན་དུ་བོད་ཀྱི་ཟུར་ལུགས་གསོ་རིག་དང་བོད་སྨན་གྱི་དབུལ་སྐྱོར་འཁོར་ཁང་གི་ཚོགས་པ་འཛུགས་རོགས་ཧུར་ཐག་བྱས་ཡོད། མིག་སྔར་ཕུ་མ་ཡུལ་ཤོག་དང་མདའ་མ་གྲོང་རྡལ། ཡོ་པ་ཡུལ་ཤོག དཔལ་སྤུངས་ཡུལ་ཤོག་བཅས་ཡུལ་ཤོག་དང་གྲོང་རྡལ4ཡི་མི3000ཙམ་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་ཀྱིན་ཡོད་ཅེས་བཤད་པ་རེད།

    མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར1བཏང་ནས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་ཐོན་ལས་གླིང་ཁུལ། སྣེ་འདྲེན་ཁེ་ལས། དབུལ་སྐྱོར་འཁོར་ཁང་། ཁྱིམ་ཚང་བཟོ་ཁང་བཅས་ཟུང་དུ་འབྲེལ་བ”བཅས་ཕྱོགས་ལྔ་མཉམ་འདྲེས་ཀྱི་བྱེད་སྟངས་རིམ་བཞིན་དོན་འཁྱོལ་བྱེད་བཞིན་ཡོད་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་དབུལ་སྐྱོར་འཁོར་ཁང3དང་མི་རིགས་ལག་ཤེས་བཟོ་རྩལ་དབུལ་སྐྱོར་འཁོར་ཁང19སྐྲུན་བཞིན་ཡོད་པ་རེད།

    ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱས་ནས་རི་སྔོན་ཆུ་དྭངས་ཀྱིས་འགྲུལ་པའི་ཡིད་དབང་འགུགས།

    དཔྱིད་སྟོད་ཀྱི་ཉིན་ཞིག་ལ། ཕྱོགས་བཞིར་སྤང་རིས་བསྐོར་བའི་ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་དུ་དཔྱིད་ཆར་སིམ་སིམ་བབས་བཞིན་འདུག གྲལ་སྟར་འགྲིག་པའི་བོད་ཁང་དཀར་པོའི་བར་ན་གཙང་ཞིང་སྙོམས་པའི་ཨར་འདམ་ལམ་དུད་ཚང་སོ་སོའི་སྒོ་ཁར་བསྲེངས་པའི་རྣམ་པ་དེ་སྨྱུག་འཛིན་པའི་མིག་ལམ་དུ་མངོན་བྱུང་། མིག་མདུན་དུ་མངོན་པའི་ཕྲེང་སྟོད་གྲོང་རྡལ་ནི་དེང་སང་སྐྲུན་བཞིན་པའི་ཕྱག་ཕྲེང་རྫོང་དེང་རབས་ཞིང་ལས་ཤིང་ཏོག་ཐོན་ལས་གླིང་ཁུལ་གྱི་གནས་ཡུལ་ཡིན་ཞིང་། དེ་གར་མཚོ་འཕགས་སྨི3100ཡོད་པ་དང་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་ཡུལ་སྐོར་གླིང་ཁུལ་གྱི་དཀྱིལ་རྒྱུད་དུ་ཆགས་ཡོད་པ་རེད། ཉི་འོད་ཕོག་པའི་ཆ་རྐྱེན་ལེགས་པ་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ། ཡུལ་ལྗོངས་མཛེས་པ། སྔོན་ཆད་དེ་གར་སྡོད་པའི་གྲོང་མིས་ཞོག་ཁོག་དང་མ་རྨོས་ལོ་ཏོག ནས་སོགས་འདེབས་འཛུགས་བྱེད་ཀྱིན་ཡོད། དེའི་ཁར་བོད་བྱ་ཁ་ཤས་དང་ལུག་འགའ་ཤས། ཀུ་ཤུའི་སྡོང་བོ་འགའ་ལས་མེད་པས་འཚོ་བ་ཅུང་སྡུག་མོ་ཡིན་པ་རེད། 2007ལོར་ཕྱག་ཕྲེང་རྫོང་གིས་མ་དངུལ་སྒོར་ཁྲི3000ཙམ་བཏང་ནས་ཕྲེང་སྟོད་གྲོང་རྡལ་དུ་ཞིང་ལས་ཐོན་ལས་དཔེ་སྟོན་གླིང་ཁུལ་གྱི་ཆུ་བེད་ལས་གྲྭ་ལག་བསྟར་བྱས་ཏེ་ཆུ་འདྲེན་ལྕགས་མདོང་སྟོང་སྨི18.6སྒྲིག་སྦྱོར་བྱས་པ་དང་། མཚོ་འཕགས་སྨི4420ཡོད་པའི་འཁྱག་ཆུ་མཚེའུ་ཡི་ཆུ་འབུར་ལུང་གོང་གྲོང་སྡེ་ལ་འདྲེན་མཐར། དེའི་སྐབས་ཀྱི་སྲིད་འཛིན་གྲོང་སྡེ9ཡི་དུད་ཚང351གི་མི2360དང་རི་རྒོད་ཀྱི་ས་ཞིང་མུའུ10000ཡི་ཞིང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་བྱས་པ་རེད།

