ཧུའུ་ནན་གྱི་བོད་སྐྱོར་གྱིས་བོད་རིགས་མང་ཚོགས་ཀྱི་ཁ་སྦུག་བདེ་ཐང་ལ་རམ་འདེགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-07


    ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། “ད་ནས་བཟུང་ངས་ཤ་སྐམ་པོ་ཟ་ཆོག་པ་མ་ཟད། ད་དུང་གཞོན་བཟོ་དོད་དུ་སོང་བ་ལྟར་འདུག”ཞེས་ལོ་57ལ་སླེབས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཆོས་རྫོང་གྲོང་ཚོའི་མང་ཚོགས་བསྟན་འཛིན་ཆོས་དར་གྱི་སོ་ཚང་མ་སྒར་རྗེས་དགའ་སྤྲོ་ཆེན་པོས་ཤེལ་སྒོ་ལྟ་བཞིན་“ལོ་42ནས་བཟུང་ངའི་སོ་ཚང་མ་བུད་སོང་། དེ་ནས་བཟུང་། ཤ་སྐམ་པོ་ཕར་ཞོག་བ་དམ་ཡང་ཟ་ཐུབ་ཀྱི་མིན་འདུག ཉིན་རེར་རྩམ་པ་ཏོག་ཙམ་ལས་ཟ་གི་མེད། ངས་སེམས་གཏིང་ནས་བོད་སྐྱོར་གཉེན་ཉེ་རྣམས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁོང་ཚོས་ངར་འཚོ་བ་གསར་པ་ཞིག་གནང་བྱུང་།”ཞེས་བརྗོད།
 བསྟན་འཛིན་ཆོས་དར་ནི་ཧུའུ་ནན་སྨན་བཅོས་བོད་སྐྱོར་རུ་ཁག་གིས་ལྷོ་ཁར་སྤེལ་བའི་ཁ་སྦུག་སྨན་བཅོས་བྱེད་སྒོའི་ཁྲོད་ཀྱི་ཕན་པ་ཐོབ་མཁན་ཞིག་རེད། 2019ལོའི་ཟླ་7པར་བོད་དུ་སྐྱོད་རྗེས། ཧུའུ་ནན་སྨན་བཅོས་བོད་སྐྱོར་རུ་ཁག་དང་། ཀྲུང་ནན་སློབ་ཆེན་ཤང་ཡ་ཁ་སྦུག་སྨན་ཁང་(རིག་པ)གི་ཁ་སྦུག་རིགས་གཅིག་མཁས་ཅན་ལི་དབྱི་ཕིང་ལྷོ་ཁ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་དུ་ལས་ཀ་བྱེད་པར་བསྐྱོད་པ་རེད། ལས་ཀའི་ཁྲོད་དུ། ལི་དབྱི་ཕིང་གིས། ཁ་སྦུག་བདག་སྐྱོང་གི་ཤེས་བྱ་མེད་པའི་རྐྱེན་གྱིས། ས་གནས་དེ་གའི་མང་ཚོགས་ལ་སོ་བརྡར་ཟད་ཚབས་ཆེན་བྱུང་བ་སོགས་ཀྱི་གནད་དོན་ཡོངས་ཁྱབ་ཏུ་གནས་ཡོད་པ་དང་། སོ་སྲིན་(འབུ་སོ་)ཕོག་ཡོད་པ་དང་། ལོ་ན་ཉི་ཤུ་ལྷག་ལ་སོན་པའི་ན་གཞོན་ཁ་ཤས་ཀྱིས་སོ་ན་མ་ཐག་སོ་བཀོག་གི་ཡོད་པ། དར་མ་དང་མི་རྒན་པ་ཚོར་སོ་མེད་པའི་གནས་ཚུལ་ཚབས་ཆེན་ཡོད་པ་ཤེས་རྟོགས་བྱུང་ཡོད།   
   ལི་དབྱི་ཕིང་གིས།“བོད་རིགས་མང་ཚོགས་ཀྱིས་ཤ་སྐམ་པོ་ཟ་རྒྱུར་དགའ་བའི་གོམས་གཤིས་ཡོད། ང་ཚོས་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། མང་ཚོགས་ལ་ལས་སོ་ཡག་པོ་མེད་པའི་རྐྱེན་གྱིས་མཐར་གོམས་གཤིས་དེ་དོར་འདུག