     ཕྱག་ཕྲེང་རྫོང་ཨུའི་ཧྲུའུ་ཅི་ཚའོ་ཅན་ཁུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི“10+2”ཀྱི་དེང་རབས་ཞིང་ལས་ཐོན་ལས་མ་ལག་གི་སྒྲོམ་གཞི་གཞིར་བཟུང་ནས་ཉེ་བའི་ལོ་ཤས་རིང་། ཕྱག་ཕྲེང་རྫོང་གིས་ནུས་ཤུགས་ཡོད་རྒུས“ལྷོ་འདེབས་བྱང་གསོའི”ཐོན་ལས་བཀོད་སྒྲིག་ལ་སྐུལ་འདེད་བཏང་སྟེ། མུའུ་ཁྲི2.5ཡི་ནང་ཁྱད་ཆོས་ཀྱི་ཤིང་ཏོག་འདེབས་འཛུགས་བྱ་རྒྱུའི་འཆར་འགོད་བྱས་པ་དེའི་ནང་ལྟེ་གནས་གླིང་ཁུལ་མུའུ་ཁྲི1ཡོད་པ་རེད། གཙོ་བོ་ཀུ་ཤུ་དང་རྒུན་འབྲུམ། སེའུ་མངར་མོ། ཁམ་སེར་སོགས་ཤིང་ཏོག་འདེབས་འཛུགས་བྱས་ནས་མཐའ་སྐོར་གྱི་མུའུ་ཁྲི1.5འདེབས་འཛུགས་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ་རྫོང་ཡོངས་ཀྱི་ཡུལ་གྲོང8དང་སྲིད་འཛིན་གྲོང་སྡེ67ལ་ཁྱབ་ཡོད་པ་རེད།

དེ་ལས་ཀྱང་གལ་ཆེ་བར“རྟེན་གཞི་སྟོབས་ཆེར་གཏོང་བ་དང་ལས་སྣོན་ལ་དམ་འཛིན། སྤུས་རྟགས་གཏོད་པ། ཚོང་གཉེར་ལ་སྐུལ་འདེད་གཏོང་བ”བཅས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་ནས་རྫོང་དེས་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གདན་དྲངས་ནས་འཆར་འགོད་བཟོ་བ་དང་། ཞིང་ཆེན་ཡོངས་ཀྱི་སྐར་བཞིའི་དེང་རབས་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་གྱི་ཚད་གཞི་དང་དཔྱད་བསྡུར་བྱས་ཤིང་། གླིང་ཁུལ་གྱི་ལས་སྣོན་དང་འཁྱགས་ཕྲེང་ཟོག་འགྲེམས། གློག་རྡུལ་ཚོང་དོན་སོགས་ཀྱི་སྒྲིག་བཀོད་ལེ་ལག་ཚང་བ་འཛུགས་སྐྱོང་བྱས་ནས“འདེབས་གསོ་ལས་རིགས—ལས་སྣོན་ལས་རིགས—བྲིན་ཚོང་ལས་རིགས”བཅས་རྒྱུན་མཐུད་དུ་འཕེལ་རྒྱས་ཡོང་བ་བྱས། ད་དུང“ལྡུམ་རའི་མཛེས་ལྗོངས་གཞི་གཅིག་ཏུ་འགྱུར་བ་དང་ཐོན་ལས་གསུམ་པ་མཉམ་འདྲེས། འདེབས་གསོ་འཁོར་རྒྱུག”བཅས་ཀྱི་གྲོང་སྡེའི་ཡུལ་སྐོར་སྤྲོ་གསེང་ཁང་གཏོད་རྒྱུ་བྱས་ནས“གླིང་ཁུལ་མཛེས་ལྗོངས་ཁུལ་དུ་བསྒྱུར་བ་དང་།ཞིང་ར་གླིང་ག་ལ་བསྒྱུར་བ”མངོན་འགྱུར་ཡོང་བར་བྱས་ཏེ2021ལོར་བསླེབ་སྐབས་ཁུལ་ཡོངས་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་རྩེ་གྲ་ཅན་སྐྲུན་ཐུབ་པར་བརྩོན་ལེན་བྱས་དང་བྱེད་བཞིན་ཡོད་པ་རེད།

    ཕྱག་ཕྲེང་རྫོང་ཞིང་འབྲོག་གྲོང་སྡེ་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་ཀའོ་མའོ་ཡུན་གྱིས་ན་ནིང་ལོར་ཀུ་ཤུའི་སྡོང་རྐང་ཁྲི་བཅུ་ཕྲག་ཁ་ཤས་དང་སེའུ་དམར་ཆེན་གྱི་སྡོང་བོ་ཆེན་པོར་གྱུར་ནས་ནགས་ཚལ་ཆགས། ཤིང་འབྲས་ར་བར་ཐོག་མར་འབྲས་བུ་བཏགས་ནས་ཐོན་ཚད་རྒྱ་མ་ཁྲི30ཙམ་ལ་ཐོན་སྐྱེད་རིན་ཐང་སྒོར་ཁྲི70ལྷག་ཙམ་ཟིན་གྱི་ཡོད། སྐབས་དེར་སྔོན་དཔག་བྱས་ན་ཐོན་ཚད་འཕར་ནས་མུའུ་རེའི་ཚོང་ཟོག་རྒྱ་མ8000ཙམ་ལ་ཟིན་པ་དང་། 2025ལོར་སྔོན་དཔག་བྱས་ན་ཀུ་ཤུའི་ཐོན་ཚད་ཏུན་ཁྲི2.8དང་ཤིང་ཏོག་གཞན་དག་ཏུན་ཁྲི0.2ལ་ཟིན་རྒྱུ་རེད། ལྟེ་གནས་གླིང་ཁུལ་གྱི་ཐོན་ཚད་ཏུན་ཁྲི1.8ལ་ཟིན་པ་དང་སྔོན་དཔག་ལྟར་ན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར9.1ལ་ཟིན་རྒྱུ་རེད་ཅེས་བཤད་པ་རེད།

ཕྱག་ཕྲེང་རྫོང་རིག་གནས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་སྒྲུབ་ཀྱིས་ཞིང་པའི་ཡུལ་སྐོར་མཉམ་འདྲེས་ཀྱི་ཐད་ནས་བཤད་ན། ང་ཚོས་ཞིང་ལས་ཉམས་ལེན་ས་ཚུགས་དང་། སྤྲོ་གསེང་ཞིང་ལས། ལས་སྣོན་གླིང་ཁུལ་གྱི་ཚན་རྩལ་ཉམས་ལེན་རྣམ་པའི་ཡུལ་སྐོར་ས་ཚུགས་སོགས་བཏོད་དེ་ཡུལ་སྐོར་བས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ལོངས་སུ་སྤྱོད་ཐུབ་པ་དང་ཆབས་ཅིག ནགས་ཁྲོད་དུ་སྔོ་ཚལ་འདེབས་པ་དང་མེ་ཏོག་རྨོ་བ། བོད་ཕག་གསོ་ཚགས་བྱེད་པ་བཅས་ཉམས་ལེན་བྱས་ཡོད། དེ་བཞིན་ཞིང་ཞོར་ཐོན་རྫས་ལས་སྣོན་ཐོན་སྐྱེད་ལ་ལྟ་སྐོར་བྱེད་པ་དང་དེ་སྔའི་ཐོན་ཡུལ་གྱི་ཞིང་ལས་ཁྱད་ཆོས་ཐོན་རྫས་ཉོ་སྒྲུབ་བྱེད་པ་སོགས་བྱེད་འདོད་མང་པོ་ཡོད་ཅེས་བཤད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1