ཁ་སྦུག་སྨན་པ་ཞིག་ཡིན་པའི་ཆ་ནས་གནས་ཚུལ་དེ་ཐོས་རྗེས་ང་སེམས་སྐྱིད་པོ་མ་བྱུང་། བོད་རིགས་མང་ཚོགས་ལ་རང་ནུས་གང་ལྕོགས་ཀྱིས་བྱ་བ་ཞིག་སྒྲུབ་འདོད་བྱུང་།”དེར་བརྟེན། ལི་དབྱི་ཕིང་གིས་ཕྱོགས་མང་པོའི་ཐད་ནས་མ་དངུལ་དང་། སྒྲིག་ཆས། འབྲེལ་ཡོད་སྨན་བཅོས་རྒྱུ་ཆ་བཅས་གྲབས་གསོག་བྱས་པ་དང་ནང་སའི་རིགས་གཅིག་མཁས་ཅན་དང་འབྲེལ་གཏུག་བྱས་ནས་སོ་ཚབ་བཙུགས་པ་དང་ཉམས་གསོ་བྱེད་མཁན་ཚོགས་པ་བཙུགས་ནས། ས་གནས་དེ་གའི་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་མང་ཚོགས་སོགས་ལ་རིན་པ་མིག་དགོས་པར་སོ་ཚབ་བཙུགས་པ་རེད།
   མིག་སྔའི་བར་བོད་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་འོག། ལི་དབྱི་ཕིང་གིས་ལག་རྩལ་གསར་པ་དང་། རྣམ་གྲངས་གསར་པ། བཅོས་ཐབས་གསར་པ་བཅས་8ཁ་གཏད་རོགས་སྐྱོར་བྱ་ཡུལ་ལྷོ་ཁ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་དུ་དྲངས་ནས་སྨན་ཁང་གི་ཁ་སྦུག་རིགས་ཀྱི་ནད་ལ་དམིགས་པའི་སྤྱི་ཡོངས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་ཡོད། ཁ་སྦུག་གི་ཚན་རིག་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྒྲིག་འཛུགས་དང་། བོད་རྒྱ་ཡིག་རིགས་ཀྱི་ཁ་སྦུག་ཚན་རིག་ཁྱབ་གདལ་བདེ་ཐང་ལག་དེབ་བཟོས་ནས་སློབ་མར་ཁ་སྦུག་འཕྲོད་བསྟེན་གྱི་ཚན་རིག་ཁྱབ་གདལ་ཤེས་བྱ་སྒྲོག་འགྲེལ་བྱས་ཏེ། རིན་པ་མི་དགོས་པའི་ངང་སློབ་ལོ་ལོན་པའི་བྱིས་པ་130ལྷག་ཙམ་ལ་སོ་སྲུང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
    མི་གཅིག་གི་སྟོབས་ཤུགས་ལ་ཚད་ཡོད་པར་གཞིགས་ནས། ལི་དབྱི་ཕིང་གི་སྐུལ་འདེད་འོག་ཧུའུ་ནན་བོད་སྐྱོར་ལས་དོན་རུ་ཁག་གིས་གྲོས་འགོ་བཏོན་པ་རེད་།  དེའི་དམིགས་ཡུལ་ནི་ལྷོ་ཁའི་མང་ཚོགས་ཀྱི་ཁ་སྦུག་བདེ་ཐང་ལ་དམིགས་པའི“ལྷོ་ཁ་གྲོང་ཁྱེར་གྱི་ཁ་སྦུག་ནད་རིགས་འགོག་བཅོས་བོད་སྐྱོར་རྣམ་གྲངས”ཉིན་ཤས་གོང་དངོས་སུ་སྤེལ་འགོ་ཚུགས་པ་རེད། རྣམ་གྲངས་དེ་ཀྲུང་ནན་སློབ་ཆེན་ཤང་ཡ་སྨན་ཁང་གིས་ཞིབ་ཕྲའི་འབྲེལ་མཐུད་བྱས་པ་དང་། དཔེ་འདེམས་བརྟག་དཔྱད་དང་རིན་མེད་སྨན་བཅོས་སོགས་ཕྱོགས་བདུན་ཐད་ནས་ས་གནས་དེ་གའི་ཁ་སྦུག་ནད་རིགས་འགོག་བཅོས་ཀྱི་དཀའ་གནད་སེལ་རོགས་བྱ་རྒྱུ་རེད།
    “བོད་སྐྱོར་ལས་དོན་རུ་ཁག་གི་མཛུབ་ཁྲིད་དང་རྒྱབ་ཕྱོགས་མངགས་གཏོང་ཚན་པའི་རྒྱབ་སྐྱོར་ཤུགས་ཆེན་ཡོད་པས། རྣམ་གྲངས་དེ་ལག་བསྟར་བྱས་པ་ལས་ཡུལ་དེ་གའི་མང་ཚོགས་ལ་སྔར་ལས་མང་བ་དང་སྔར་བས་སྤུས་ལེགས་ཀྱི་ཁ་སྦུག་ནད་རིགས་སྨན་བཅོས་ཞབས་ཞུ་མཁོ་འདོན་ཐུབ་པའི་ཡིད་ཆེས་ཡོད་ཅེས་ལི་དབྱི་ཕིང་གིས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1